ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་མི་སེམས་སུ་འཇགས་པར་སྐུལ་འདེད་གཏོང་ཆེད། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་གིས“སྒྲོག་གཅིག་སྐུལ་གསུམ”གྱི་གཞི་རིམ་གྱི་གཞུང་ལུགས་སྒྲོག་འགྲེལ་བྱ་འགུལ་སྤེལ། “རྫ་ཆུའི་དར་དམར”གྱི་སྒྲོག་འགྲེལ་ཆས་རྟགས་ཀྱི་ནུས་པ་དང་འགུག་ཤུགས་འདོན་སྤེལ་བྱས་ནས། ཞང་དང་གྲོང་རྡལ། སྡེ་བ་བཅས་སུ་མང་ཚོགས་དང་ཉེ་ས་ནས་སྒྲོག་འགྲེལ་བྱས། སྒྲོག་འགྲེལ་ཚོགས་པའི་ཚོགས་མིས“རིག་རྩལ+གཞུང་ལུགས+སྲིད་ཇུས+ཁྲིམས་སྐྱོང+འོས་འགན་སྨན་བཅོས+N”བཅས་ཀྱི་བྱ་འགུལ་སྤེལ་སྟངས་ལྟར། མང་ཚོགས་ལ་སྒྲོག་འགྲེལ་གསལ་ཐག་ཆོད་པ་བྱས། རྫོང་རིམ་པའི་འགོ་ཁྲིད་ཀྱིས་རྫོང་ཨུའི་གཞུང་ལུགས་ལྟེ་གནས་ཚན་ཆུང་བརྒྱུད་ནས་སློབ་སྦྱོང་བྱས་པར་མ་ཟད། “གནད་འགག་ཉུང་ཤས”ཀྱིས་སྔོན་ལ་བསླབས་ཏེ“མང་ཤས”ཀྱི་སྣེ་ཁྲིད་པ་དང་དཔེ་སྟོན་གྱི་ནུས་པ་བཏོན། དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ས་ཚིགས་དང་ཏང་ཡོན་བྱ་འགུལ་ཁང་། རོང་འབྲོག་ཁྱིམ་གྱི་དཔེ་ཁང་སོགས་རྣམ་པ་དུ་མ་ནས་སྒྲོག་འགྲེལ་བྱ་འགུལ་སྤེལ། དུས་མཚུངས་སུ། སྒྲོག་འགྲེལ་གྱི་གོ་རིམ་ཁྲོད་དུ། རྫ་སྟོད་རྫོང་གི་ཞང་དང་གྲོང་རྡལ་སོ་སོ་དང་སྡེ་ཁག་སོ་སོ་སྡེ་བ་དང་ཁྱིམ་ཚང་དུ་སོང་ནས་མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་བྱས་ཤིང་། དམངས་འཚོའི་གནད་དོན་ལེགས་པར་རིགས་དབྱེ་ནས། མང་ཚོགས་ཀྱི་དགོས་མཁོ་གསལ་པོར་རྟོགས་པ་དང་། ཞང་གྲོང་སོ་སོ་དང་སྡེ་ཁག་སོ་སོའི་འཕེལ་རྒྱས་བགྲོད་ལམ་ལེགས་པར་རྟོགས་པ། འགལ་རྐྱེན་སྣ་ཚོགས་ལེགས་པར་བརྟག་པ་སོགས་ཀྱིས་གནད་དོན་ཐག་གཅོད་དང་དོ་དམ་བྱེད་ཐབས་ཀྱི་ནང་རྐྱེན་བཙུགས།
ཏང་གི་སྲིད་ཇུས་བཟང་པོ་གཞི་རིམ་དུ་སྒྲོག་པ།
ཐོན་ལས་ལ་མཛུབ་སྟོན་བྱེད་ཆེད་ཁྱིམ་དུ་སོང་ནས་སྒྲོག་འགྲེལ་བྱེད་པ།
རིག་རྩལ་སྒྲོག་འགྲེལ་ཀྱིས་དམངས་སེམས་གཅིག་ཏུ་སྡུད་པ།