མཚོ་སྔོན་རྨ་ལྷོ་ཡིས་འོས་འགན་ཤིང་འཛུགས་དྲིལ་སྒྲོག་བྱེད་སྒོ་སྤེལ་བ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།    ཟླ3པའི་ཚེས12ཉིན།   རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནགས་ལས་དང་རྩྭ་ཐང་ཅུའུ་དང་།    ཐུན་ཀུན་གྲོང་ཁྱེར་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུའུ།    རྨ་ལྷོ་ཁུལ་ནགས་ལས་ས་ཚིགས་བཅས་ཀྱིས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཀུན་གྲོང་ཁྱེར་རེབ་གོང་ཐང་ཆེན་དུ་“3·12”འོས་འགན་ཤིང་འཛུགས་དྲིལ་སྒྲོག་བྱེད་སྒོ་སྤེལ།     དེའི་དམིགས་ཡུལ་ནི“བྱང་གསུམ”ལས་གཞིའི་འགག་སྒྲོལ་དམག་འཐབ་ཁྱོན་ཡོངས་ནས་ཡག་པོ་བྱས་ཏེ།    མང་ཚོགས་ཀྱི་ལྗང་ལྗང་འདེབས་འཛུགས་དང་།    ལྗང་མདོག་ལ་དགའ་བ།    ལྗང་མདོག་སྲུང་སྐྱོང་བཅས་ཀྱི་འདུ་ཤེས་ཆེ་རུ་གཏོང་བ་དང་།    ལྗང་མདོག་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་དར་སྤེལ་གཏོང་བ།    དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་བྱེད་སྒོའི་རྣམ་པ་གསར་གཏོད་བཅས་བྱ་རྒྱུ་རེད།     

བྱེད་སྒོ་དེ“ཤིང་འཛུགས་འོས་འགན་བསྒྲུབས་པ་དང་མཛེས་སྡུག་ལྡན་པའི་རྨ་ལྷོ་ཐུན་མོང་ཐོག་འཛུགས་པ”བརྗོད་བྱ་གཙོ་བོར་བྱས་པ་དང་ས་གནས་ས་ཐོག་ཏུ་བཀལ་པའི་འཕྲོ་འགེལ་གྱི་སྦྱར་ཡིག་ཐོག་ནས་རྨ་ལྷོ་ཁུལ་གྱི་ལྗང་མདོག་འཕེལ་རྒྱས་ཀྱི་བློ་བརྟན་འགྱུར་མེད་བརྒྱུད་སྤྲོད་བྱས་པ་དང་དྲིལ་སྒྲོག་འགྲེམས་སྟོན་པང་ལེབ་རེ་རེ་བཞིན་ཐོག་རྨ་ལྷོ་ཁུལ་གྱིས་ལོ་མང་རིང་འོས་འགན་ཤིང་འཛུགས་དང་ནགས་བཟོ་སྔོ་འགྱུར་ཁྱབ་ཁོངས་སུ་ཐོབ་པའི་གྲུབ་འབྲས་མངོན།     ལས་དོན་མི་སྣས་དྲིལ་སྒྲོག་དེབ་དེབ་དང་དྲིལ་སྒྲོག་དངོས་རྫས་སྤྲོད་པ་དང་ཆབས་ཅིག་སྡོང་འཛུགས་ནགས་སྲུང་ཤེས་བྱ་ཚན་རིག་ཁྱབ་གདལ་གཏོང་གི་ཡོད།     

ཉེ་བའི་ལོ་ཤས་རིང་རྨ་ལྷོ་ཁུལ་གྱིས་ལྗང་མདོག་སྐྱེ་ཁམས་འགོག་སྲུང་ཆ་ཚང་འཛུགས་སྐྱོང་བྱ་རྒྱུ་དམིགས་ཚད་དུ་བྱེད་པ་དང་ལྗང་མདོག་ནགས་འཛུགས་དང་ས་ཆུ་ཤོར་བ་བཅོས་སྐྱོང་གཙོ་གནད་དུ་བཟུང་སྟེ།    ཉམས་ཞན་ནགས་ཚལ་གྱི་སྐྱེ་ཁམས་ཉམས་གསོ་གཏིང་ཟབ་སྤེལ་བ་དང་།    ནགས་ཚལ་ཆུང་འབྲིང་གསོ་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བྱས་ཏེ།    འགོག་སྲུང་ནགས་ཚལ་མ་ལག་འཐུས་ཚང་དང་འགོག་སྲུང་ནགས་ཚལ་གྱི་ཕྱོགས་བསྡུས་ནུས་པ་ཆེ་རུ་གཏོང་བ་སོགས་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།     རྨ་ཆུ་དང་ལུང་ཝུའུ་གཙང་པོའི་འབབ་རྒྱུད་དུ་ལྗང་མདོག་བར་ཁྱམས་རིང་པོ་གཉིས་བསྐྲུན་རྒྱུར་དམིགས་ནས“སི་ཁྲོན་ལམ་དུ་ལྗང་མདོག་བར་ཁྱམས་བསྐྲུན་རྒྱུ་དང་།    རི་གཏིང་ཐུང་དུ་ས་ཆུ་བཅོས་སྐྱོང་བྱ་རྒྱུ།    ཀླད་རི་བོའི་ཆུ་ཁུངས་སྲུང་བ།    མཐོ་སྒང་གི་རྩྭ་ཐང་བསྐྲུན་པའི”སྐྱེ་ཁམས་འཛུགས་སྐྲུན་གྱི་བསམ་ཕྱོགས་ཕྱོགས་སྡོམ་བྱས་ནས་ཆགས་པ་རེད།     མིག་སྔར“བྱང་གསུམ”ལས་གྲྭའི་ཐོག་མི་ཐབས་ཀྱིས་ནགས་བཟོ་སྤྱི་ཆིང་ཁྲི2.6དང་།    རི་བཀག་ནགས་གསོ་སྤྱི་ཆིང་ཁྲི་6.9བཅས་ལེགས་འགྲུབ་བྱས་པ་དང་།    ཉམས་ཞན་ནགས་ཚལ་སྤྱི་ཆིང་1333.3ཉམས་གསོ་བྱས།     

རྨ་ལྷོ་ཁུལ་གྱིས་མུ་མཐུད་བྱ་སྤྱོད་སྤེལ་ཤུགས་ཆེ་རུ་བཏང་ནས་དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་བྱེད་སྒོ་གྲ་སྒྲིག་ཞིབ་ཚགས་བྱ་རྒྱུ་དང་འབྲེལ་སྒྲིག་འཛུགས་བྱ་རྒྱུ་ཡིན་པ་རེད།     “རྨ་ལྷོ་ཁུལ་གྱི་འོས་འགན་ཤིང་འཛུགས་རྟེན་གཞི”སྟེགས་བུ་དེར་བརྟེན་ནས“དྲ་སྦྲེལ་+དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་”ཀྱི་རྣམ་པ་ཁྱབ་སྤེལ་ཤུགས་ཆེན་བྱས་ཏེ།    གྲོང་མི་སྔར་ལས་མང་བ་དྲ་ཐོག་དང་དྲ་འོག་ཟུང་འབྲེལ་གྱི་བྱ་ཐབས་བརྒྱུད་ཤིང་འཛུགས་བྱེད་སྒོར་ཞུགས་རྒྱུར་སྐུལ་མ་གཏོང་བ་དང་།    ཕྱོགས་ཁག་གི་སྟོབས་ཤུགས་གཅིག་སྡུད་བྱས་ཏེ“བྱང་གསུམ་པའི”འགག་སྒྲོལ་ལ་རྨ་ལྷོ་ཡི་སྟོབས་ཤུགས་ཕུལ་ནས་སྐྱེ་ཁམས་འཚོ་རུང་བའི་མཛེས་སྡུག་ལྡན་པའི་རྨ་ལྷོ་གསར་པ་ལག་གདང་སྦྲེལ་ནས་གཏོད་དགོས།     

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།