མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གྱིས་དུས་བདེ་འཛུགས་སྐྱོང་གཏིང་ཟབ་ཏུ་བཏང་ནས་བརྟན་ལྷིང་གི་རྨང་གཞི་བརྟན་དུ་བཏང་སྟེ་ཞི་མཐུན་བརྟན་ལྷིང་གི་ཁོར་ཡུག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲུང་སྐྱོང་བྱས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མཚོ་སྔོན་ཞིང་ཆེན་གྱི་ཤར་རྒྱུད་དུ་གནས་པ་དང་མཚོ་སྔོན་པོའི་ལྷོ་རྒྱུད་དུ་གནས་པས་མིང་དེ་ལྟར་ཐོགས་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་3200ཟིན་པ་དང་ཁོངས་གཏོགས་སུ་གསེར་ཆེན་དང་།ཁྲི་ཀ །མང་རྫོང་།འབའ་རྫོང་།བྲག་དཀར་བཅས་རྫོང་5ཡོད།

ཉེ་བའི་ལོ་ཤས་རིང་།མཚོ་ལྷོ་ཁུལ་གྱིས“སྣོད་བཅུད་ལ་བརྟེན་ནས་ཁུལ་འཛུགས་སྐྱོང་དང་།ནུས་རྒྱུ་གཙང་མའི་ཁུལ་སྟོབས་ཆེར་གཏོང་བ།ཞིང་འབྲོག་ལས་ལ་བརྟེན་ནས་ཁུལ་བརྟན་པོ་ཡོང་བ་བྱེད་པའི”འཕེལ་རྒྱས་འཐབ་ཇུས་གཏན་འཁེལ་བྱས་པས་སྲོལ་རྒྱུན་གྱི་ཞིང་འབྲོག་ལས་ནས་ནུས་རྒྱུ་གཙང་མ་མཚོན་བྱེད་དུ་བྱེད་པའི་ལྗང་མདོག་གསར་དར་ཐོན་ལས་སུ་ཕྱོགས་སྒྱུར་གལ་ཆེན་བྱུང་ཡོད།2024ལོར་མཚོ་ལྷོ་ཁུལ་གྱིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་234.65ལེགས་གྲུབ་བྱུང་ནས་འཕར་ཚད་5.99%ཟིན་ནས་ཞིང་ཆེན་དེ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་།གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་217.29བཏང་བ་དེ་10.44%འཕར་ནས་ཞིང་ཆེན་ཡོངས་ཀྱི་ཨང་གསུམ་པར་སླེབས་པ།ཚད་ལོན་ཡན་གྱི་བཟོ་ལས་འཕར་ཐང་བརྒྱ་ཆའི་14.99%འཕར་ནས་ཞིང་ཆེན་ཡོངས་ཀྱི་ཨང་གསུམ་པར་སླེབས་ཡོད།

དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གོང་གསལ་གྱི་གྲུབ་འབྲས་ཐོབ་པ་དེ་སྲིད་ཁྲིམས་ལས་དོན་གྱི་འགན་ལེན་བརྟན་པོ་དང་ཁ་འབྲལ་ཐབས་མེད།2024ལོར་མཚོ་ལྷོ་ཁུལ་སྲིད་ཁྲིམས་ཁོངས་གཏོགས་ཀྱིས་ཏང་གིས་སྲིད་ཁྲིམས་ལས་དོན་ལ་འགོ་ཁྲིད་གཙང་བཙན་བྱེད་ཟབ་ཏུ་བཏང་ནས་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་མཚོ་ལྷོ་ཁུལ་དང་ཁྲིམས་སྐྱོང་མཚོ་ལྷོ་ཁུལ་བསྐྲུན་རྒྱུ་དེ་སྤྱིའི་དམིགས་ཚད་དུ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཉེན་ཁ་སྔོན་འགོག་དང་།བདེ་འཇགས་འགན་ལེན།བརྟན་ལྷིང་སྲུང་སྐྱོང་བཅས་བྱས་པས་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་ལ་བློ་ཡིད་ཚིམ་ཚད་སྐར་མ་98.24ཟིན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བདེ་འཇགས་དང་ཞི་མཐུན་བརྟན་བརླིང་གི་ཁོར་ཡུག་ཅིག་བསྐྲུན་དགོས།

ཐབས་མང་མཉམ་སྤྱོད་ཀྱིས་དུས་བདེ་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ།

2024ལོར་མཚོ་ལྷོ་ཁུལ་གྱི་ཉེས་དོན་གྱོད་གཞི་རྩད་ཆོད་ཚད་དུས་མཚུངས་ལས་19.8%འཕར་བ་དང་།བདེ་འཇགས་གྱོད་གཞི་བདག་སྤྲོད་བྱས་གྲངས་དུས་མཚུངས་ལས་17.77%ཆག་པ་དང་ཞིབ་བཤེར་ཐག་གཅོད་བྱེད་ཚད་དུས་མཚུངས་ལས་11.25%འཕར་བ།གློག་འཕྲིན་ཁ་བསླུས་གྱོད་གཞི་ཐོ་འགོད་བྱས་གྲངས་དུས་མཚུངས་ལས་27.8%ཆག་པ་དང་།ཉེས་གསོག་དོགས་ཅན་124བཟུང་བ།གྱོད་གཞི་1868སྤྲོད་མཚམས་འཇོག་པ།གནོད་འཚེ་ཕོག་མཁན་ལ་མགོ་སྐོར་བཏང་བའི་མ་དངུལ་སྒོར་ཁྲི་105.6ཕྱིར་སློག་བྱས་པ།མྱུལ་ཞིབ་ཐག་གཅོད་བྱས་པའི“1·04”ཆེད་དོན་གྱོད་གཞི་ནི་2024ལོའི་མཚོ་སྔོན་ཞིང་ཆེན་གྱི་དྲ་རྒྱའི་རྒྱན་འགྱེད་ཚོགས་པའི་གཡུལ་འགྱེད་ཐོག་མ་དེ་ཡིན་པ་དང་།“7·02ཐོན་རྫས་སྤུས་ཞན་ཐོན་སྐྱེད་དང་ཕྱིར་ཚོང་བྱས་པའི་གྱོད་གཞི”ནི་2024ལོའི་མཚོ་སྔོན་ཞིང་ཆེན་གྱིས་ཐོན་རྫས་སྤུས་ཞན་ཐོན་སྐྱེད་དང་ཕྱིར་ཚོང་བྱས་པའི་གྱོད་གཞི་ཐོག་མ་དེ་ཡིན་པ་རེད།

ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་གྲངས་གཞི་དེ་ནི་མཚོ་ལྷོ་ཁུལ་གྱིས་དུས་བདེ་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་རེད།ཁུལ་དེས་ཐོག་མཐའ་བར་གསུམ་དུ་དུས་བདེ་འཛུགས་སྐྱོང་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ལ་བརྩིས་ནས་དམ་འཛིན་ཏན་ཏིག་བྱས་ཏེ་འཕྲལ་མར་བཀོད་སྒྲིག་བྱས་པའི་རྨང་གཞིའི་ཐོག་2023ལོའི་དུས་བདེ་འཛུགས་སྐྱོང་གི་གྲུབ་འབྲས་སྔོན་ལ་བརྟེན་པའི་ས་ཁུལ་དང་ཚན་པར་བརྡ་ཁྱབ་བཏང་ནས་གཟེངས་བསྟོད་བྱས་པ་དང་།གྲུབ་འབྲས་རྗེས་ལ་བརྟེན་པའི་བརྡ་ཁྱབ་སྐྱོན་བརྗོད་བྱས་པ་མ་ཟད།ལོ་འཁོར་གྱི་དམིགས་ཚད་འགན་འཁྲིའི་དཔྱད་ཞིབ་དང་ཕུལ་བྱུང་དཔྱད་འདེམས་ཀྱི་ཐོབ་ཐང་མེད་པ་བཟོས་ནས་ལྡོག་སྐུལ་ལས་ཀའི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཡོད།འབྲེལ་ཡོད་ཡིག་ཆ་བཟོས་ནས་གཤམ་སྤེལ་བྱས་པ་དང་དཔྱད་ཞིབ་དམིགས་ཚད་ཞིབ་ཕྲ་བཟོས་ནས་དུས་བདེའི་མཚོ་ལྷོ་ཁུལ་འཛུགས་སྐྲུན་གྱི་ལས་འགན་སྔར་བས་ཁ་གསལ་བཟོས་ཏེ་ལས་ཀའི་འགན་འཁྲི་ནན་དུ་བཏང་བ་རེད།

དཔྱད་ཞིབ་མ་ལག་གི་ནུས་པ་འདོན་སྤེལ་གང་ལེགས་བྱ་ཆེད།མཚོ་ལྷོ་ཁུལ་གྱིས་ཕན་འབྲས་ཞིབ་བཤེར་བྱ་རྒྱུ་རྩ་བའི་ནང་དོན་གཙོ་བོར་བྱས་ཏེ་དཔྱད་ཞིབ་གྲུབ་འབྲས་སྒྲིག་བཤེར་ལྟ་ཞིབ་དང་རྩ་འཛུགས་དཔྱད་ཞིབ་སྡེ་ཚན་ལ་བཤུས་འབུལ་བྱས་ནས་དུས་བཀག་ལྟར་ཡིག་བསྐུར་ངོ་བཅར་གྱི་དོན་གནད་ཐག་གཅོད་མ་བྱས་པའི་ཚན་པར་ཁུལ་དེ་ཡོངས་ཀྱི་ཁྱབ་ཁོངས་སུ་བརྡ་ཁྱབ་བཏང་བ་རེད།ཁུལ་ཨུད་ཀྱི་འགོ་ཁྲིད་གཙོ་བོས་སྣེ་ཁྲིད་དེ་རྫོང་ཁག་ཏུ་ཐེངས་མང་བསྐྱོད་དེ་དུས་བདེ་འཛུགས་སྐྱོང་ལས་དོན་ལ་ས་གནས་ས་ཐོག་ཏུ་བརྟག་ཞིབ་དང་ས་གནས་ས་ཐོག་ཏུ་ལྟ་སྐུལ་མཛུབ་ཁྲིད་བྱས་ཏེ་རྫོང་ཁག་གི་ཏང་སྲིད་ཀྱི་འགན་འཁུར་བ་གཙོ་བོ་དང་དེ་བཞིན་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་ལས་བགོས་འགན་གཉེར་བྱེད་མཁན་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་སྐོང་འདྲི་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།ཁུལ་དང་རྫོང་རིམ་པ་གཉིས་ཀྱིས་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་མངགས་ནས་ལྟ་སྐུལ་མཛུབ་ཁྲིད་ལས་དོན་སྤེལ་ཏེ་ཁུལ་དང་།རྫོང་།ཤང་བཅས་ལ་ལྟ་སྐུལ་མཛུབ་ཁྲིད་ཁྱོན་ཡོངས་ལ་ཁྱབ་པ་བྱས་ནས་གཙོ་གནད་ལས་དོན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་བ་རེད།

མཚོ་ལྷོ་ཁུལ་ཨུད་དུས་བདེ་གཞུང་དོན་ཁང་གིས་ཆེད་དོན་དཔྱད་ཞིབ་ཚོགས་ཆུང་བཙུགས་ནས་འབའ་རྫོང་དུ་བསྐྱོད་དེ“སྒོ་བྱང་ལེན་པའི”དཔྱད་ཞིབ་རྩིས་ལེན་བྱས་པ་དང་ས་གནས་ས་ཐོག་ཏུ་བཅར་འདྲི་དང་རྗེས་ལུས་ཀྱི་དམིགས་ཚད་ཞིབ་བཤེར་སོགས་ཀྱི་རྣམ་པ་བརྒྱུད“སྒོ་བྱང་ལེན་པའི”ལས་དོན་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་ཡོད།དེ་དང་ཆབས་ཅིག་ལས་ཀའི་གྲུབ་འབྲས་ཆག་པ་དང་དཔྱད་ཞིབ་ཀྱི་མིང་རིམ་རྗེས་ལུས་ཐེབས་པའི་རྫོང་དུས་བདེ་འཛུགས་སྐྲུན་གྱི་རྗེས་ལུས་ས་ཁུལ་དུ་གཏན་འཁེལ་བྱས་པ་དང་ཁུལ་ཨུད་དུས་བདེ་གཞུང་དོན་ཁང་གིས་ཆེད་མངགས་མི་སྣ་དམིགས་འཛུགས་བྱས་ནས་རོགས་སྐྱོར་མཛུབ་ཁྲིད་བྱེད་འགན་འཁུར་རྒྱུ་རེད།

ཉེན་ཁ་དང་མངོན་མེད་རྐྱེན་ངན་ལ་དམ་པོར་དམིགས་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས།

འབའ་རྫོང་གིས་ལོ་56རིང་གི་རྩྭ་རིའི་ས་མཚམས་ཀྱི་རྩོད་གཞི་1དང་སྤྱིར་བཏང་གི་རྩྭ་རིའི་ས་མཚམས་ཀྱི་རྩོད་གཞི་5དང་།ཁྲི་ཀ་རྫོང་གིས་རྩྭ་རིའི་ས་མཚམས་ཀྱི་རྩོད་གཞི་4སེལ་བ།གསེར་ཆེན་རྫོང་གིས་རྩྭ་རིའི་ས་མཚམས་ཀྱི་རྩོད་གཞི་25སེལ་བ།མང་རྫོང་གིས་རྩྭ་རིའི་ས་མཚམས་ཀྱི་རྩོད་གཞི་32སེལ་བ།བྲག་དཀར་རྫོང་གིས་རྩྭ་རིའི་ས་མཚམས་ཀྱི་རྩོད་གཞི་32སེལ་བ་བཅས་བྱས་པ་རེད།

དུས་ཡུན་རིང་བ་དང་།མཐའ་མཚམས་རིང་བ།དབྱེ་བ་མི་གསལ་བ་སོགས་ཀྱི་རྐྱེན་གྱིས་རྒྱ་ཆེ་བའི་འབྲོག་ཁུལ་དུ་རྩྭ་རིའི་ས་མཚམས་ཀྱི་རྩོད་གཞི་ནི་རྒྱུན་དུ་མཐོང་བའི་རྩོད་གཞིའི་རིགས་ཤིག་ཡིན།མཚོ་ལྷོ་ཁུལ་གྱིས་རྩྭ་རིའི་ས་མཚམས་ཀྱི་རྩོད་གཞི་སྔོན་འགོག་དང་སེལ་ཐབས་བྱ་རྒྱུ་དེ་གནས་བབ་གལ་ཆེན་དུ་བཞག་ནས་སེལ་ཤུགས་ཆེ་རུ་བཏང་སྟེ་འབྱུང་རྐྱེན་རྙོག་འཛིང་ཆེ་བ་དང་དུས་ཚོད་ཀྱི་བར་བརྒལ་ཆེ་བའི་རྩྭ་རིའི་ས་མཚམས་ཀྱི་རྩོད་གཞི་འབོར་ཆེན་ཞིག་གྲུབ་འབྲས་ཐོབ་པའི་ངང་བསལ་ཡོད།

མཚོ་ལྷོ་ཁུལ་གྱིས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་དེ་དུས་བདེ་འཛུགས་སྐྱོང་གི་ལྟེ་བའི་ནང་དོན་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་མངོན་མེད་རྐྱེན་ངན་མངོན་གསལ་དོད་རིགས་ལ་དམ་པོར་དམིགས་པ་དང་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་དང་དེ་བཞིན་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་དོན་འཁྱོལ་བྱ་རྒྱུར་མུ་མཐུད་ཤུགས་སྣོན་བརྒྱབ་པ་མ་ཟད།འགལ་ཟླ་དང་རྩོད་གཞི་གྲལ་བཤེར་དང་སེལ་ཤུགས་ཆེ་རུ་བཏང་བས་སྤྱི་ཚོགས་བརྟན་ལྷིང་གི་རྨང་གཞི་སྔར་བས་བརྟན་དུ་ཕྱིན་ཡོད་པ་རེད།

འགལ་ཟླ་དང་རྩོད་གཞི་དུས་ཐོག་ཏུ་སེལ་ཆེད།མཚོ་ལྷོ་ཁུལ་གྱིས“ཡིག་བསྐུར་ངོ་བཅར་གནད་དོན་འབྱུང་རྩ་ནས་བཅོས་སྒྲིག་བྱེད་པའི་ལོ་གསུམ་འགག་སྒྲོལ”དང“ཡིག་བསྐུར་ངོ་བཅར་གཞི་རིམ་གྱི་རྨང་གཞི་འཛུགས་སྐྱོང་གི་ལོ་གསུམ་བྱ་སྤྱོད”སྤེལ་ནས་འགལ་ཟླ་དང་རྩོད་གཞི་གལ་ཆེན་དང་ཡིག་བསྐུར་ངོ་བཅར་གནད་དོན་མངོན་གསལ་དོད་པའི་འགོ་ཁྲིད་ཀྱིས་ཐག་གཅོད་བྱས་པའི་གྱོད་གཞི་དོན་འཁྱོལ་བྱས་པ་དང་།ཁུལ་རིམ་པའི་འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་གཤམ་དུ་ངོ་བཅར་དང་ངོ་བཅར་དང་ལེན་ཐེངས་292བྱ་རྒྱུར་སྐུལ་ཁྲིད་བྱས་པ།ཡིག་བསྐུར་ངོ་བཅར་གྱི་དོན་དག་221འདུམ་འགྲིག་བྱས་པ།ཡིག་བསྐུར་ངོ་བཅར་འགལ་ཟླ་དང་རྩོད་གཞི་གྲལ་བཤེར་ཐེངས་27234བྱས་པ་དང་།འགལ་ཟླ་དང་རྩོད་གཞི་ཁག་188གྲལ་བཤེར་བྱས་ནས་ཤེས་རྟོགས་བྱུང་བ།འགལ་ཟླ་དང་རྩོད་གཞི་ཁག་182སྔོན་འགོག་བྱས་པ།དུས་ཐོག་ཏུ་འདུམ་འགྲིག་ཐག་གཅོད་བྱས་པས་ཐག་གཅོད་བྱེད་ཚད་100%ཟིན་ཡོད།“གྲངས་ཉུང་འགྱངས་ཆད་ཀྱི་གཅིག་སྡུད་ཆད་དངུལ་གཙང་འཇལ་གྱི་ཆེད་དོན་བྱ་སྤྱོད”བཀོད་སྒྲིག་བྱས་ནས་ཞིང་པ་ལས་མི་3661ལ་གླ་ཆ་སྒོར་ཁྲི་4146འདེད་སྤྲོད་བྱས་པ་རེད།

ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་སྔོན་འགོག་དང་བཅོས་སྐྱོང་ཐད་མཚོ་ལྷོ་ཁུལ་གྱིས《གཙོ་གནད་ལས་རིགས་ཀྱིས་ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་འགལ་ཉེས་གསོག་ལ་གནོད་འཚེ་གཏོང་བར་དོགས་ཟོན་དང་བཅོས་སྒྲིག་བྱེད་པའི་ཆེད་དོན་ལས་ཀའི་ཇུས་གཞི》བཟོས་ནས་གཤམ་སྤེལ་བྱས་ཏེ་ན་སོ་དར་ལ་མ་བབས་པའི་མི་སྡོད་པར“ངེས་པར་དུ་ལྔ”ཡི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཡོད།ལོ་ན་མ་སོན་པའི་སྐྱེ་བོའི་མཚན་མོའི་བཙན་གནོད་སྔོན་འགོག་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་།སྐད་གཉིས་ཀྱི་བཙན་ཤེད་སྙན་ཞུ་ཞིབ་འཇུག་གསར་སྤེལ་བྱས་ཏེ།ཐེར་འདོན་བྱེད་ནུས་མཐེབ་གཅིག་བཙུགས་ཡོད།སྟོན་དུས་སློབ་འགོ་ཚུགས་པའི་དུས་ཚིགས་སྤྱད་དེ་ཁྲིམས་སྐྱོང་སློབ་སྤྱི་གཞོན་པ་དང་ཟུར་ཁྲིད་པ་ཚང་མ་དམིགས་སར་འབྱོར་ནས“སེམས་ལ་མི་དགའ་བ།མི་ཚེའི་སྒྲོག་གུ་དང་པོ་དམ་པོར་བཟུང་བའི”དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་ཁུལ་དེ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་ཁྲིམས་སྐྱོང་དྲིལ་བསྒྲགས་ཁྱོན་ཡོངས་ལ་ཁྱབ་ཡོད།

ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས།

ན་ནིང་ཟླ་9པར་འབའ་རྫོང་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་(ད་ཆ་འབའ་རྫོང་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཡིན་པ)རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་ལ་གཟེངས་བསྟོད་བྱས་པ་དེ་ནི་ལྟེ་གནས་དེས་ནུས་པ་འདོན་སྤེལ་བྱས་པར་ཁས་ལེན་གང་ལེགས་བྱས་པ་ཞིག་རེད།

འབའ་རྫོང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་དེ་རྫོང་གྲོང་གི་ལྟེ་བར་གནས་པ་དང་།ཐོག་གི“སྣ་མང་ཅན་གྱི‘གཅིག་འཐུས་རྣམ་པའི’ཞབས་ཞུའི”སྦྱར་ཡིག་མངོན་གསལ་དོད་པོ་ཡོད་པ་དང་།ཐོག་བརྩེགས་དང་པོའི་ཚོམས་ཆེན་དུ་སླེབས་སྐབས་ཕྱོགས་བསྡུས་བདག་སྤྲོད་སྐར་ཁུང་དུ་བཞག་པའི་ཐོ་འགོད་དེབ་དེ་རྩོད་གཞིའི་གཞི་རྩའི་ཆ་འཕྲིན་རེ་རེ་བཞིན་ཟིན་ཐོ་བཀོད་ཡོད།《ཁྲིམས་སྐྱོང་ཉིན་རེའི་ཚགས་པར》གྱི་གསར་འགོད་པས་བཅར་འདྲི་བྱེད་པར་ཡོང་མཁན་ཟླ་3ཚེས་13ཉིན་20ལྷག་ཙམ་ཡོད་པ་རེད།གཞོགས་གཞན་ཞིག་གི་གྱང་ངོས་སུ་པར་རིས་དང་པར་རིས་མཉམ་དུ་འདྲེས་པའི་འགལ་ཟླ་དང་རྩོད་གཞི་སྣ་མང་ཅན་གྱི་འགྲེལ་བཤད་ལམ་སྲོལ་གྱི་མཚོན་རྟགས་རི་མོ་དེ་བས་མངོན་གསལ་དོད་པོ་ཡོད་པ་དེའི་ནང་གླང་ཆེན་དང་།སྤྲེའུ།རི་བོང་།བྱ་ཕྲུག་བཅས་སྲོག་ཆགས་བཞི་ཞི་མཐུན་མཉམ་གནས་ཀྱི་གཟུགས་བརྙན་རི་མོ་ཞིག་ཡོད་པ་དང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་“འཆམ་མཐུན་རུའེ་བཞི”ཡི་ལས་ཀའི་བྱེད་ཐབས་ནི་བོད་ཀྱི་རིག་གནས་ཁྲོད་ཀྱི“འཆམ་མཐུན་རྩ་ཆེ”ཞེས་པའི་གཏམ་རྒྱུད་ལས་བྱུང་བ་ཞིག་རེད།

ཐོག་སོ་གཉིས་པའི་བར་ཁྱམས་ཀྱི་གཞོགས་གཉིས་སུ་དར་ཆ་བཀལ་ཡོད།འདུམ་འགྲིག་ཁང་དུ་གྱོད་དོན་ཡིག་ཚགས་ཀྱིས་དེབ་བཟོས་པ་དེ་རྒྱུན་གཏན་གྱི་ཚད་ལྡན་མིན་པ་དང་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན།ལ་ལའི་རྩྭ་སའི་མཐའ་མཚམས་ཀྱི་རྩོད་གཞི་ཧ་ཅང་རྙོག་འཛིང་ཆེ་བ་དང་།ཡིག་ཁུག་ཁོ་ནར་དེབ་མཐུག་པོ་བཅུ་ལྷག་ཙམ་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན།མཚོ་ལྷོ་ཁུལ་གྱིས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་དང་།འགལ་ཟླ་དང་རྩོད་གཞི་འདུམ་འགྲིགཡིག་བསྐུར་ངོ་བཅར་སྣེ་ལེན།གཏུག་བཤེར་ཞབས་ཞུ་སོགས་ཀྱི་ནུས་པ་སྤྱི་འདོམས་བསྡུ་སྒྲིལ་བྱས་ཏེ་ལམ་ལུགས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་འགན་འཁྲི་ལས་བགོས་ཞིབ་ཚགས་སུ་བཏང་ནས་རྒྱུན་སྡོད་དང་།བཅའ་སྡོད་རེས་སྐོར།བཅའ་སྡོད་བཅས་ཟུང་འབྲེལ་བྱས་ཏེ་རྩོད་གཞི་སེལ་བའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་བ་རེད།ཁུལ་དང་རྫོང་རིམ་པ་གཉིས་ཀྱི་སྲིད་ཁྲིམས་ཨུ་ལྷན་གྱི་འགན་འཁུར་བ་གཙོ་བོས་དུས་བཀག་ལྟར་ཁུལ་དང་རྫོང་རིམ་པའི་ལྟེ་གནས་སུ་ཡོང་ནས་བཅར་འདྲི་དང་ལེན་བྱས་པ་དང་འགལ་ཟླ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་ཚོགས་འདུ་ཐེངས་46འཚོགས་ནས་འགལ་ཟླ་དང་རྩོད་གཞི་ཐག་གཅོད་བྱེད་པར་སྒོ་གཅིག་ལས་འཛུལ་མེད་པ་དང་མང་ཤོས་ས་ཆ་གཅིག་ལ་བསྐྱོད་ཐུབ་པ་བྱས་ཡོད།

གསེར་ཆེན་རྫོང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་ཐིང་གཅིག་དང་།ཆུས་གསུམ་གྱི་ཁང་བཞི།ལས་གནས་བདུན་བཅས་ཡོད་པ་སྟེ།“གཅིག་འཐུས་རྣམ་པའི”བདག་སྤྲོད་ཚོམས་ཆེན་དང་།གཏུག་བཤེར་ཞབས་ཞུ་ཁུལ་དང་།སྣ་མང་འདུམ་འགྲིག་ཁུལ།རིག་ལྡན་བཅའ་ཁྲིམས་ཞབས་ཞུ་ཁུལ་བཅས་ལ་འགོ་ཁྲིད་ཀྱིས་ངོ་བཅར་ཁང་དང་།གྲོས་མོལ་ཞིབ་འཇུག་ཐག་གཅོད་ཁང་།སྒེར་གྱི་སྐད་ཆ་ཤོད་ཁང་།སེམས་ཁམས་བློ་འདྲི་ཁང་བཅས་ཕྱོགས་བསྡུས་བཅོས་སྐྱོང་ལས་གནས་དང་།

2024ལོར་གསེར་ཆེན་རྫོང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་འགལ་ཟླ་དང་རྩོད་གཞི་1588འདུམ་འགྲིག་བྱས་པ་དང་འབྲེལ་བ་ཡོད་པའི་དངུལ་འབོར་སྒོར་ཁྲི་5196ལྷག་ཙམ་ཟིན་ནས་ས་གནས་དེ་གའི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་ཐད་ནུས་པ་གལ་ཆེན་ཐོན་ཡོད།“ང་ཚོས་དུས་བཀག་ལྟར་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་ཀྱི་ཚོགས་འདུ་འཚོགས་པ་དང་།འགལ་བ་དང་རྩོད་གཞི་འགག་སྒྲོལ་དང་སེལ་ཆེད་ཡིན་པ་མ་ཟད།མདུན་ཕྱོགས་དམ་འཛིན་བྱས་ནས་ནད་གཞི་བཅོས་ཐུབ་མེད་པ་དང་།རྩོད་གཞི་རིགས་གང་ཞིག་ཐོན་མང་བའམ་ཡང་ན་རྩོད་གཞི་གསར་པ་ཐོན་ཚེ་དུས་ཐོག་ཏུ་སྔོན་འགོག་གི་ཐབས་ཇུས་བཏོན་ནས་ཉེན་ཁ་དང་མངོན་མེད་རྐྱེན་ངན་ཐོན་མ་ཐག་ནས་སེལ་དགོས”ཅེས་ལྟེ་གནས་ཀྲུའུ་རེན་གྱི་འགན་གཅིག་ལྕོགས་འཁུར་བའི་གསེར་ཆེན་རྫོང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་མཱ་ཆུང་གིས་བཤད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།