__གུང་ཧོ་རྫོང་སྤྱི་བདེ་ཅུས་ཀྱིས་དུག་འདེབས་བཀག་འགོག་དང་དུག་འཇོམས་ཀྱི་ཆེད་དོན་སྐོར་ཞིབ་བྱ་འགུལ་སྤེལ་བའི་གནས་ཚུལ།
དུག་འདེབས་བཀག་འགོག་དང་དུག་འཇོམས་བྱ་བ་ལེགས་པོ་སྤེལ་བར་སྐུལ་འདེད་གཏོང་བ་དང་། ཁྲིམས་འགལ་སྒོས་དུག་འདེབས་ཀྱི་ཁྲིམས་འགལ་ཉེས་བསགས་བྱ་སྤྱོད་ནུས་ལྡན་སྒོས་བཀག་སྡོམ་བྱེད་པ། ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་དུག་འགོག་དང་དུག་འདེབས་བཀག་འགོག་གི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་བཅས་ཀྱི་ཆེད་དུ། གུང་ཧོ་རྫོང་སྤྱི་བདེ་ཅུས་ཀྱིས་ཞིང་ལས་ལ་བྲེལ་བའི་དུས་སྐབས་གཙོ་བོ་དམ་འཛིན་བྱས་ནས། ཞིང་ཁ་དང་སྡེ་བའི་ཚོང་ར་སོགས་སུ་སོང་སྟེ་ཕྱོགས་ཡོངས་དང་རྣམ་པ་མང་བའི་སྒོ་ནས་དུག་འགོག་དྲིལ་སྒྲོག་གི་བྱ་འགུལ་སྤེལ། དེ་མིན་མི་མེད་གནམ་གྲུས་སྐོར་ཞིབ་དང་གཞི་གྲངས་མཐུན་སྦྱོར་བྱས་ཏེ། “མཁའ་དབྱིངས་དང་ས་ངོས་གཞི་གཅིག”ཏུ་དུག་འགོག་དྲ་རྒྱ་བཟོས་ནས་ཁོངས་གཏོགས་ཁུལ་གྱི་ལྗང་མདོག་དག་ཞིང་ལ་ནུས་ཤུགས་ཡོད་རྒུས་ལྟ་སྲུང་བྱས།
གུང་ཧོ་རྫོང་སྤྱི་བདེ་ཅུས་དུག་འགོག་རུ་ཆེན་གྱིས་ཚན་རྩལ་ཆ་འཕྲིན་ཁང་དང་མཉམ་འབྲེལ་བྱས་ཏེ། ཟླ4པའི་ཚེས17ཉིན་ནས་ཚེས21ཉིན་བར། དུག་འདེབས་བཀག་འགོག་དང་དུག་འཇོམས་ཀྱི་ཆེད་དོན་བྱ་འགུལ་སྤེལ། སྔོན་ལ་རི་ཞིང་དང་གཞི་རྙིང་སོགས་འདེབས་འཛུགས་སླ་བའི་གནས་ལ་དམིགས་ཏེ་ཇུས་གཞི་གཏན་འབེབས་བྱས་ཤིང་གསལ་མཐོའི་མི་མེད་གནམ་གྲུའི་བརྙན་མིག་བཀོལ་ནས། “མཁའ་དབྱིངས+ས་ངོས”ཀྱི་ལངས་གཟུགས་སྐོར་ཞིབ་གྱི་དྲ་རྒྱ་བཙུགས། འགུལ་སྐྱོད་ཁྲོད། མི་མེད་གནམ་གྲུས“གནས་གཏན་འཁེལ་ནས་བརྙན་ལེན་པ+དམའ་སར་འཕུར་བསྐྱོད་ཀྱི་ཞིབ་བཤེར”གྱི་རྣམ་པས་གཙོ་གནད་གནས་ལ་གྲལ་བཤེར་དང་དུག་འགོག་ཉེན་རྟོག་པས་ས་ངོས་ནས་ཞིབ་བཤེར་བྱེད་པ་དང་། མི་མེད་གནམ་གྲུས་ཞིབ་བཤེར་བྱེད་པའི་ཁྲོད་དོགས་གཞི་ཡོད་པའི་གནས་སུ་གནད་འཁེལ་ཞིབ་བཤེར་བྱས་པར་མ་ཟད། མཐའ་འཁོར་གྱི་མང་ཚོགས་ལ་དུག་འགོག་བཅའ་ཁྲིམས་ཁྱབ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ། ཐེངས་འདིའི་བྱ་འགུལ་ལ་བསྡོམས་པས་མི་མེད་གནམ་གྲུ10ཡིས་སྤྱི་ལེ་གྲུ་བཞི་མ15ལ་སྐོར་ཞིབ་བྱས་པ་དང་གཙོ་གནད་ས་ཁོངས10ལ་གྲལ་བཤེར་བྱས། དེ་མིན་དྲིལ་བསྒྲགས་རྒྱུ་ཆ200ལྷག་བྱིན་ནས“ཚན་རྩལ་རོགས་འདེགས་དང་ཁྱབ་ཁོངས་ཡོངས་ཁྱབ”ཀྱི་སྔོན་དཔག་དམིགས་འབེན་ཐོག་མར་མངོན་འགྱུར་བྱུང་།
ཆོས་རྗེ་སྤྱི་བདེ་མངགས་གཏོང་ཁང་གིས་དུག་འགོག་དང་བླངས་པ་དང་ཞང་གྲོང་ལས་བྱེད་པ་ལས་གྲུབ་པའི་དྲིལ་སྒྲོག་རུ་ཆུང་རྩ་འཛུགས་བྱས་ཏེ། ཞིང་ཁར་སོང་ནས་ཞིང་ལས་ངལ་གསོའི་བར་གསེང་དུ་ལག་དེབ་བྱིན་པ་དང་། དུག་རྫས་ཀྱི་གནོད་འཚེ་དང་དུག་འདེབས་ཀྱི་ཁྲིམས་འགལ་མཇུག་འབྲས་ལ་འགྲེལ་བཤད་གསལ་པོ་བྱས། གྲོང་གསེབ་ཀྱི་ཚོང་རར་བློ་འདྲིའི་སྟེགས་བུ་བཙུགས་པ་དང་འཕྲེད་འགེལ་སྦྱར་ཡིག་བཀལ་བ། འགྲེམས་པང་འཇོག་པ། སྒྲ་དང་བརྙན་གཏོང་བ་དང་དྲིས་ལན་བཏབ་པར་བྱ་དགའ་སྟེར་བ་སོགས་ཀྱི་རྣམ་པའི་ཐོག་ནས་མང་ཚོགས་བྱ་འགུལ་ཁྲོད་ཞུགས་སུ་བཅུག གཞིས་སྲུང་རྒན་རྒོན་དང་བུད་མེད། ན་གཞོན་ལོ་ཆུང་སོགས་གཙོ་གནད་མི་ཚོགས་ལ་དམིགས་ཏེ། “གཅིག་ལ་གཅིག་གཏད”སྒོས་ཁྱིམ་ཚང་དུ་སོང་སྟེ་དྲིལ་སྒྲོག་བྱ་འགུལ་སྤེལ་ནས། རང་ཉིད་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཇེ་དྲག་ཏུ་བཏང་བ་དང་། དུག་དང་འབྲེལ་བའི་བྱ་སྤྱོད་མཐོང་ཚེ་ཐེར་འདོན་བྱེད་པར་སྐུལ་མ་བཏང་། ཐེངས་འདིའི་བྱ་འགུལ་ལས་རིམ་བསགས་ཀྱིས་དུག་འགོག་དྲིལ་བསྒྲགས་རྒྱུ་ཆ200ལྷག་བྱིན་པ་དང་མང་ཚོགས་ཀྱི་བློ་འདྲི་མི་ཐེངས50ལྷག་དང་ལེན་བྱས། སློབ་གསོ་ཐོབ་པའི་མང་ཚོགས300ལྷག་ལ་སླེབས། །