སྨན་བཅོས་སྒྲིག་གཞི་དང་སྨན་བཅོས་འགན་སྲུང་ལས་ཁུངས་ཀྱི་དྲ་ཐོག་རྩིས་ཐོ་་གཏུག་པའི་བརྒྱུད་རིམ་རྙོག་འཛིང་ཆེ་བ་དང་ཐེངས་མང་ཕར་འགྲོ་ཚུར་འོང་བྱེད་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་འཚོལ་ཞིབ་ཧུར་ཐག་དང་། མ་ལག་ཇེ་ལེགས་སུ་གཏོང་བ། བཀག་རྒྱ་གཏོར་བ་བཅས་བྱས་ཏེ། གསར་གཏོད་གྱིས་དྲ་ཐོག་གི་རྩིས་ཐོ་ཐོ་གཏུག་པའི་ལས་དོན་སྤེལ་བ་དང་། བརྒྱུད་རིམ་སྒྲུབ་སྟངས་སྟབས་བདེ་རུ་བཏང་ནས་ རྒྱུ་ཆ་གྱི་ཡིག་ཐོག་སྙན་ཞུ་ཞུ་འབུལ་ཇེ་ཉུང་དུ་བཏང་། མ་ཕྱི་གྱི་དུས་ཚོད་དང་ནུས་ཤུགས་ཆེ་བའི་རྩིས་ཁྲ་ཐོ་གཏུག་པའི་ལས་དོན་དེ་ལས་ཀའི་ཉིན5ནས་ལས་ཀའི་ཉིན1བར་ཇེ་ཐུང་དུ་དང་གཏོང་སྤྲོད་ཀྱི་ལས་ཕྱོད་མཐོ་རུ་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྤུས་ཀ་དག་པར་ལ་རྒྱབ་སྐྱོར་བྱས་པས། རང་ཞིང་གི་དྲ་ཐོག་རྩིས་ཐོ་ཐོ་གཏུག་པའི་ལས་དོན་ལ2024ལོའི་རྒྱལ་ཡོངས་སྨན་བཅོས་འགན་སྲུང་ཞབས་ཞུའི་མངའ་ཁོངས་ཀྱི“ལས་ཆོད་ཆེ་བའི་སྒོ་ནས་བྱ་བ་གཅིག་སྒྲུབ་ཐུབ་པའི”ཕུལ་བྱུངདཔེ་མཚོན་གྱི་མཚན་སྙན་ཐོབ།
ཕྱི་ནང་མཉམ་སྤེལ་དང་ཕྱོགས་གཉིས་མཉམ་སྒྲུབ་ཀྱི་བྱེད་ཐབས་སྤྱད་དེ་ནང་ཁུལ་གྱི་བརྒྱུད་བགྲོད་ལ་“བརྙན་ལམ+ཆེད་དོན་འཆད་ཁྲིད་”གྱི་བྱེད་ཐབས་ཐོག་ནས་ལས་བྱེད་པ་དང་ལས་བཟོ་བ་སྒྲིག་འཛུགས་བྱས་ནས་རྩིས་ཐོ་ཐོ་གཏུག་པའི་ལས་དོན་གྱི་ལས་སྒོ་དང་བརྒྱུད་རིམ་གསོ་སྦྱོང་བྱས་ཏེ་བྱ་བའི་འཇོན་ཐང་རྒྱུན་ཆད་མེད་པར་མཐོར་འདེགས་སུ་བཏང་ཡོད། ཕྱི་ཕྱོགས་ལ་བརྒྱུད་བགྲོད་གྱིས“སྒོ་ལ་འཛུལ་+གཅིག་བསྡུས་”ཀྱི་བྱེད་ཐབས་ལ་བརྟེན་ནས་དམིགས་འཛུགས་སྨན་བཅོས་སྒྲིག་གཞིའི་རྩིས་ཐོ་ཐོ་གཏུག་པའི་་མི་སྣ་སྒྲིག་འཛུགས་བྱས་ནས་མ་ལག་བཀོལ་སྤྱོད་ཐད་ནས་གསོ་སྦྱོང་བྱས་པ་དང་། རྩིས་ཁྲ་ཐོ་གཏུག་པའི་བརྒྱུད་རིམ་གསལ་སྟོན་བྱས་ནས་ལས་དོན་ཁྲོད་འཕྲད་པའི་དཀའ་གནད་དང་དོགས་གནད་། རྩིས་ཁྲ་ཐོ་གཏུག་པའི་ནུས་པ་དང་ལས་ཕྱོད་མཐོར་འདེགས་བཅས་ལ་ཡུལ་དངོས་སུ་ལན་བཏབས། ད་སྔའི་བར་སྦྱོང་བརྡར་ནང་ཞུགས་པའི་མི་གྲངས་མི་ཐེངས1000ལྷག་ཟིན་པ་དང་ཞིང་ཆེན་ཡོངས་ཀྱི་དམིགས་འཛུགས་སྨན་བཅོས་ལས་ཁུངས་ཀྱི་དྲ་ཐོག་རྩིས་ཁྲ་ཐོ་གཏུག་པའི་་ཁྱབ་ཚད95%ཡན་ཆདཟིན་ཡོད།
སྨན་བཅོས་འགན་སྲུང་གི་ཆ་འཕྲིན་ལས་སྒྲོམ་ཆ་འཕྲིན་ལས་སྟེགས་བེད་སྤྱོད་གང་ལེགས་དང་། དྲ་ཐོག་གི་རྩིས་ཁྲ་ཐོ་གཏུག་པའི་དུམ་ཚན་དཔེ་དུམ་ཤར་གཏོང་བ། རྩིས་ཁྲ་ཐོ་གཏུག་པའི་བརྒྱུད་རིམ་གཏན་འཁེལ་སྒྲིག་སྲོལ་ནན་པོ་ལྟར་དུ་རིག་ནུས་ཞིབ་དཔྱད་ (ཞིབ་བཤེར་དཔྱད་འབེབས)བྱེད་ནུས་ནང་འཇུག་དང་། གཞི་གྲངས་བསྡུར་བ་གནད་ལ་འཁེལ་བ། རྒྱུན་ལྡན་མིན་པ་རིག་ནུས་ཀྱིས་འཛིན་པ། སྲུབས་མེད་སྦྲེལ་བར་མིས་བཟོས་བསྐྱར་བཤེར་བཅས་ཡིན། ཟླ་རེར་མ་ལག་གིས་རང་འགུལ་ངང་རྩིས་ཁྲ་ཐོ་གཏུག་པའི་བརྡ་ཐོ་བསྐུར་བ་དང་། སྨན་བཅོས་སྒྲིག་གཞིའི་དུས་ཐོག་རྩིས་ཁྲ་ཐོ་གཏུག་དང་ལེན་། ལས་སྒྲུབ་མི་སྣས་ཞིབ་བཤེར་གནད་ལ་འཁེལ་བ། ཁྱད་པར་གཞི་གྲངས་ལ་དུས་ཐོག་ཏུ་ཉེན་བརྡ་དང་ཞིབ་བཤེར་འཁྲུལ་མེད་བྱེད་པ། མ་ལག་གིས་རང་འགུལ་གྱིས་འཛིན་ཤོག་གཏོང་སྤྲོད་ནས་ལས་རིགས་དང་རྒྱུ་ནོར་གཞི་གྲངས་ཀྱི་སྲུབས་མེད་འབྲེལ་མཐུད་བཅས་བྱས་ཏེ། བསྡོམས་རྩིས་མ་དངུལ་དུས་ཐོག་ཏུ་ཞིབ་དཔྱད་ (ཞིབ་བཤེར་དཔྱད་འབེབས)གཏོང་སྤྲོད་ཐུབ་པ་ནས་རྩིས་ཁྲ་ཐོ་གཏུག་ཏེ་དུས་ཐོག་ཏུ་གཏོང་སྤྲོད་པའི་བར་མངོན་འགྱུར་བྱུང་ནས་སྨན་བཅོས་འགན་སྲུང་གི་ཐེབས་རྩའི་དུས་ཐོག་ཏུ་གཏོང་སྤྲོད་བྱེད་ཚད་མགྱོགས་པར་ཇེ་མཐོར་སོང་།
དོ་གནད་ལས་སྒོ་འཁོར་སྐྱོད་དང་། ཐེབས་རྩའི་ནོར་དོན་ཆ་འཕྲིན་མ་ལག་དང་དོ་དམ་ལྟ་སྐུལ་སོགས་ཐད་སྨན་བཅོས་འགན་སྲུང་གི་སྒྲིག་སྲོལ་ཁག32འཐུས་ཚང་དུ་བཏང་བ་དང་། སྨན་བཅོས་འགན་སྲུང་གི་ཐེབས་རྩ་རྩིས་ཁྲ་ཐོ་གཏུག་པ་དང་། སྔ་ཞུས་བར་ཞུས་ཆ་འཕྲིན་ཅན་གྱི་དོ་དམ་སོགས་ལམ་ལུགས་གཏན་འབེབས་བྱས་ཏེ། ལས་སྒོ་ཞིབ་དཔྱད་ (ཞིབ་བཤེར་དཔྱད་འབེབས)དང་ནོར་དོན་གཏོང་སྤྲོད་ཀྱི་གོ་རིམ་གཙོ་བོར་དོ་སྣང་ཆེན་པོ་བྱས་ཏེ། སྒྲིག་འགལ་གྱིས་སྨན་བཅོས་འགན་སྲུང་གི་ཐེབས་རྩ་སྤྱད་པའི་གནད་དོན་ཞིབ་ཐོ་རིགས6དང་དོན་ཚན46ལེགས་སྒྲིག་བྱས། རྒྱུན་ལྡན་གྱི་འཕྲོ་བཤེར་དང་ཆེད་དམིགས་ཞིབ་བཤེར་བཅས་བྱས་ཏེ། དྲ་ཐོག་གི་རྩིས་ཁྲ་ཐོ་གཏུག་པའི་བརྒྱུད་རིམ་ཡོངས་ལ་ལྟ་སྐུལ་དོ་དམ་དང་། རྩིས་ཁྲ་ཐོ་གཏུག་པའི་གྲ་སྒྲིག་ལས་ཀ་དང་། དོན་རྐྱེན་ཁྲོད་ཀྱི་ཞིབ་དཔྱད(ཞིབ་བཤེར་དཔྱད་འབེབས)། དོན་རྐྱེན་རྗེས་ཀྱི་ལྡོག་སྐྱེལ་བཅས་ཀྱི་ཟླུམ་འཁོར་དོ་དམ་མཐོར་འདེགས་བཏང་སྟེ། རྩིས་ཁྲ་ཐོ་གཏུག་གནད་ལ་འཁེལ་ཞིང་ཚད་ལྡན་ཡོང་བར་འགན་སྲུང་ཏན་ཏིག་བྱས་ནས་ཐེབས་རྩའི་བདེ་འཇགས་ལ་འགན་སྲུང་ནུས་ལྡན་བྱས་ཡོད།