སྡོད་ཁུལ་གྱི་ལས་གཉེར་ཞབས་ཞུ་ལ་སྐར་མའི་རིམ་པའི་ཚད་གཞི་ག་ཚོད་ཡོད་དམ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ཉེ་ཆར་གྲོང་མི་མི་ཉུང་བ་ཞིག་གིས་དགོང་དྲོའི་ཚགས་པར་གྱི་ཐད་སྦྲེལ་ཁ་པར་བརྒྱབ་ནས་ཁོང་ཚོ་སྡོད་སའི་ཁུལ་ཆུང་གི་སྡེ་ལས་གྲོན་དངུལ་དེ་མཐའ་འཁོར་ཁུལ་ཆུང་ལས་མཐོ་བ་ཡོད་ཀྱང་རྒྱུན་གཏན་གྱི་སྡོད་ཁུལ་གྱི་ལས་གཉེར་ཞབས་ཞུའ་དེ་ཙམ་ཡག་པོ་མེད་ཅེས་བཤད་པ་རེད། སྡེ་ལས་ལས་དོན་མི་སྣས་ཁོང་ཚོར་སྡེ་ལས་ཀུང་སི་ནི་སྐར་བཞི་རིམ་པའི་སྡེ་ལས་ཡིན་པ་དང་འགྲོ་གྲོན་བསྡུ་རྒྱུ་ནི་སྐར་བཞི་རིམ་པའི་ཚད་གཞི་གཞིར་བཟུང་གཏན་འཁེལ་བྱས་པ་ཞིག་ཡིན་ཞེས་བཤད་པ་རེད། གྲོང་མིས་ཤེས་འདོད་པ་ནི།་སྡེ་ལས་སྐར་མའི་རིམ་པའི་ཞབས་ཞུ་ནི་ཚད་གཞི་ཅི་ཞིག་གཞིར་བཟུང་ནས་དཔྱད་བསྡུར་གཏན་འབེབས་བྱས་པ་ཡིན་ནམ། སྐར་རིམ་ཁག་གི་ཞབས་ཞུའི་ཞིབ་ཕྲའི་བླང་བྱ་གང་དག་ཡོད་དམ། སྡོད་ཁུལ་གྱི་ལས་གཉེར་ཞབས་ཞུའ་གནད་ལ་མ་འཁེལ་ན་སུས་ལྟ་སྐུལ་བྱེད་དགོས་སམ་། དེར་བརྟེན་གྲོང་ཁྱེར་ས་ཁང་བདག་ཁོངས་ཅུས་སྡེ་ལས་ཁོའོ་ཡི་འབྲེལ་ཡོད་ལས་དོན་མི་སྣས་ལན་ཞིབ་ཕྲ་བརྒྱབ་པ་རེད།

2023ལོའི་ཟླ་6པར་ལག་བསྟར་བྱས་པའི་ཟི་ལིང་གྲོང་ཁྱེར་གྱི་ས་གནས་ཚད་གཞིའི་<<་སྡོད་ཁང་སྡེ་ལས་ཀྱི་སྐར་མ་རིམ་པའི་ཞབས་ཞུའི་ཚད་གཞི་>>་གཞིར་བཟུང་སྤྱིར་བཏང་སྡོད་ཁང་སྡོད་ཁུལ་གྱི་ལས་གཉེར་ཞབས་ཞུའི་ཚད་གཞི་དེ་སྐར་མ་རིམ་པ་དང་པོ་དང་། སྡོད་ཁང་སྡོད་ཁུལ་གྱི་ལས་གཉེར་ཞབས་ཞུའི་ཁོངས་སུ་ཕྱོགས་བསྡུས་ཞབས་ཞུ་དང་།་སྔོ་ལྗང་བདག་སྐྱོང་།་འཕྲོད་བསྟེན་གཙང་སྦྲ་།་སྒྲིག་ལམ་སྲུང་སྐྱོང་།་སྤྱི་པའི་གནས་དང་དོ་དམ་།་སྒྲིག་བཀོད་སྒྲིག་ཆས་བདག་སྐྱོང་དང་མི་སྣ་བཀོད་སྒྲིག་བཅས་ཚུད་ཡོད་། དེའི་ནང་སྐར་མ་རིམ་པ་དང་པོ་ནི་སྐར་མ་རིམ་པ་དམའ་ཤོས་ཡིན་པ་དང་སྐར་མ་ལྔ་པ་ནི་སྐར་མའི་རིམ་པ་མཐོ་ཤོས་ཡིན་པས་སྐར་མའི་རིམ་པ་ཇི་ཙམ་མཐོ་ན་སྡོད་ཁུལ་གྱི་ལས་གཉེར་ཞབས་ཞུའི་སྤུས་ཚད་ཀྱི་ཚད་གཞི་དེ་ཙམ་གྱིས་མཐོ་བ་ཡོད།

སྐར་མ་རིམ་པ་ཁག་གི་ཕྱོགས་བསྡུས་ཞབས་ཞུའི་བླང་བྱ་གང་དག་ཡོད་དམ།

<<་སྡོད་ཁང་གི་སྐར་མ་རིམ་པའི་ཞབས་ཞུའི་ཚད་གཞིའི་>>་རིམ་དབྱེའི་བླང་བྱའི་ནང་སྡོད་ཁུལ་གྱི་ལས་གཉེར་ཞབས་ཞུའི་སྤུས་ཚད་ཀྱི་སྐར་མ་རིམ་པ་དང་པོ་ནས་ལྔ་པའི་བར་གྱི་ཚད་གཞིའི་ཞིབ་ཕྲའི་བླང་བྱ་ཁ་གསལ་བཟོས་ཡོད་པ་དེའི་ནང་མི་སྣ་བཀོད་སྒྲིག་དང་།ཕྱོགས་བསྡུས་ཞབས་ཞུ།སྔོ་ལྗང་བདག་སྐྱོང་།འཕྲོད་བསྟེན་གཙང་སྦྲ་དོད་པ།སྒྲིག་ལམ་སྲུང་སྐྱོང་། སྤྱི་པའི་གནས་དང་དོ་དམ།སྒྲིག་བཀོད་སྒྲིག་ཆས་བདག་སྐྱོང་བཅས་ཚུད་ཡོད།

མི་སྣ་བཀོད་སྒྲིག་ཐད། རྒྱ་ཁྱོན་ལ་གཞིགས་ནས་ལས་གནས་ཁག་གི་མི་སྣའི་གྲངས་འབོར་བསྡུར་བ་དང་ཆེད་ལས་ཅན་གྱི་མི་སྣའི་ལེ་ལག་ཚང་སྒྲིག་བྱས་ཚེ་སྡོད་ཁུལ་གྱི་ལས་གཉེར་ཞབས་ཞུའི་ལས་ཕྱོད་དང་སྤུས་ཚད་མཐོ་རུ་གཏོང་བདེ་པོ་ཡོད། སྐར་མའི་རིམ་པ་ཇི་ལྟར་མཐོ་ན་མི་སྣ་བཀོད་སྒྲིག་དེ་ལྟར་མང་།

ཕྱོགས་བསྡུས་ཞབས་ཞུའི་ཐད། སྡོད་ཁུལ་གྱི་ལས་གཉེར་ཞབས་ཞུའི་ཁེ་ལས་ཀྱིས་སྡོད་ཁང་ཁུལ་ཆུང་གི་དོན་དངོས་དང་དེ་བཞིན་ཁེ་ལས་བདག་པོའི་བྱེད་སྒོའི་ཆོས་ཉིད་དང་ཟུང་འབྲེལ་བྱས་ཏེ་ཚད་གཞིའི་བླང་བྱའི་དུས་ཚོད་ཀྱི་བར་ཁོངས་ནང་ལས་ཀའི་སྐྱེད་ཀའི་ལམ་ལུགས་བཟོས་ནས་མི་གཤིས་ཅན་གྱི་སྒོ་ནས་ཉིན་རེའི་སྣེ་ལེན་དུས་ཚོད་གཏན་འཁེལ་བྱེད་དགོས་པར་བརྟེན་ཚད་གཞིའི་ནང་སྣེ་ལེན་གྱི་དུས་ཚོད་ཞིབ་ཕྲ་ཁ་གསལ་བཟོས་མེད། སྐར་མ་རིམ་པ་ཇི་ཙམ་མཐོ་ན་ཁེ་ལས་བདག་པོས་སྣེ་ལེན་ཞུ་བའི་དུས་ཚོད་ཇི་ཙམ་རིང་བ་དང་བསམ་འཆར་དང་གྲོས་འགོ་ཐག་གཅོད་ཇི་ཙམ་མགྱོགས་པ་དང་ཁེ་ལས་བདག་པོའི་བྱེད་སྒོ་སྒྲིག་འཛུགས་བྱེད་ཐེངས་དེ་ཙམ་གྱིས་མང་བ་ཡོད།

སྔོ་ལྗང་བདག་སྐྱོང་ཐད། སྤང་ལ་ཡལ་བཞུར་ཐེངས་མང་རྒྱག་པ་དང་དུས་ཚིགས་ཀྱི་བླང་བྱ་ལྟར་ཡལ་བཞུར་བརྒྱབ་ནས་སྤང་ལ་དགུན་ཆུ་འདྲེན་པ་དང་གསོན་ཚད་འགན་ལེན་བྱེད་དགོས་། སྐར་མའི་རིམ་པ་ཇི་ཙམ་མཐོ་ན་ཡལ་བཞུར་རྒྱག་ཐེངས་མང་བ་དང་གསབ་འདེབས་བྱེད་ཚད་དེ་ཙམ་གྱིས་མཐོ་བ་ཡོད།

གཙང་སྦྲའི་ཞབས་ཞུའི་ཐད། གཙང་སྦྲ་བྱེད་ཐེངས་མང་བ་ནི་སྡོད་ཁང་ཁུལ་ཆུང་གི་ཁོར་ཡུག་འཕྲོད་བསྟེན་གྱི་འགན་ལེན་ཞིག་ཡིན་པ་དང་གད་སྙིགས་བླུགས་སྣོད་གསོད་ཐེངས་མང་བ་དེ་དུས་ཚིགས་ཀྱི་འགྱུར་ལྡོག་དང་འཚམ་པ་བྱས་ནས་དྲི་མ་མི་འདྲ་བ་སེལ་བ་དང་ནད་འབུ་སྐྱེ་རྒྱུ་སྔོན་འགོག་བྱེད་དགོས། སྐར་མའི་རིམ་པ་ཇི་ཙམ་མཐོ་ན་འཕྲོད་བསྟེན་གཙང་མ་དང་གད་སྙིགས་བླུགས་སྣོད་དུག་སེལ་ཐེངས་གྲངས་དེ་ཙམ་གྱིས་མཐོ་བ་ཡོད།

སྒྲིག་ལམ་སྲུང་སྐྱོང་ཐད། སྒྲིག་ལམ་སྲུང་སྐྱོང་མི་སྣས་སྡོད་ཁང་ཁུལ་ཆུང་གི་བདེ་སྲུང་དང་།་མེ་གསོད།་སྒྲིག་ལམ་བཅས་སྲུང་སྐྱོང་བྱེད་འགན་འཁུར་རྒྱུ་དང་།་ལས་འགན་ལྕི་བ་དང་ལས་འབོར་ཆེ་བས་མི་སྣ་མང་དུ་མི་འགྲོ་བ་བྱ་དགོས། སྐར་མ་རིམ་པ་ཇི་ཙམ་མཐོ་ན་ཉིན་ལྟར་སྐོར་གཡེང་བྱེད་ཐེངས་དེ་ཙམ་གྱིས་མང་བ་དང་མི་སྣའི་ལོ་ན་དེ་བས་གཞོན་པ་ཡོད། སྐར་མ་རིམ་པ་ལྔའི་ཞབས་ཞུའི་ཚད་གཞིའི་བླང་བྱ་ལྟར་ཁེ་ལས་བདག་པོ་དང་སྡོད་ཁུལ་གྱི་ལས་གཉེར་ཞབས་ཞུའི་ཁེ་ལས་ལ་སྤྱིར་བཏང་གི་སྡོད་ཁང་སྡོད་ཁུལ་གྱི་ལས་གཉེར་ཞབས་ཞུའི་སྤུས་ཚད་ཀྱི་སྐར་མ་རིམ་པའི་ཟས་ཤུབས་རྣམ་པའི་གདམ་ག་མཁོ་འདོན་བྱས་ཏེ་རེ་རེ་བཞིན་ཞབས་ཞུའི་ཚད་གཞི་ཁ་གསལ་བཟོས་ནས་སྡེ་ལས་ཀྱི་ཞབས་ཞུའི་"་སྤུས་ཚད་དང་རིན་གོང་མཐུན་པ་"་མངོན་འགྱུར་ཡོང་བ་བྱེད་དགོས།

སྡོད་ཁུལ་གྱི་ལས་གཉེར་ཞབས་ཞུ་མི་བཟུང་ན་སུས་ལྟ་སྐུལ་དོ་དམ་བྱེད་དགོས་སམ་།

མིག་སྔར་ང་ཚོའི་གྲོང་ཁྱེར་གྱིས་སྤྱིར་བཏང་གི་སྡེ་ལས་སྐར་མ་རིམ་པའི་ཞབས་ཞུའི་གྲོན་དངུལ་བསྡུ་བའི་ཚད་གཞིའི་མཛུབ་སྟོན་རིན་གོང་ད་དུང་བཏོན་མེད་པ་དང་སྡེ་ལས་གྲོན་དངུལ་གྱིས་ཁྲོམ་རའི་སྙོམས་སྒྲིག་རིན་གོང་ལ་བརྩི་སྲུང་ཞུ་བ་དང་སྡོད་ཁུལ་གྱི་ལས་གཉེར་ཞབས་ཞུའ་བས་སྡོད་ཁུལ་གྱི་ལས་གཉེར་ཞབས་ཞུའི་གན་རྒྱའི་ནང་ཁ་ཆད་བྱས་པའི་སྐར་མ་རིམ་པའི་ཞབས་ཞུའི་ཚད་གཞི་དང་གྲོན་དངུལ་བསྡུ་བའི་ཚད་གཞི་གཞིར་བཟུང་ཞབས་ཞུ་དང་གྲོན་དངུལ་བསྡུ་གི་ཡོད་པས་སྡེ་ལས་ཀྱི་ཞབས་ཞུ་བས་སྡེ་ལས་དོ་དམ་ས་ཁོངས་ཀྱི་མངོན་གསལ་དོད་སར་སྡེ་ལས་ཀྱི་ཞབས་ཞུའི་གན་རྒྱའི་ནང་ཁ་ཆད སྡོད་ཁུལ་གྱི་ལས་གཉེར་ཞབས་ཞུའ་བས་སྡོད་ཁུལ་གྱི་ལས་གཉེར་ཞབས་ཞུའི་ནང་དོན་ཉུང་དུ་གཏོང་བ་དང་།་ཞབས་ཞུ་ཐེངས་གྲངས་ཉུང་དུ་གཏོང་བ།་སྡོད་ཁུལ་གྱི་ལས་གཉེར་ཞབས་ཞུའི་ཚད་གཞི་དམའ་རུ་གཏོང་བ་བཅས་བྱས་ན།་<<་ཟི་ལིང་གྲོང་ཁྱེར་གྱི་སྡེ་ལས་དོ་དམ་སྲོལ་ཡིག་>>་ནང་གི་འབྲེལ་ཡོད་གཏན་འབེབས་ལྟར་གྲོང་ཁྱེར་དང་རྫོང་(་ཆུས་)་གི་སྡེ་ལས་དོ་དམ་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་དུས་བཀག་ནང་དག་ཐེར་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་།་དུས་ལས་ཡོལ་ཡང་དག་ཐེར་ཡོ་བསྲང་མ་བྱས་ན།་དེའི་ཡིད་རྟོན་རིམ་པ་དམའ་རུ་བཏང་ནས་སྡོད་ཁུལ་གྱི་ལས་གཉེར་ཞབས་ཞུའི་ཁེ་ལས་གྱི་ཡིད་རྟོན་ཡིག་ཚགས་ནང་དུ་བཀོད་ཡོད།    

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།