ཟླ4པའི་ཚེས6ཉིན། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། པུར་འཇུག་ཞབས་ཞུའི་དངུལ་བསྡུ་དོ་དམ་ལ་ཤུགས་སྣོན་པ་དང་། མང་ཚོགས་དང་པུར་འཇུག་ཞབས་ཞུའི་ཚོང་གཉེར་པའི་ཁེ་ཕན་ལ་སྲུང་སྐྱོང་བྱེད་པ། པུར་འཇུག་ལས་དོན་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་ཆེད། ཉེ་ལམ། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་དམངས་སྲིད་ཐིན། ཞིང་ཆེན་ཚོང་ར་ལྟ་སྐུལ་དོ་དམ་ཅུའུ་བཅས་ཀྱིས་མཉམ་འབྲེལ་སྒོས་མཚོ་སྔོན་ཞིང་ཆེན་གྱི་པུར་འཇུག་ཞབས་ཞུའི་དངུལ་བསྡུ་དོ་དམ་ཐད་ཀྱི་གནས་སྐབས་ལག་བསྟར་བྱེད་ཐབས་པར་འགྲེམ་བྱས།
བྱེད་ཐབས་ཀྱིས་པུར་འཇུག་ཞབས་ཞུའི་དངུལ་བསྡུ་གོང་གཅོད་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་བཏང་སྟེ། པུར་འཇུག་ཞབས་ཞུའི་སྲིད་གཞུང་གིགོང་གཅོད་སྤྱོད་ཚུལ་ཚད་ལྡན་དུ་བཏང་བ་དང་། པུར་འཇུག་ལས་རིགས་ཀྱི་དོ་དམ་ལ་ཤུགས་སྣོན་བྱས་པ་དང་ཚད་ལྡན་དུ་བསྒྱུར་ནས། པུར་འཇུག་ལས་དོན་ཕྱིར་སྤྱི་ཕན་རང་བཞིན་དུ་བསྒྱུར་བའི་ཐད་ཤུགས་དང་ལྡན་པའི་ལམ་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱས།
བྱེད་ཐབས་ནང་། པུར་འཇུག་ཞབས་ཞུའི་དངུལ་བསྡུ་དོ་དམ་ཐད་ནས་སྤྱི་ཕན་རང་བཞིན་མངོན་པར་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། པུར་འཇུག་འགྲོ་གྲོན་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བ། ལུགས་དང་མཐུན་པའི་སྒོ་ནས་པུར་འཇུག་ཞབས་ཞུའི་མ་རྩ་ཁ་གསབ་བྱས་ཏེ། པུར་འཇུག་ལས་དོན་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བའི་རྩ་དོན་རྒྱུན་འཁྱོངས་དགོས་ཞེས་གསལ་བོར་བསྟན་ཡོད།
བྱེད་ཐབས་ནང་། པུར་འཇུག་ཞབས་ཞུའི་དངུལ་བསྡུ་ཐད་ནས་རིགས་བགར་དོ་དམ་ལག་བསྟར་བྱེད་དགོས། པུར་འཇུག་གི་གཞི་རྩའི་ཞབས་ཞུའི་དངུལ་བསྡུ་དང་། སྤྱི་ཕན་རང་བཞིན་གྱི་སྤྱི་པའི་བང་སོ་དང་འཛུགས་སྐྲུན་ས་ཆའི་གཏོང་སྤྲོད་རྣམ་པའི་ལམ་ནས་བླངས་པའི་ཚོང་གཉེར་རང་བཞིན་གྱི་སྤྱི་པའི་བང་སོའི་དུར་ཁུང་རིན་ཐང་དང་སྤྱི་པའི་བང་སོའི་སྲུང་སྐྱོང་དོ་དམ་གྱི་དངུལ་བསྡུ་ཐད་ནས་སྲིད་གཞུང་གིས་རིན་གོང་གཏན་ཁེལ་བྱེད་པ་དང་། པུར་འཇུག་ཞབས་ཞུའི་དཀར་ཆག་གསལ་ཕྲའི་ནང་བཞག་པའི་རྒྱུན་བསྲིང་ཞབས་ཞུའི་དངུལ་བསྡུ་ཐད་ནས་སྲིད་གཞུང་གི་མཛུབ་སྟོན་རིན་གོང་ལག་བསྟར་བྱས་ནས། ཚད་བཀག་ལྟར་དོ་དམ་བྱེད་དགོས་པ་དང་། འདས་པོའི་གཉེན་མིས་རང་མོས་སྒོས་བདམས་པའི་པུར་འཇུག་ཞབས་ཞུ་གཞན་པའི་དངུལ་བསྡུ་དང་འཛུགས་སྐྲུན་ས་ཆའི་ནང་བཤུག་གཏོང་བའི་རྣམ་པའི་ལམ་ནས་བླངས་པའི་ཚོང་གཉེར་རང་བཞིན་གྱི་སྤྱི་པའི་བང་སོའི་དུར་ཁུང་གི་རིག་གོང་དང་སྲུང་སྐྱོབ་དོ་དམ་གྱི་དངུལ་བསྡུ། པུར་འཇུག་སྤྱོད་རྫས་ཀྱི་རིན་གོང་ཐད་ནས། ཚོང་རའི་ལེགས་སྒྲིག་རིན་གོང་ལག་བསྟར་བྱེད་དགོས། དེ་དང་མཉམ་དུ་པུར་འཇུག་གི་གཞི་རྩའི་ཞབས་ཞུ་དང་རྒྱུན་བསྲིང་ཞབས་ཞུའི་རྣམ་གྲངས་དངོས་ཀྱི་ནང་དོན་དང་དངུལ་བསྡུ་ཚད་གཞི། སྤྱི་ཕན་རང་བཞིན་གྱི་སྤྱི་པའི་བང་སོ། སྤྱི་པའི་བང་སོའི་སྲུང་སྐྱོབ་དོ་དམ་གྲོན་དངུལ་གྱི་ཚད་གཞི་གཏན་འབེབས་བྱེད་ཐབས་དང་རྩ་དོན་སོགས་གཏན་ཁེལ་གསལ་བོ་བྱེད་པ་དང་། པུར་འཇུག་ཞབས་ཞུའི་དངུལ་བསྡུ་ཚད་གཞི་དེ་གྲོང་ཁྱེར་དང་ཁུལ་གྱི་དམངས་སྲིད་སྡེ་ཁག་གིས་ཡིག་ཐོག་སྙན་ཞུ་བྱེད་པ་དང་། རིམ་པ་གཅིག་པའི་དངོས་གོང་གཙོ་འགན་སྡེ་ཁག་གིས་མ་རྩར་ལྟ་ཞིབ་དང་ཡང་ན་བརྟག་བཤེར་བྱེད་པའི་རྨང་གཞིའི་སྟེང་གཏན་འབེབས་བྱེད་པ་དང་ཡང་ན་ལེགས་སྒྲིག་བྱེད་དགོས་པ་གཏན་ཁེལ་བྱས་ཡོད།
བྱེད་ཐབས་ནང་། པུར་འཇུག་ཞབས་ཞུ་སྡེ་ཁག་གིས་ཞབས་ཞུ་བྱེད་ཡུལ་བར་ཡིག་ཐོག་གྲོས་མཐུན་འགོད་པ་དང་དངུལ་བསྡུ་ཁྱབ་བསྒྲགས་ལམ་ལུགས་ལག་བསྟར་བྱེད་པ། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་གཏན་ཁེལ་བརྩི་སྲུང་བྱེད་དགོས། སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་པུར་འཇུག་ཞབས་ཞུའི་དངུལ་བསྡུ་ཐད་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་། དུས་ཐོག་ཏུ་མང་ཚོགས་ཀྱི་ཞུ་གཏུག་དང་ལེན་བྱེད་པ། ཁྲིམས་ལྟར་རིགས་མི་འདྲ་བའི་དངོས་གོང་ཐད་ཀྱི་ཁྲིམས་འགལ་སྤྱོད་ཚུལ་ལ་ཞིབ་བཤེར་རྩད་གཅོད་བྱེད་པ། ངོ་བོ་ངན་པ་དང་བྱས་ཉེས་ཚབས་ཆེ་བའི་དཔེ་མཚོན་གྱོད་གཞི་ཡོངས་བསྒྲགས་བྱས་ནས། རྒྱ་ཆེའི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས་ཞེས་གསལ་སྟོན་བྱས་ཡོད།
རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་གཅིག་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། ས་ཆ་སོ་སོས་དུས་ཐོག་ཏུ་པུར་འཇུག་ཞབས་ཞུའི་དངུལ་བསྡུ་ཚད་གཞི་གཏན་ཁེལ་བྱ་བ་སྤེལ་བར་མཛུབ་སྟོན་བྱས་ནས། པུར་འཇུག་ཞབས་ཞུ་སྡེ་ཁག་གི་དངུལ་བསྡུ་སྤྱོད་ཚུལ་ཚད་ལྡན་དུ་བསྒྱུར་རྒྱུ་རེད།