མཚོ་སྔོན་ཞིང་ཆེན་གྱི་འོད་ཤུགས་ནུས་གསོག་དང་ཐཱན་ཉུང་གཏོང་གི་ཞིབ་འཇུག་གྲུབ་འབྲས་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་ལ་སླེབས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ཟླ4པའི་ཚེས1ཉིན་རྒྱལ་ཁབ་གློག་ཤུགས་མ་འཇོག་རྨ་ཆུ་ཀུང་སི་ནས་ཐོན་པའི་གནས་ཚུལ་ལྟར་ན། རྨ་ཆུ་ཀུང་སིས་སྣེ་ཁྲིད་དེ་འགན་འཁུར་རྒྱུ་དང་།རྒྱལ་ཁབ་གློག་ཤུགས་མ་འཇོག་ཚོགས་པའི་མཚོ་སྔོན་འོད་ཤུགས་ཐོན་ལས་གསར་གཏོད་ལྟེ་གནས་དང་ཞི་ཨན་རང་བྱུང་བཟོ་སྐྲུན་རིག་པ་སློབ་ཆེན་ཞུགས་པའི་མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་ཆེད་དོན་རྣམ་གྲངས་གལ་ཆེན་སྟེ།“གཞི་ཁྱོན་ཆེ་བའི་འོད་ཤུགས་ནུས་གསོག་གློག་འདོན་དང་སྐྱེ་ཁམས་ཐཱན་ཉུང་གཏོང་དང་དངུལ་བརྗེས་འཕར་སྣོན་ལག་རྩལ་ཞིབ་འཇུག”དེ་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་གི་ཞིབ་བཤེར་རྩིས་ལེན་བདེ་བླག་ངང་བརྒྱུད་པར་མ་ཟད། གྲུབ་འབྲས་གདེང་འཇོག་ལེགས་གྲུབ་བྱུང་བ་རེད། རིགས་གཅིག་མཁས་ཅན་ཨུ་ཡོན་ལྷན་ཁང་གིས་དཔྱད་གཞིའི་ཡིག་རིགས་ལ་ཞིབ་ལྟ་བྱས་པ་དང་སྙན་ཞུ་ཉན་པའི་རྨང་གཞིའི་ཐོག་འདྲི་རྩད་དང་གྲོས་བསྡུར་བྱས་པ་བརྒྱུད་རྣམ་གྲངས་ཞིབ་བཤེར་རྩིས་ལེན་བྱས་པ་བརྒྱུད་མོས་མཐུན་བྱས་པ་མ་ཟད།གྲུབ་འབྲས་དེའི་ལག་རྩལ་ཧྲིལ་པོ་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་ལ་སླེབས་པའི་ངོས་འཛིན་གཅིག་མཐུན་བྱས།   

རྒྱུས་ལོན་བྱུང་བ་ལྟར་ན། རྣམ་གྲངས་དེས་འཁོར་སྐར་ཚད་ངེས་རྒྱང་ཚོར་དང་།འོད་ཤལ་མང་བའི་མི་མེད་གནམ་གྲུ།འཁྱིལ་ཚད་འབྲེལ་ཡོད་ཐབས།རང་འགུལ་སྒམ་རྣམ་པའི་ཐབས་སོགས་སྔོན་ཐོན་གྱི་ལྟ་ཞིབ་ཚད་ལེན་ལག་རྩལ་སྣ་ཚོགས་ལ་བརྟེན་ནས་གསར་གཏོད་རང་བཞིན་གྱིས་འོད་གསོག་གློག་ཁང་ལ་འཚམ་པའི་མཁའ་དབྱིངས་དང་ས་ངོས་གཞི་གཅིག་ཅན་གྱི་ཐཱན་བསྡུ་ལྟ་ཞིབ་ཚད་ལེན་མ་ལག་ཆ་ཚང་ཞིག་བཙུགས་པ་དང་།ལེ་ལག་ཚང་བའི་ལག་རྩལ་ཇུས་གཞི་དང་ཚད་གཞི་བཏོན་པ་མ་ཟད།དམིགས་སའི་རང་བཞིན་གྱིས་ཆེད་ལས་ཀྱི་སྐྱེ་ཁམས་གདེང་འཇོག་དམིགས་ཚད་མ་ལག་བཙུགས་པ་རེད། མ་ལག་དེས་འོད་གསོག་གློག་ཁང་གི་སྐྱེ་ཁམས་མ་ལག་གི་ཐཱན་བསྡུ་ལེན་གྱི་ཞིབ་ཚད་མཐོ་བ་དང་འགུལ་རྣམ་ཅན་གྱི་ལྟ་ཞིབ་ཚད་ལེན་དང་དབྱེ་ཞིབ་དང་དེ་བཞིན་གློག་ཁང་འཁོར་སྐྱོད་བརྒྱུད་རིམ་ཁྲོད་ཀྱི་སྐྱེ་ཁམས་ཕན་འབྲས་ཀྱི་མ་ལག་དཔྱད་དཔོག་མངོན་འགྱུར་བྱེད་ཐུབ། དེ་དང་ཆབས་ཅིག་རྣམ་གྲངས་དེའི་ནང་བརྒྱུད་རིམ་རྐྱེན་རྩ་དཔེ་དབྱིབས་དང་སློབ་སྦྱོང་གཏིང་ཟབ་ཀྱི་ལག་རྩལ་མཉམ་འདྲེས་བྱས་ནས་འོད་གསོག་གློག་ཁང་གི་སྐྱེ་ཁམས་མ་ལག་གི་ཐཱན་བརྒྱུད་ཚད་དང་ཐཱན་གསོག་ཚད་ལ་གནད་ལ་འཁེལ་བའི་སྔོན་དཔག་བྱེད་པར་འཚམ་པའི་ལད་ཟློས་བྱ་ཐབས་བཙུགས་ནས་ཐཱན་བསྡུ་རུབ་ཀྱི་ཡུན་རིང་གི་འགྱུར་ལྡོག་འཕེལ་ཕྱོགས་གྲངས་ཚད་ཀྱིས་གསལ་སྟོན་བྱེད་ཐུབ་ཀྱི་ཡོད།  

“ར་སྤྲོད་བྱས་འབྲས་ལས་འོད་གསོག་གློག་ཁང་གི་སྐྱེ་ཁམས་དང་ཐཱན་བསྡུ་ལེན་གྱི་ཕན་འབྲས་ཧ་ཅང་མངོན་གསལ་དོད་པོ་ཡོད་པ་མངོན་ཡོད། གློག་ཁང་ནང་གི་ས་རྒྱུའི་སྐྱེ་ལྡན་ཐཱན་གསོག་ཚད་དེ་གཞི་རྩའི་གྲངས་ཐང་དང་བསྡུར་ན་8.6%འཕར་བ་དང་སྔོ་ཁེབས་ཀྱི་ཐཱན་སྟུག་ཚད་དང་བསྡུར་ན་28.5%འཕར་ཡོད།ལོ་རེའི་ཐཱན་བསྡུ་ཚད་སྨི་ངོས་གྲུ་རེར་ཐཱན་ཁེ་60ཡན་ཡིན་པ་རེད། དཔེ་དབྱིབས་མང་པོའི་ལད་ཟློས་འབྲས་བུ་ལས་མངོན་པར།འབྱུང་འགྱུར་གནམ་གཤིས་འགྱུར་ལྡོག་གི་གནས་ཚུལ་འོག་འོད་གསོག་གློག་ཁང་ལ་སྔར་བཞིན་ཐཱན་བསྡུ་ལེན་གྱི་མི་མངོན་པའི་སྟོབས་ཤུགས་ཅུང་ཆེན་པོ་ལྡན་ཡོད།” རྣམ་གྲངས་ཀྱི་ལག་རྩལ་འགན་འཁུར་བ་རྨ་ཆུ་ཀུང་སིའི་ས་མཐོའི་སྐྱེ་ཁམས་ཞིབ་འཇུག་ལྟེ་གནས་ཀྱི་མ་ཧུང་ཡོན་གྱིས་བཤད།

མིག་སྔར་རྣམ་གྲངས་དེའི་གྲུབ་འབྲས་རྨ་ཆུ་ཀུང་སིའི་ཀུང་ཧོ་འོད་ཧྥུ་ཐོན་ལས་གླིང་ཁུལ་དུ་གྲུབ་འབྲས་ཐོབ་པའི་ངང་བེད་སྤྱོད་བྱས་ཡོད་པ་རེད། གཞི་ཁྱོན་ཆེ་བའི་འོད་ཤུགས་ནུས་གསོག་ཕྱོགས་བསྡུས་ནུས་ཁུངས་བློ་གྲོས་བེད་སྤྱོད་མ་ལག་འཛུགས་སྐྲུན་བྱས་པ་བརྒྱུད།གློག་ཁང་གི་ཐཱན་བསྡུ་ལེན་དང་སྐྱེ་ཁམས་ཁོར་ཡུག་ཕྱོགས་ཡོངས་དང་དུས་ཐོག་ལྟ་ཞིབ་ཚད་ལེན་མངོན་འགྱུར་བྱུང་བ་དང་།སྐྱེ་ཁམས་མཛའ་མཐུན་ཅན་གྱི་འཛུགས་སྐྲུན་བྱེད་སྟངས་ཁྱབ་སྤེལ་བཀོལ་སྤྱོད་ལ་མཛུབ་ཁྲིད་བྱས་པས།ནུས་ཁུངས་ཐོན་པ་དང་སྐྱེ་ཁམས་སྲུང་སྐྱོང་གི་མཐུན་སྦྱོར་ཕན་འབྲས་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་མ་ཟད།སྐྱེ་ཁམས་ཚོར་བ་སྐྱེན་པའི་ཁུལ་གཞན་དག་ཏུ་རྒྱ་ཁྱབ་ཏུ་ཁྱབ་སྤེལ་བཀོལ་སྤྱོད་བྱེད་པའི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ལྡན་ཡོད། རྣམ་གྲངས་དེས་གསར་གཏོད་ཀྱི་ཁེ་བེད་ཁེ་བེད་9དང་དངོས་སྤྱོད་དཔེ་གསར་གྱི་ཁེ་བེད་ཁེ་བེད་5རེ་ཞུ་བྱས་ཡོད་པ།འབྲེལ་ཡོད་དཔྱད་རྩོམ17འགྲེམས་སྤེལ་བྱས་པའི་ནང་SCI/EIའཚོལ་བཤེར་དཔྱད་རྩོམ་7ཡོད་པ་དང་འབྲེལ་ཡོད་ལག་རྩལ་ཚད་གཞི4གཙོ་ཁྲིད་བྱས་ནས་བཟོས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།