མཚོ་སྔོན་ནུས་རྒྱུ་ཚོགས་པས་ལྗང་མདོག་གྲངས་གཞི་ཅན་གྱི་རྣམ་གྲངས་འཛུགས་སྐྲུན་གྱིས་རྡོ་སོལ་འཕེལ་རྒྱས་ལ་རོགས་རམ་བྱས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ2པའི་ཚེས24ཉིན།    མཚོ་སྔོན་ཞིང་ཆེན་ནུས་རྒྱུ་འཕེལ་རྒྱས(ཚོགས་པ)ཚད་ཡོད་འགན་འཁྲི་ཀུང་སིས་གནས་ཚུལ་ཁྱབ་བསྒྲགས་བྱས་པར།     མཚོ་སྔོན་ཞིང་ཆེན་ནུས་རྒྱུ་ཚོགས་པ་དང་།    ཧྲན་ཏུང་ཚན་རྩལ་སློབ་ཆེན།    ཨོའུ་ཕུའུ་རུའེ་ཐའེ་ཁོར་ཡུག་ཚན་རྩལ་ཚད་ཡོད་ཀུང་སིས་མཉམ་འབྲེལ་ཐོག་ལེགས་གྲུབ་བྱས་པའི“ལྗང་མདོག་གྲངས་གཞི་ཅན་གྱི་གཏེར་ཁུལ་ཐགས་རྣམ་པའི་སྐྱེལ་འདྲེན་མ་ལག་གི་རིག་ནུས་ཐཱན་ཉུང་འཁོར་སྐྱོད་ཀྱི་འགག་རྩའི་ལག་རྩལ་དང་དཔེ་སྟོན་”རྣམ་གྲངས་ལ་མཚོ་སྔོན་ཞིང་ཆེན་གྱི་ཚན་རིག་ལག་རྩལ་གྲུབ་འབྲས་ཁས་ལེན་གྲུབ་འབྲས་ཐོབ།     དེ་དང་ཆབས་ཅིག་རྣམ་གྲངས་དེར་ད་དུང་ཀྲུང་གོ་རྡོ་སོལ་བཟོ་ལས་མཐུན་ཚོགས་དང་ཀྲུང་གོ་རྡོ་སོལ་སློབ་ཚོགས་ཚན་རིག་ལག་རྩལ་བྱ་དགའ་གཉིས་པ་ཐོབ་པ་རེད།     གྲུབ་འབྲས་དེའི་ཐོག་ནས་མཚོ་སྔོན་ནུས་རྒྱུ་ཚོགས་པས་རང་ཞིང་ཆེན་གྱི་རྡོ་སོལ་ལས་རིགས་ལྗང་མདོག་ཅན་དང་།    གྲངས་འཛིན་ཅན།    རིག་ནུས་ཅན་བཅས་ཀྱི་འཕེལ་རྒྱས་འཕེལ་རིམ་ཁྲོད་མཆོང་སྐྱོད་གལ་ཆེན་གཞན་ཞིག་མངོན་འགྱུར་བྱུང་བ་མངོན་ཡོད།     

མཚོ་སྔོན་ནུས་རྒྱུ་ཚོགས་པས་སྤེལ་བའི“ལྗང་མདོག་གྲངས་གཞི་ཅན་གྱི་གཏེར་ཁུལ་གྱི་ཐགས་རྣམ་པའི་སྐྱེལ་འདྲེན་མ་ལག་གི་རིག་ནུས་ཐཱན་ཉུང་འཁོར་སྐྱོད་ཀྱི་འགག་རྩའི་ལག་རྩལ་དང་དཔེ་སྟོན”རྣམ་གྲངས་དེ“ཤེས་རབ་དང་གཙང་གསུམ་གྱི་ཁུངས་ཀྱིས་མཚོ་སྔོན་གསར་པར་རོགས་རམ་བྱེད་པའི”ཤེས་ལྡན་མི་སྣའི་རྣམ་གྲངས་གྲོས་མོལ་ཚོགས་འདུ་བརྒྱུད་དེ“ཤེས་ལྡན་མི་སྣ་+རྣམ་གྲངས”ལ་བརྟེན་ནས་ནང་འདྲེན་བྱས་པའི་ལག་རྩལ་གསར་པ།    རྣམ་གྲངས་སྤེལ་བའི“སྲིད་ཐོན་སློབ་ཞིབ་མཉམ་འདྲེས་སྤྱོད་པའི”གསར་གཏོད་རྣམ་པ་ཟབ་མོ་མཉམ་འདྲེས་བྱས་ཡོད།     ལྗང་མདོག་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་འཕེལ་རིམ་ཁྲོད།    འགོག་ཤུགས་དམའ་བའི་འགྱིག་སྐྱེལ་འདྲེན་ཐགས་ཞིབ་འཇུག་གསར་སྤེལ་དང་དེ་བཞིན་ཡོངས་སུ་བཀག་སྡོམ་རྣམ་པའི་སྐྱེལ་འདྲེན་ལག་རྩལ་སྤྱད་པ་བརྒྱུད་ཐོན་ཁུངས་འཕྲོ་བརླག་གཏོང་བ་དང་སྦགས་བཙོག་འབུད་གཏོང་མངོན་གསལ་དོད་པོས་ཉུང་དུ་ཕྱིན་པ་དང་གྱིས“ཐཱན་གཉིས”འཐབ་ཇུས་ལག་བསྟར་ཧུར་ཐག་བྱས་པ་དང་འབྲེལ་ལག་བསྟར་བྱས་པ་རེད།     “ཤེས་རབ་གཙང་པོ་གསུམ་གྱི་ཁུངས་འབྲེལ།    མཚོ་སྔོན་གསར་པར་རོགས་རམ་བྱེད་པའི”ཤེས་ལྡན་མི་སྣའི་རྣམ་གྲངས་གྲོས་མོལ་ཚོགས་འདུ་ལ་བརྟེན་ནས་ཁེ་ལས་ལྗང་མདོག་གྲངས་གཞི་ཅན་གྱི་འཕེལ་རྒྱས་འགྲོ་ལམ་དུ་བསྐྱོད་རྒྱུར་རོགས་རམ་བྱ་ཆེད།    ནུས་རྒྱུ་ཚོགས་པས་ད་དུང་ཡོན་ཧྲི་ལས་དོན་ས་ཚིགས་ཞིབ་འཇུག་ལྟེ་གནས་དང་པོ་དང་དམིགས་བསལ་ཁོར་ཡུག་གཏེར་རིའི་ཚན་རྩལ་གསར་གཏོད་ཞིབ་འཇུག་གསར་སྤེལ་ཚོགས་པའི་སྟེགས་བུ་བཙུགས།     

ཤེས་རྟོགས་བྱུང་བར་གཞིགས་ན།    རྣམ་གྲངས་དེ་གྲུབ་འབྲས་ཐོབ་པའི་ངང་ལེགས་གྲུབ་བྱུང་བ་དང་འཁོར་སྐྱོད་བྱེད་འགོ་ཚུགས་པ་དེས་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་ཐད་ཐགས་རྣམ་པའི་སྐྱེལ་འདྲེན་མ་ལག་གི་ཕྱོགས་མང་བའི་འཁོར་སྐྱོད་རྣམ་པར་དུས་ཐོག་ལྟ་ཞིབ་ཚད་ལེན་མངོན་འགྱུར་བྱུང་བ་དང་གྲངས་འཛིན་ཅན་གྱི་ལག་རྩལ་སྤྱད་དེ་མ་ལག་འཁོར་སྐྱོད་ཀྱི་གསལ་ཚད་དང་ཚོད་འཛིན་རང་བཞིན་ཆེ་རུ་ཕྱིན་ཡོད་པ་རེད།     རིག་ནུས་ཅན་གྱི་ཁྱབ་ཁོངས་སུ་ཐག་རིང་ཐགས་རྣམ་པའི་སྐྱེལ་འདྲེན་འཕྲུལ་འཁོར་གྱི་གཅིག་སྡུད་རྒྱང་རིང་ཚོད་འཛིན་དང་།    མི་མེད་པའི་སྐོར་ཞིབ་དང་དེ་བཞིན་རིག་ནུས་ཅན་གྱི་སྐྱེལ་འདྲེན་དང་སྲུང་སྐྱོང་གི་རྒྱང་རིང་གཅིག་སྡུད་ཚོད་འཛིན་བཅས་མངོན་འགྱུར་བྱུང་ནས་ཐོན་སྐྱེད་ལས་ཆོད་དང་བདེ་འཇགས་རང་བཞིན་ཆེས་ཆེར་མཐོ་རུ་ཕྱིན་ཡོད་པ་རེད།     ནུས་ཆེའི་ཐཱན་དམའ་བའི་འཁོར་སྐྱོད་ཁྱབ་ཁོངས་སུ་ཁོར་ཡུག་གི་ལས་ཀའི་གནས་ཚུལ་ལ་གཞིགས་པའི་སྐྱེལ་འདྲེན་འཕྲུལ་འཁོར་གྱི་གློག་འཕྲུལ་སྒོ་ཕྱེ་མཚམས་འཇོག་པའི་རིག་ནུས་སྙོམ་སྒྲིག་ལག་རྩལ་དང་གློག་འཕྲུལ་གྱི་འཁོར་ཚད་ཀྱི་རིག་ནུས་འགུལ་རྣམ་སྙོམ་སྒྲིག་སྤྱད་དེ་ནུས་རྒྱུ་གྲོན་ཆུང་འཁོར་སྐྱོད་ཀྱི་དམིགས་ཚད་མངོན་འགྱུར་བྱུང་བ་དང་ཁེ་ལས་རྒྱུན་མཐུད་འཕེལ་རྒྱས་ཀྱི་འཕེལ་རིམ་གསར་པར་སྐུལ་འདེད་བཏང་།    

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།