མཚོ་སྔོན་ཞིང་ཆེན་གྱིས་དཀའ་ངལ་ཡོད་པའི་མང་ཚོགས་འགན་སྲུང་དྲ་བ་བཙུགས་པས་སྤྱི་ཚོགས་རོགས་སྐྱོབ་བྱ་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།    གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་ནས་ཤེས་རྟོགས་བྱུང་བར།    མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་རོགས་སྐྱོབ་ལས་དོན་གྱིས་གཞི་རྩ་འགན་ལེན་དང་།    མཐའ་སྐྱོད།    འཕྲལ་སྐྱོད།    རྒྱུན་མཐུད་བཅས་ཀྱི་སྤྱིའི་བསམ་ཕྱོགས་ལ་དམིགས་ནས།    རིམ་དབྱེ་རིགས་དབྱེ་བའི་སྤྱི་ཚོགས་རོགས་སྐྱོབ་ལམ་ལུགས་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ་དང་།    བསྒྱུར་བཅོས་གསར་གཏོད་གཏིང་ཟབ་ཏུ་བཏང་སྟེ།    དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་ཁེ་དབང་འགན་སྲུང་ཏན་ཏིག་བྱས་པས།    དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཐོབ་པའི་ཚོར་བ་དང་།    བདེ་སྐྱིད་ཚོར་བ།    བདེ་འཇགས་ཚོར་བ་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།     

རོགས་སྐྱོབ་སྲིད་ཇུས་མ་ལག་འཐུས་ཚང་དུ་བཏང་ནས་“1+5+N”ཆགས་སྟངས་འཛུགས་དགོས།     

མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་སྤྱི་ཚོགས་རོགས་སྐྱོབ་ལམ་ལུགས་སྒྱུར་བཅོས་འཐུས་ཚང་དང་ཡོང་འབབ་དམའ་བའི་མི་འབོར་གྱི་འགུལ་རྣམ་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཡོད།     ཞིང་ཆེན་ཨུ་ལྷན་དང་ཞིང་ཆེན་སྲིད་གཞུང་གི་ཆོག་མཆན་བརྒྱུད《སྤྱི་ཚོགས་རོགས་སྐྱོབ་ལམ་ལུགས་སྒྱུར་བཅོས་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་མཚོ་སྔོན་ཞིང་ཆེན་གྱི་ལག་བསྟར་ཇུས་གཞི》དང《ཡོང་འབབ་དམའ་བའི་མི་འབོར་གྱི་འགུལ་རྣམ་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་བརྒྱབ་ནས་རིམ་པ་དབྱེ་ནས་རིགས་དབྱེ་བའི་སྤྱི་ཚོགས་རོགས་སྐྱོབ་ལས་དོན་ལེགས་པར་བསྒྲུབས་པའི“རོགས་སྐྱོབ་ཆེན་པོའི”ཆགས་ཚུལ་ལ་སྣ་མང་ཞུགས་པའི་ལག་བསྟར་བསམ་འཆར》བཏོན་པ་རེད།     དེ་དང་ཆབས་ཅིག་འཚོ་བའི་འགན་སྲུང་དང་།    དམིགས་བསལ་དབུལ་ཕོངས་དང་།    མཐའ་དམའ་བ།    འགྲོ་སོང་ཅན་གྱི་དབུལ་ཕོངས་སོགས་རོགས་སྐྱོབ་བྱ་ཡུལ་ལ་ཞིབ་བཤེར་གཏན་འཁེལ་བྱེད་ཐབས་བཟོས་པ་དང་།    སྨན་བཅོས་འགན་བཅོལ་དང་།    འཕྲོད་བསྟེན་བདེ་སྲུང་།    འཕྲལ་སྡོམ་སོགས་སྡེ་ཚན་དང་མཐུན་སྦྱོར་བྱས་ནས་འབྲེལ་ཡོད་རོགས་སྐྱོབ་སྲིད་ཇུས་འཐུས་ཚང་དུ་བཏང་བ་མ་ཟད།    སྤྱི་ཚོགས་ཀྱི་སྟོབས་ཤུགས་དེའི་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་ཏེ་སྲིད་གཞུང་གི་རོགས་སྐྱོབ་རིགས་ལྔ་གཙོ་གཟུགས་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཞུགས་པ་ཁ་གསབ་བྱས་པའི“1+5+N”སྤྱི་ཚོགས་རོགས་སྐྱོབ་སྲིད་ཇུས་མ་ལག་ཆགས་ཡོད།     མ་ལག་འདིས་སྤྱི་ཚོགས་ཀྱི་རོགས་སྐྱོབ་དེ་“འཚོ་གནས་འགན་ལེན་”ཁོ་ན་ནས་“ཉེན་ཁ་འགོག་རྒྱུ།    ”“འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི”ཕྱོགས་སུ་བསྒྱུར་བར་སྐུལ་འདེད་བཏང་བ་དང་།    ཕྱོགས་ཡོངས་དང་།    རིམ་པ་དབྱེ་བ།    ཕྱོགས་བསྡུས་ནུས་ཆེའི་སྤྱི་ཚོགས་རོགས་སྐྱོབ་ཀྱི་རྣམ་པ་གཞི་རྩའི་ཆ་ནས་ཆགས་པ་དང་།    དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་ལམ་ལུགས་རང་བཞིན་གྱི་འགན་སྲུང་མཁོ་འདོན་བྱས་ཡོད།     

གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལ་སྐུལ་འདེད་བཏང་སྟེ་མཐར་ཕྱིན་འགན་ལེན་གྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།     

ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དབུལ་སྐྱོར་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པའི་ཁྲོད།    མཚོ་སྔོན་ཞིང་ཆེན་གྱིས་གྲོང་གསེབ་ཀྱི་འཚོ་བ་སྐྱེལ་འགན་སྲུང་ལམ་ལུགས་དང་དབུལ་སྐྱོར་གསར་སྤེལ་དང་གྲོང་གསེབ་དར་རྒྱས་སྲིད་ཇུས་སྦྲེལ་མཐུད་ནུས་ལྡན་བྱེད་པར་སྐུལ་འདེད་ཧུར་ཐག་བཏང་བ་རེད།     འཚོ་བའི་འགན་སྲུང་གི་མཐའ་མཚམས་ཀྱི་ཁྱིམ་ཚང་ཁྲོད་ཀྱི་ནད་ཚབས་ཆེ་ཞིང་དབང་པོ་སྐྱོན་ཅན་ཚབས་ཆེ་བའི་མི་སྣ་ཁེར་རྐྱང་དུ་འཚོ་བའི་འགན་སྲུང་ཁྱབ་ཁོངས་ནང་བཅུག་ནས་རོགས་སྐྱོབ་རིམ་བཞིན་ཕྱིར་འཐེན་དང་ལས་ཞུགས་མ་གནས་འཕྲོག་འཐེན་སོགས་ཀྱི་སྲིད་ཇུས་ལག་བསྟར་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་མ་མཐའ་ནུས་ལྡན་ངང་འགན་ལེན་བྱེད་དགོས།     དམིགས་བསལ་དབུལ་ཕོངས་མི་སྣ་ངོས་འཛིན་བྱེད་པའི་ཆ་རྐྱེན་ལྷོད་དུ་བཏང་ནས་ས་ཁུལ་རིགས་ལྔ་ཡན་གྱི་དམིགས་བསལ་དབུལ་ཕོངས་འཚོ་སྐྱོང་བྱ་ཡུལ་གྱི་ལོ་ན་དམའ་རུ་བཏང་ནས་གཞི་ཁྱོན་འགན་ལེན་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་དགོས།     གནས་སྐབས་རོགས་སྐྱོབ་བྱེད་ནུས་རྒྱ་སྐྱེད་གཏོང་བ་དང་།    རང་འགུལ་ངང་ཤེས་རྟོགས་དང་དུས་ཐོག་རོགས་སྐྱོབ་བྱེད་པའི་ལམ་སྲོལ་བཙུགས་ནས་དབུལ་སྐྱོར་འགག་སྒྲོལ་བྱེད་རིང་ཡིག་ཚགས་དང་བྱང་བུ་འཛུགས་པའི་དབུལ་ཕོངས་མི་འབོར་ཁྲི་52ཁྱོན་ཡོངས་ནས་འགན་སྲུང་ཁྱབ་ཁོངས་སུ་བཅུག་པ་རེད།     ཕན་ནུས་ལྡན་པའི་སྦྲེལ་མཐུད་བྱེད་རིང་ཡང་དབུལ་སྐྱོར་བྱས་ཟིན་པའི་ཡིག་ཚགས་དང་བྱང་བུ་བཙུགས་ཟིན་པའི་མི་འབོར་ཁྲི་17.24གྲོང་གསེབ་ཀྱི་འཚོ་བའི་འགན་ལེན་ནང་བཅུག་ནས་གཞི་ཁྱོན་རང་བཞིན་གྱི་དབུལ་པོར་བསྐྱར་ལོག་མི་བྱེད་པའི་དམའ་ཐིག་མཐའ་གཅིག་ཏུ་སྲུང་འཛིན་བྱས་ནས་བསྒྱུར་བཅོས་དང་འཕེལ་རྒྱས།    བརྟན་ལྷིང་གི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་ཡོད།     

མཐར་ཕྱིན་འགན་སྲུང་གི་ཆུ་ཚད་མཐོ་རུ་བཏང་ནས་གནོད་འཚེ་ཕོག་ནས་དཀའ་ངལ་འཕྲད་པའི་མང་ཚོགས་ལ་དུས་ཐོག་ཏུ་རོགས་སྐྱོབ་བྱས་པ།     

མཚོ་སྔོན་ཞིང་ཆེན་དམངས་སྲིད་སྡེ་ཚན་གྱིས་ནོར་སྲིད་སྡེ་ཚན་དང་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་བཏང་ནས་དམངས་འཚོ་མ་དངུལ་མུ་མཐུད་མང་དུ་བཏང་བ་དང་།    སྤྱི་ཚོགས་རོགས་སྐྱོབ་འགན་སྲུང་ཚད་གཞི་འགུལ་རྣམ་ལེགས་སྒྲིག་ལམ་སྲོལ་བཙུགས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགན་སྲུང་ཚད་གཞི་བརྟན་པོའི་ངང་མཐོ་རུ་བཏང་བ་རེད།     གྲོང་ཁྱེར་གྱི་མ་མཐའི་འགན་སྲུང་ཚད་གཞི་ཟླ་རེར་སྒོར་580ནས་ཟླ་རེར་སྒོར་700བར་མཐོ་རུ་བཏང་བ་དང་།    གྲོང་གསེབ་ཀྱི་མ་མཐའི་འགན་སྲུང་ཚད་གཞི་ལོ་རེར་སྒོར་4300ནས་ལོ་རེར་སྒོར་5676བར་མཐོ་རུ་བཏང་བ་དང་།    དམིགས་བསལ་དབུལ་ཕོངས་གསོ་སྐྱོང་མི་སྣའི་གཞི་རྩའི་འཚོ་བའི་ཚད་གཞི་ཟླ་རེར་སྒོར་870ནས་ཟླ་རེར་སྒོར་1050བར་མཐོ་རུ་བཏང་བ་དང་།    གནས་སྐབས་རོགས་སྐྱོབ་ཚད་གཞི་མཐོ་ཤོས་དེ་ལོ་རེའི་གྲོང་ཁྱེར་གྱི་མ་མཐའི་འགན་སྲུང་ཚད་གཞིའི་ལྡབ་5(སྒོར་ཁྲི་4.2)བར་མཐོ་རུ་བཏང་བ་མ་ཟད།    གནས་སྐབས་རོགས་སྐྱོབ་དབང་ཚད་ཁག་གཅིག་གཤམ་སྤྲོད་བྱས་ནས་རོགས་སྐྱོབ་དུས་ནུས་རང་བཞིན་མཐོ་རུ་བཏང་བ་རེད།     ལོ་ལྔའི་རིང་ལ་དཀའ་ངལ་ཡོད་པའི་མང་ཚོགས་རིམ་རྩིས་བྱས་ན་མི་ཐེངས་ཁྲི་300ལས་བརྒལ་བ་དང་རོགས་སྐྱོབ་མ་དངུལ་སྒོར་དུང་ཕྱུར་159བཏང་བ་རེད།     ལྷག་པར་དུ་མ་ཏུའོ་ས་ཡོམ་དང་ཀན་སུའུ་ཅི་ཧྲི་ཧྲན་ས་ཡོམ་སོགས་གནོད་འཚེ་བྱུང་རྗེས།    འཕྲལ་སྡོམ་རོགས་སྐྱོབ་མ་དངུལ་མགྱོགས་མྱུར་ངང་གཏོང་སྤྲོད་བྱས་པ་དང་།    རོགས་སྐྱོབ་མ་དངུལ་སྔོན་ལ་སྤྲད་པས།    གནོད་འཚེའི་དབང་གིས་དཀའ་ངལ་འཕྲད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་སྲུང་ནུས་ལྡན་བྱས་ཏེ།    དམངས་སེམས་བརྟན་ལྷིང་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཁྲོད་འགག་རྩའི་ནུས་པ་འདོན་སྤེལ་བྱས་ཡོད།     

ལམ་ལུགས་སྒྱུར་བཅོས་གསར་གཏོད་གཏིང་ཟབ་ཏུ་བཏང་སྟེ་ཚོད་ལྟའི་རྣམ་གྲངས་མང་པོར་རྒྱལ་ཡོངས་ཀྱི་ཁས་ལེན་ཐོབ་པ།     

མཚོ་སྔོན་ཞིང་ཆེན་གྱིས་ནང་དོན་ཁག་དགུ་སྤྱི་ཚོགས་རོགས་སྐྱོབ་སྒྱུར་བཅོས་གསར་གཏོད་ཚོད་ལྟའི་རྣམ་གྲངས་ནང་བཅུག་པ་དེའི་ནང་ཞབས་ཞུའི་རིགས་ཀྱི་སྤྱི་ཚོགས་རོགས་སྐྱོབ་དང“སྲིད་ཇུས་གཉིས”སྦྲེལ་མཐུད་མཉམ་སྒྲིལ་སོགས་ཀྱི་ཕྱོགས་ཚུད་ཡོད་པ་མ་ཟད།    ཚོད་ལྟའི་ཚན་པས་ནུས་ལྡན་གྱི་ཐབས་ལམ་དང་སྲིད་ཇུས་བྱེད་ཐབས་འཚོལ་ཞིབ་བྱ་རྒྱུ་གཏན་འཁེལ་བྱས་ཡོད།     ཏ་ཐུང་རྫོང་དང་སྤྱི་མཐུན་རྫོང་དམངས་དོན་ཅུས་ཀྱིས“སྲིད་ཇུས་གཉིས”སྦྲེལ་མཐུད་དང་མཉམ་སྒྲིལ་ཚོད་ལྟ་བྱེད་སྐབས་བློ་ཁོག་ཆེན་པོས་གསར་གཏོད་བྱས་ཏེ་ཚད་གཞི་དང་།    སྲིད་ཇུས།    ལས་དོན།    གདེང་འཇོག་མ་ལག་བཅས་སྦྲེལ་མཐུད་བྱ་རྒྱུར་སྐུལ་འདེད་བཏང་བར་དམངས་སྲིད་པུའུ་ཡིས་ཁས་ལེན་གང་ལེགས་ཐོབ་པ་དང་སྤྱི་མཐུན་རྫོང་གི་ཚོད་ལྟའི་ལག་བསྟར་ཇུས་གཞི་རྒྱལ་ཡོངས་སུ་བརྒྱུད་སྤྲོད་དང་ཁྱབ་གདལ་བཏང་ཡོད།     དེ་དང་ཆབས་ཅིག་“གཏོང་སྤྲོད་དོ་དམ་ཞབས་འདེགས་ཞུ་བའི་”སྒྱུར་བཅོས་གཏིང་ཟབ་ཏུ་སྤེལ་བ་དང་།    འཚོ་བའི་འགན་བཅོལ་ཞིབ་བཤེར་གཏན་འཁེལ་གྱི་དབང་ཚད་གཤམ་སྤྲོད་ཁྱབ་གདལ་བཏང་བ་དང་།    ཞིབ་བཤེར་གཏན་འཁེལ་གྱི་དུས་ཚད་ཉིན་60ཡས་མས་ནས་ལས་ཀའི་ཉིན་20བར་ཐུང་དུ་བཏང་ནས་འཚོ་བའི་འགན་བཅོལ་རེ་ཞུ་བྱེད་པའི་ལས་ཆོད་ཆེས་ཆེར་མཐོ་རུ་བཏང་བ་རེད།     

གྲངས་འཛིན་ནུས་སྤྲོད་ཀྱི་སྤུས་ཚད་མཐོ་རུ་ཕན་འབྲས་ཆེ་རུ་གཏོང་བ་དང་།    འགུལ་རྣམ་ལྟ་ཞིབ་ཚད་ལེན་གྱི་ཆ་འཕྲིན་སྟེགས་བུ་འཐུས་ཚང་དུ་གཏོང་བ།     

མཚོ་སྔོན་ཞིང་ཆེན་གྱིས་ཡོང་འབབ་དམའ་བའི་མི་འབོར་གྱི་འགུལ་རྣམ་ལྟ་ཞིབ་ཚད་ལེན་ཆ་འཕྲིན་སྟེགས་བུ་འཐུས་ཚང་དང་འཐུས་ཚང་དུ་བཏང་བ་དང་།    “1+3+1”སྤྱི་ཚོགས་རོགས་སྐྱོབ་ཆ་འཕྲིན་ཅན་གྱི་མ་ལག་བཏོད་པ།    ཕྱོགས་བསྡུས་རང་བཞིན་གྱི་དོ་དམ་ཞབས་ཞུའི་སྟེགས་བུ་བསྐྲུན་ཡོད།     ལྟ་ཞིབ་ཚད་ལེན་སྔོན་བརྡའི་ཐད་རིགས་ཆེན་གསུམ་གྱི་སྔོན་བརྡའི་དམིགས་ཚད་ཁག་47བཟོས་ནས་ལྟ་ཞིབ་ཚད་ལེན་མ་ལག་འཐུས་ཚང་དུ་བཏང་བ་རེད།     སྡེ་ཚན་གྱི་གྲངས་གཞི་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཟླ་བ་ལྟར་བརྗེ་རེས་དང་དུས་ཚིགས་ལྟར་བསྡུར་བ་བྱེད་པའི་ལས་ཀའི་ལམ་སྲོལ་བཙུགས་ཏེ་སྡེ་ཚན་མང་པོ་དང་དངུལ་རྩའི་སྒྲིག་གཞི་དང་གྲངས་གཞི་མཉམ་སྤྱོད་མངོན་འགྱུར་བྱས་ཏེ་ལོ་འཁོར་གྱི་གྲངས་གཞི་ཁྲི་40ཡན་བརྗེ་རེས་བྱས་པ་རེད།     ལས་སྟེགས་ཐོག་དཀའ་ངལ་ཡོད་པའི་མི་སྣ་ཁྲི་བརྒྱ་ལྷག་ཙམ་གྱི་ཆ་འཕྲིན་བསྡུ་རུབ་བྱས་ནས་དཀའ་ངལ་ཡོད་པའི་ཁྱིམ་ཚང་ཁྲི་60ཙམ་ཁྱབ་པ་དང་སྤྱི་ཚོགས་རོགས་སྐྱོབ་ཕྱོགས་བསྡུས་དོ་དམ་ནུས་པ་དང་ཞབས་ཞུའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།     

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།