མཚོ་བྱང་ཁུལ་གྱིས་ཚོང་འགུག་དངུལ་འདྲེན་གྱི་ཕན་འབྲས་དངོས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

 ད་ལོ་ནས་བཟུང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ལ་དམིགས་ནས། སྟོབས་ཤུགས་སྔར་ལས་ཆེ་བ་དང་བྱེད་ཐབས་སྔར་ལས་ལག་བསྟར་བྱེད་པའི་ཚོང་འགུག་དངུལ་འདྲེན་གྱི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ལོ་ཧྲིལ་པོའི་ཚོང་འགུག་དངུལ་འདྲེན་གྱི་ལས་དོན་གྱི་འགོ་ཡག་པོ་ཚུགས་པ་དང་གོམ་ཁ་ལེགས་པོ་བསྒྱུར་བར་སྐུལ་འདེད་བཏང་། མིག་སྔའི་བར་མ་དངུལ་བསྡོམས་པས་སྒོར་དུང་ཕྱུར20.8བཏང་བའི་ཆུ་ཚའི་ཐོན་ལས་གླིང་ཁུལ་གྱི་མི་མེད་གནམ་གྲུའི་ཚོད་ལྟའི་འཕུར་སྐྱོད་རྟེན་གཞི་དང་། དེ་བཞིན་རིག་ནུས་རྩིས་རྒྱག་ལྟེ་གནས་རྣམ་གྲངས་བཅས་ལ་གྲོས་མཐུན་གན་རྒྱ་བཞག་ཡོད་པ་མ་ཟད། སི་ཁྲོན་ཞིང་ཆེན་རང་བྱུང་ཐོན་ཁུངས་དངུལ་གཏོང་སྡེ་ཚོགས་དང་གྲོས་མཐུན་བྱུང་བ་དང་། “མཚོ་སྔོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུའི”སྔོན་ལ་མཉམ་ལས་དོན་འཁྱོལ་བྱ་རྒྱུའི་འཆར་གཞི་ཡོད།

མཚོ་བྱང་ཁུལ་གྱིས“གཟའ་འཁོར་གཉིས་ཀྱི་གསེད་བཀྲོལ་དང་ཟླ་རེའི་བཀོད་གཏོང་། དུས་ཚིགས་བསྐྱར་འཛུགས”ཀྱི་ལམ་ལུགས་གསར་བ་བཙུགས་ནས། ཞིབ་ཐོ་ཅན་གྱི་སྐས་རིམ་དོ་དམ་ཁྱབ་སྤེལ་བཏང་སྟེ་གཙོ་གནད་སྟེང་ཚད་བརྒལ་བྱུང་ནས་ཁྱོན་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་པ་དང་། ནུས་ཁུངས་གསར་པ་དང་སྐྱེ་ཁམས་ཞིང་ཕྱུགས་ལས་སོགས་གཙོ་གནད་ཐོན་ལས་ལ་དམིགས་ནས། དམངས་གཉེར་ཁེ་ལས་སྟོབས་ཆེན500དང་། ཀྲུང་དབྱང་གི་ཁེ་ལས་དང་ཁེ་ལས་གཙོ་གནད་་ཁག་གཅིག་ནང་འདྲེན་བྱས་པ་མ་ཟད། མཚོ་བྱང་ཁུལ་གྱི་ཐོན་ལས་གླིང་ཁག་གི་བྱེད་ནུས་གནས་ངེས་དང་ཐོན་ལས་རྨང་གཞིར་བརྟེན་ནས་ཁྱད་པར་ཅན་གྱི་ཚོང་འགུག་ཐབས་ཇུས་འགྲེམ་སྤེལ་བྱས་པ་བརྒྱུད། སྤུས་ལེགས་རྣམ་གྲངས་དེ་བས་མང་པོར་གནས་འདི་རུ་གཞི་ཚུགས་པར་མཐུན་རྐྱེན་བསྐྲུན།

ཚོང་འགུག་དངུལ་འདྲེན་གྱི་ནུས་པ་ཆེ་རུ་གཏོང་བ་དང་རྫོང་ཁོངས་ཀྱིས་ཚོང་འགུག་སྣེ་ཁྲིད་བྱེད་པ། གླིང་ཁུལ་གྱིས་ཚོང་འགུག་གསར་གཏོད་བྱེད་པ། རོགས་འདེགས་མཐུན་སྦྱོར་གྱིས་ཚོང་འགུག་བྱེད་པ། ཞིང་ཕྱུགས་ཐོན་ལས་ཀྱི་ཕྲེང་འབྲེལ་སྣུར་སྲིང་ཚོང་འགུག་བྱེད་པ་སོགས“འགུལ་སྐྱོད་བཅུ”དང་གཙོ་གནད་བྱེད་སྒོ14ཁྱོན་ཡོངས་ནས་སྤེལ་ཏེ། 2025ལོ་ནས2027ལོ་བར་གྱི་གྲབས་གསོག་རྣམ་གྲངས་རིམ་བཞིན་འཆར་འགོད་བྱས་པ་དང་། གྲབས་གསོག་རྣམ་གྲངས་ཀྱི་སྤུས་ཚད་མཐོ་རུ་བཏང་ནས་རྣམ་གྲངས་ཀྱི་གསོན་ཤུགས་ཆེ་རུ་བཏང་། མིག་སྔར་གྲབས་གསོག་རྣམ་གྲངས100བསྡུ་རུབ་བྱ་རྒྱུའི་འཆར་གཞི་ཡོད་པ་དང་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར907.3ལ་སླེབས།  །  

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།