མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ8ཀྱི་མི་གྲངས་སྡོམ་རྩིས་ཀྱི་ཨང་རིམ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ལྷ་དཔལ་རྒྱལ།

གསར་འགོད་པས་ཞིང་ཆེན་སྡོམ་རྩིས་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། 2024ལོའི་ལོ་མཇུག་ལ་ཟི་ལིང་གྲོང་ཁྱེར་གྱི་གཏན་སྡོད་མི་གྲངས་ནི་ཁྲི247.69ཡིན་ལ། དེའི་ཞིང་ཆེན་ཡོངས་ཀྱི་གཏན་སྡོད་མི་གྲངས་ཀྱི41.77%ཟིན་ཡོད། དེའི་ཁྲོད་མཁར་གྲོང་གཏན་སྡོད་མི་གྲངས་ཁྲི200.11ཡིན་པས། 2023ལོའི་ལོ་མཇུག་གི་སྡོམ་གྲངས་ལས་མི་གྲངས་ཁྲི0.21འཕར་ཡོད། མཁར་གྲོང་ཅན་གྱི་གཏན་སྡོད་མི་གྲངས་ཀྱི་ཚད་གཞི་ནི80.79%ཡིན་པས། 2023ལོའི་ལོ་མཇུག་གི་སྡོམ་རྩིས་ཁ་གྲངས་ལས་བརྒྱ་ཆའི0.22ཇེ་མཐོར་སོང་ཡོད།

2024ལོའི་མི་གྲངས་འགྱུར་ལྡོག་གི་གནས་ཚུལ་ལ་རྟོག་ཞིབ་ལས་མངོན་པ་ལྟར་ན། 2024ལོའི་ལོ་མཇུག་ལ་མཚོ་སྔོན་ཞིང་ཆེན་གྱི་གཏན་སྡོད་མི་གྲངས་ཀྱི་གྲངས་འབོར་ནི་ཁྲི593ཡིན་ལ། དེའི་ཁྲོད་མཁར་གྲོང་ཅན་ཏུ་འགྱུར་བའི་གཏན་སྡོད་མི་གྲངས་ཀྱི་གྲངས་འབོར་ནི་ཁྲི379ཡིན་ཞིང་། ལོ་སྔོན་མའི་ལོ་མཇུག་ལས་མི་གྲངས་ཁྲི6འཕར་ཡོད། མཁར་གྲོང་ཅན་གྱི་གཏན་སྡོད་མི་གྲངས་ཀྱི་ཚད་གཞི་ནི63.86%ཡིན་ལ། ལོ་སྔོན་མའི་ལོ་མཇུག་ལས་བརྒྱ་ཆའི1.06གིས་ཇེ་མང་དུ་སོང་ཡོད།

གྲོང་ཁྱེར་དང་ཁུལ་སོ་སོའི་གཏན་སྡོད་མི་གྲངས་ཀྱི་སྤྱིའི་གྲངས་འབོར་ལ་བལྟས་ན། 2024ལོའི་ལོ་མཇུག་ལ་ཟི་ལིང་གྲོང་ཁྱེར་གྱི་གཏན་སྡོད་མི་གྲངས་ཀྱི་གྲངས་འབོར་ནི་ཁྲི247.69ཡིན་ལ། དེས་ཞིང་ཆེན་ཡོངས་ཀྱི་གཏན་སྡོད་མི་གྲངས་ཀྱི41.77%ཟིན། མཚོ་ཤར་གྲོང་ཁྱེར་གྱི་མི་གྲངས་ནི་ཁྲི132.86དང་དེས22.40%ཟིན་ཡོད། མཚོ་ནུབ་ཁུལ་གྱི་མི་གྲངས་ནི་ཁྲི47.31དང་དེས་ཟིན་ཚད་ནི7.98%ཡིན། མཚོ་ལྷོ་ཁུལ་གྱི་མི་གྲངས་ནི་ཁྲི45.11དང་དེས་སྤྱིའི་གྲངས་འབོར་གྱི7.61%ཟིན། ཡུལ་ཤུལ་ཁུལ་གྱི་མི་གྲངས་ནི་ཁྲི43.43ཡིན་ལ། དེས7.32%ཟིན། རྨ་ལྷོ་ཁུལ་གྱི་མི་གྲངས་ནི་ཁྲི28.22ཡིན་ལ། དེས4.76%ཟིན། མཚོ་བྱང་ཁུལ་གྱི་མི་གྲངས་ཁྲི26.10གིས་སྤྱིའི་གྲངས་འབོར་གྱི4.40%ཟིན། མགོ་ལོག་ཁུལ་གྱི་མི་གྲངས་ནི་ཁྲི22.28ཡིན་ལ། དེས3.76%ཟིན་ཡོད།

གྲོང་ཁྱེར་དང་ཁུལ་གྱི་མཁར་གྲོང་ཅན་དུ་འགྱུར་བའི་ཚད་ལ་བལྟས་ན། 2024ལོའི་ལོ་མཇུག་ལ་མཁར་གྲོང་ཅན་ལ་འགྱུར་བའི་གཏན་སྡོད་མི་གྲངས་ཀྱི་ཚད་གཞི་དེ་མང་བ་ནས་ཉུང་བའི་གོ་རིམ་ནི་གཤམ་གསལ་ལྟར། ཟི་ལིང་གྲོང་ཁྱེར་ནི80.79%དང་མཚོ་ནུབ་ཁུལ་ནི79.90%  ཡུལ་ཤུལ་ཁུལ་ནི54.29% མཚོ་བྱང་ཁུལ་ནི49.85% མཚོ་ལྷོ་ཁུལ་ནི46.86%དང་མཚོ་ཤར་ཁུལ་ནི46.52%  རྨ་ལྷོ་ཁུལ་ནི45.96% མགོ་ལོག་ཁུལ་ནི38.55%བཅས་ཡིན། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།