ཟླ་གསུམ་པ་ནི་ངལ་རྩོལ་པའི་ལས་གནས་བརྗེ་སྤོར་གྱི་མཐོ་རིམ་དུས་སྐབས་ཤིག་དང་ཁེ་ལས་ཀྱིས་འཕེལ་རྒྱས་དམ་འཛིན་བྱེད་པའི་གནད་འགག་གི་དུས་སྐབས་ཤིག་ཡིན་པས། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་སྟེགས་བུ་རིམ་སྤོར་དང་། ཞབས་ཞུ་གསར་གཏོད། ཐབས་ལམ་རྒྱ་སྐྱེད་སོགས་ཀྱི་བྱེད་ཐབས་སྤྱད་དེ། སྤྱི་བའི་ལས་ཞུགས་ཞབས་ཞུའི་མ་ལག་རྒྱུན་མཐུད་སྒོས་ལེགས་བསྒྱུར་བྱས་པ་དང་། ཞབས་ཞུའི་སྤུས་འབྲས་ཕྱོགས་ཡོངས་ནས་ཇེ་མཐོར་བཏང་སྟེ། སྤུས་ཚད་མཐོ་བའི་ལས་ཞུགས་ལ་ཤུགས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་།
ས་ཁོངས་ཀྱི་བཀག་རྒྱ་གཏོར་བ་དང་། ལས་རིགས་མང་བོ་དང་སྒྲིག་གཞི་མང་བའི་ཁེ་ལས་ལས་རྐང་གི་ཆ་འཕྲིན་སྡེབ་སྒྲིག་བྱས་ཏེ། ལས་ཞུགས་གཞི་གྲངས་དུས་ལྟར་གསར་སྒྱུར་དང་ཁྱབ་སྤེལ་ཐུབ་པ་མངོན་འགྱུར་བྱས། གཞི་གྲངས་ཆེན་མོ་བཀོལ་ནས་སྡེབ་སྒྲིག་བརྩི་སྲོལ་ལེགས་སྒྱུར་དང་། ཆ་འཕྲིན་ཁྱབ་བསྒྲགས་དང་ལས་རིགས་མཛུབ་སྟོན། སྲིད་ཇུས་འདྲི་རྟོགས་སོགས་ཀྱི་བྱེད་ནུས་སྡེབ་སྒྲིག་བྱས་ཏེ། མིས་ལས་རྐང་འཚོལ་བ་དང་ལས་གནས་ཀྱིས་མི་འཚོལ་བའི་ཚུལ་སྒྱུར་ལ་སྐུལ་འདེད་བཏང་ཞིང་། སྤྱོད་ཐོའི་ཆ་འཕྲིན་འཚོལ་ཞིབ་དང་། ལས་གནས་རེ་ཞུ་སོགས་སྟབས་བདེ་དང་བདེ་འཇགས་ཡོང་བར་ཁག་ཁེག་བྱས་ནས། ཞབས་ཞུའི་ཡིད་ཚིམ་ཚད་སྔར་ལས་ཇེ་མཐོར་བཏང་། མཚོ་སྔོནeལས་ཞུགས་ཚོང་རྟགས་ལ་གཞི་བཅོལ་ཏེ། ཐད་གཏོང་གིས་ལས་གནས་འདོན་སྤེལ་དང་ཐད་གཏོང་ལས་ཁེ་ལས་ལ་བཅར་བ་སོགས་ཀྱི་བྱ་འགུལ་སྤེལ་བ་དང་། ཁེ་ལས་ཀྱིHRདང་། ལས་ཞུགས་ཆེད་མཁས་པའི་ཐད་གཏོང་དང་མཉམ་འབྲེལ་གྱིས་སྲིད་ཇུས་སྒྲོག་འགྲེལ་དང་ལས་གནས་མཚམས་སྦྱོར་བྱས་ལ། བརྙན་ཐུང་དང་སྤྲིན་སློབ་ཁྲིད་སོགས་ཀྱི་རྣམ་པ་བརྒྱུད་དེ་ལས་གནས་འཚོལ་བའི་ཐབས་རྩལ་ཁྱབ་གདལ་དུ་བཏང་། དུས་མཉམ་དུ། ལས་བསྡུ་ཚོགས་འདུའི་ཡུལ་དངོས་སུ་གཅིག་གཏད་གཅིག་གི་ལས་རིགས་འཆར་གཞིའི་ཞབས་ཞུ་འདོན་སྤྲོད་བྱས་ཏེ། ལས་ཞུགས་མཛུབ་སྟོན་གྱི་སྤྲིན་སློབ་ཁྲིད་འཛུགས་པ་དང་། བརྙན་ཐུང་སྒྲིག་བཟོ་བྱས་ནས་ཁེ་དབང་སྲུང་སྐྱོབ་ཀྱི་ཤེས་བྱ་ཁྱབ་གདལ་དུ་བཏང་ནས། ངལ་རྩོལ་པའི་ཉེན་ཁ་སྔོན་འགོག་འདུ་ཤེས་དང་ལས་ཞུགས་འགྲན་རྩོད་ནུས་པ་ནུས་ལྡན་སྒོས་ཇེ་མཐོར་བཏང་།
ལས་ཞུགས་ཐབས་ལམ་རྒྱ་སྐྱེད་དང་ལས་གནས་སྤུས་ཚད་ཇེ་མཐོར་བཏང་། ས་གནས་ཀྱི་ལས་གནས་ཐོན་ཁུངས་སྔོག་འདོན་ཟབ་མོ་བྱས་ཏེ་ཁེ་ལས་གཙོ་བོའི་ལས་བཟོ་བ་བཀོལ་སྤྱོད་ཀྱི་འགན་སྲུང་རྐྱེན་སྲོལ་འཛུགས་པ་དང་། ལས་རིགས་མཐུན་ཚོགས་དང་འཛུགས་སྐྲུན་ལས་གཞི་གལ་ཆེན་དང་སྦྲེལ་མཐུད་བྱས། ཁེ་ལས་ལ་བཅར་ནས་ལས་གནས་འཚོལ་བའི་བྱ་འགུལ་སྤེལ་ཏེ། ཁེ་ལས་ཀྱི་དགོས་མཁོ་ཤེས་རྟོགས་དང་ལས་གནས་འཚོལ་མཁན་གནད་འཁེལ་སྡེབ་སྒྲིག་བྱས། ཞིང་ཆེན་བརྒལ་བའི་མཐུན་སྦྱོར་ཐབས་ལམ་རྒྱ་བསྐྱེད་དེ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་དང་ཤར་ནུབ་རྒྱུད་ཀྱི་ངལ་རྩོལ་ལས་གཉེར་མཐུན་སྦྱོར་ལས་གཞི་གཏིང་ཟབ་ཏུ་བཏང་བ་དང་། རྨ་ཆུའི་འགྲམ་རྒྱུད་ཀྱི་ཞིང་ཆེན་བར་དང་ལས་གནས་མཉམ་སྤྱོད་ཀྱི་རྐྱེན་སྲོལ་བཙུགས་ཏེ། སྔར་ལས་མང་ཞིང་སྔར་ལས་བཟང་བ་དང་། རང་ཞིང་གི་ངལ་རྩོལ་པའི་ལས་ཞུགས་རེ་མདུན་དང་འཚམ་པའི་ལས་བསྡུའི་ལས་གནས་རྒྱ་ཆེར་གཅིག་སྡུད་བྱས་ནས། སྤུས་ཚད་མཐོ་བའི་ལས་ཞུགས་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་།