ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་ཨང་དང་པོའི་དགོངས་དོན་སྔར་བས་དོན་འཁྱོལ་དང་། ཁུལ་དང་རྫོང་གི་ལས་བྱེད་པ་བརྒྱ་ཕྲག་གཞི་རིམ་དུ་བསྐྱོད་པའི“སྒྲོག་གཅིག་སྐུལ་གསུམ”དྲིལ་སྒྲོག་བྱ་བ་བཀོད་སྒྲིག་དོན་འཁྱོལ་བྱ་ཆེད། ཟླ3པའི་ཚེས11ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གོང་སྨད་ཞང་གིས་ལུང་སྔོན་སྡེ་བ་དང་སོག་ཆེན་སྡེ་བ་ལྟེ་བར་བྱས་ཏེ་ལས་བྱེད་བརྒྱ་ཕྲག་གཞི་རིམ་དུ་བསྐྱོད་པའི“སྒྲོག་གཅིག་སྐུལ་གསུམ”བྱ་འགུལ་མུ་མཐུད་སྐུལ་འདེད་དང་གཏིང་ཟབ་ཏུ་བཏང་བ་རེད།
སྣ་མང་དྲིལ་བསྒྲགས་དཔུང་སྡེ། དྲིལ་སྒྲོག་བྱ་འགུལ་གྱི་ཕན་འབྲས་མངོན་གསལ་དོད་པོ་ཡོང་བའི་འགན་ལེན་བྱ་ཆེད། གོང་སྨད་ཞང་གི་ཏང་དང་སྲིད་གཞུང་གི་འགོ་ཁྲིད་པས་སྣེ་ཁྲིད་དེ“སྒྲོག་གཅིག་སྐུལ་གསུམ”གྱི་བྱ་འགུལ་སྤེལ་ནས་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་དྲིལ་སྒྲོག་བྱས་པ་རེད། དེ་དང་ཆབས་ཅིག་ཞང་ཏང་ཨུ་དང་སྲིད་གཞུང་གིས་བྱེད་ཐབས་མང་པོ་སྤྱད་དེ་རྫོང་སྨན་བཅོས་འགན་བཅོལ་སྡེ་ཚན་དང་མཉམ་འབྲེལ་ཐོག་སྨན་བཅོས་འགན་སྲུང་སྲིད་ཇུས་སྒྲོག་འགྲེལ་བྱས་ཤིང་། སྡེ་བ་སོ་སོའི་ཏང་ཀྲི་པུའུ་ཧྲུའུ་ཅི་སྒྲིག་འཛུགས་བྱས་ནས་ས་གནས་ཀྱི་སྡེ་སྲོལ་དམངས་ཆིངས་སྒྲོག་འགྲེལ་བྱས་པ་དང་། ཞང་མངགས་གཏོང་ཁང་དང་ཞང་འཕྲོད་བསྟེན་ཁང་གདན་འདྲེན་བྱས་ནས་འཕྲོད་བསྟེན་བདེ་ཐང་ཤེས་བྱ་དང་བརྟན་བརླིང་བདེ་འཇགས་སྲུང་སྐྱོང་བྱ་བ་སྒྲོག་འགྲེལ་བྱས་པར་མ་ཟད། ཆེད་མངགས་མི་སྣ་བཀོད་སྒྲིག་བྱས་ནས་སློབ་གསོ་དང་གྲོང་གསེབ་དར་སྤེལ་སོགས་ཁྲིམས་སྲོལ་སྲིད་ཇུས་དྲིལ་སྒྲོག་བྱས། ཞང་གི་དམངས་དམག་དཔུང་ཁག་སྒྲིག་འཛུགས་བྱས་ནས་འཕྲུལ་རྟ་རུ་ཁག་འབྲོག་ཁྱིམ་དུ་བསྐྱོད་ནས་དྲིལ་སྒྲོག་བྱེད་པ་དང་དྲིལ་སྒྲོག་རྒྱུ་ཆ་བརྒྱུད་སྤྲོད་བྱས།
དྲིལ་སྒྲོག་རྣམ་པ་སྣ་མང་ཅན་ཡིན་པ། སྲིད་ཇུས་སྒྲོག་འགྲེལ་ཁྱབ་ཁོངས་རྒྱ་བསྐྱེད་ཆེད། ཐེངས་འདིའི་སྒྲོག་འགྲེལ་དེ“དྲ་ཐོག་དང་དྲ་འོག”ལམ་གཉིས་ཀྱི་ཐོག་ནས“རྟ་ཐོག་ཏང་འཛུགས”སྒྲོག་འགྲེལ་རུ་ཁག་དང་། འཕྲུལ་རྟ་སྒྲོག་འགྲེལ་རུ་ཁག དང་བླངས་ཞབས་ཞུའི་རུ་ཁག བུད་མེད་མཉམ་འབྲེལ་ཚོགས་ཆུང་བཅས་ཀྱི་བྱ་བའི་གཟུགས་བརྙན་ཕབ་ལེན་བྱས་པ་བརྒྱུད། “སྨྱན་སྦྱོར+སྒྲོག་འགྲེལ”དང“བརྙན་ལམ+སྲིད་ཇུས”ཀྱི་རྣམ་པ་སྤྱད་དེ། སྐད་འཕྲིན་གྱི་འཕྲིན་སྟེགས་དང་བརྙན་ལམ་བརྒྱུད་ནས་ཁྱབ་བསྒྲགས་བྱས་པ་དང་། བརྙན་ལམ་ནས་བལྟས་ཚད་མི་ཐེངས500ལྷག་ཙམ་དུ་སླེབས་ནས་དྲིལ་སྒྲོག་ཁྱབ་ཁོངས་སྔར་བས་རྒྱ་ཆེར་བཏང་བ་དང་སྒྲོག་འགྲེལ་གྱི་ཕན་འབྲས་ཆེ་རུ་ཕྱིན་ཡོད།
དྲིལ་སྒྲོག་ནང་དོན་གནད་ལ་འཁེལ་བ། དྲིལ་སྒྲོག་བྱ་བའི་ཚོགས་ཆུང་གིས་ས་གནས་མང་ཚོགས་ཀྱི་དགོས་མཁོ་དང་འཚམ་པའི་སྒོ་ནས། དྲིལ་སྒྲོག་བྱེད་སྟངས་འཚོལ་ཞིབ་དང་གསར་གཏོད་བྱས་ཏེ་དྲིལ་སྒྲོག་བྱ་བའི་དམིགས་སའི་རང་བཞིན་དང་ཕན་འབྲས་ཆེ་བའི་རང་བཞིན་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། གོ་སླ་བའི་སྐད་ཆ་དང་མང་ཚོགས་ཀྱིས་ཤེས་ཐུབ་པའི་དྲིལ་སྒྲོག་དཔྱད་གཞིའི་ཡིག་རིགས་སྤྱད་དེ་སྲིད་ཇུས་ལ་གསལ་འགྲེལ་ཞིབ་ཕྲ་བྱས། གཞན་ཡང་དྲིལ་སྒྲོག་བྱ་བས་རྩྭ་རའི་རྩོད་གཞི་དང་གན་རྒྱའི་རྩོད་གཞི་སོགས་ལ་དམིགས་ནས་བཅའ་ཁྲིམས་འཆད་ཁྲིད་བྱས་པ་དང་འགལ་བ་དང་རྩོད་གཞི་སྣ་ཚོགས་འདུམ་འགྲིག་བྱས།
རྗེས་མར་གོང་སྨད་ཞང་གིས་ཐེངས་འདིའི་ལས་བྱེད་པ་བརྒྱ་ཕྲག་གྲོང་གསེབ་ཏུ་བསྐྱོད་པའི“སྒྲོག་གཅིག་སྐུལ་གསུམ”དྲིལ་སྒྲོག་བྱ་འགུལ་གོ་སྐབས་སུ་བརྩིས་ནས་སྲིད་ཇུས་དྲིལ་སྒྲོག་དང་། དམངས་འཚོ་ཞབས་ཞུ། ཁོར་ཡུག་བཅོས་སྐྱོང་བཅས་ཀྱི“སྣེ་གསུམ་གཞི་གཅིག”གི་སྐུལ་འདེད་བྱེད་སྟངས་བརྒྱུད་གཞི་རིམ་བཅོས་སྐྱོང་གི་བྱེད་ཐབས་སྤྱད་ནས་གྲོང་གསེབ་དར་སྤེལ་བྱ་བར་འབད་པ་ལྷོད་མེད་བྱ་རྒྱུ་རེད།