མཚོ་སྔོན་ཞིང་ཆེན་གྱི་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཉེན་རྟོག་ལས་དོན་ཁང་བཙུགས་པ།  

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།  མི་དམངས་ཁྲིམས་ཁང་གི་བདེ་འཇགས་སྲུང་སྐྱོབ་བྱ་བར་ཤུགས་སྣོན་རྒྱག་པ་དང་ཁྲིམས་འཛིན་དབང་གྲགས་དང་འདྲི་གཅོད་སྒྲིག་ལམ་སྲུང་སྐྱོང་བྱ་ཆེད།    ཟླ3པའི་ཚེས3ཉིན་གྱི་སྔ་དྲོ།    མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡི་མཁར་བྱང་སྤྱི་བདེ་ཅུའུ་ཡིས་མཉམ་ལས་ལམ་སྲོལ་གསར་གཏོད་བྱས་ནས་སྤྱི་བདེ་ལས་ཁུངས་ཀྱིས་ཞིང་ཆེན་མི་དམངས་ཁྲིམས་ཁང་དུ་མངགས་གཏོང་བྱས་པའི་ཉེན་རྟོག་དོན་གཅོད་ཁང་དངོས་སུ་སྒོ་མོ་ཕྱེ་ནས་བཙུགས།     

ཉེན་རྟོག་ཁང་གི་མི་སྣ་ནི་མངགས་ཁང་དང་ཁྲིམས་ཁང་གིས་ཐུན་མོང་ཐོག་མངགས་གཏོང་བྱས་ཏེ།    ཉེན་རྟོག་ལས་དོན་ཁྲུའུ་དང་ཁྲིམས་འཛིན་ཐག་གཅོད་ཀྱི་ལེགས་ཆ་གསབ་རེས་བྱས་ཏེ།    གཙོ་བོ་ཁྲིམས་ཁང་གི་རྒྱུན་ལྡན་གྱི་བདེ་འཇགས་སྲུང་སྐྱོབ་དང་འདྲི་གཅོད་ལག་བསྟར་སྒྲིག་ལམ་སྲུང་སྐྱོང་སོགས་ཀྱི་ལས་འགན་འགན་འཁུར་ཞིང་།    གློ་བུར་གྱི་དོན་རྐྱེན་ལ་དུས་ཐོག་ཏུ་ཁ་གཏད་གཅོག་དང་།    བདེ་འཇགས་ཀྱི་མངོན་མེད་ཉེན་ཁ་སྣ་ཚོགས་ཐག་གཅོད་འོས་འཚམ་བྱས་ཏེ།    གཏུག་བཤེར་ནང་ཞུགས་མཁན་མིའི་ལུས་ཁམས་བདེ་འཇགས་དང་ཁྲིམས་ཁང་གི་བདེ་འཇགས་འགན་ལེན་བྱས་ཏེ།    ཁྲིམས་ཁང་དུ་འགྲོ་འོང་བྱེད་མཁན་མི་སྣ་དང་དངོས་རྫས་ལ་བདེ་འཇགས་ཞིབ་བཤེར་བྱས་ཏེ།    བདེ་འཇགས་ཀྱི་མངོན་མེད་ཉེན་ཁ་སྣ་ཚོགས་ཐག་གཅོད་འོས་འཚམ་བྱས་ཡོད།     གཞན་ཡང་ཉེན་རྟོག་ཁང་གིས་ད་དུང་ཉེན་རྟོག་ཉེན་རྟོག་དང་ལེན་བྱེད་པ་དང་བཅའ་ཁྲིམས་ཤེས་བྱ་ཁྱབ་གདལ་གཏོང་བ་སོགས་ཀྱི་སྣུར་སྲིང་འགན་ནུས་འཁུར་གྱི་ཡོད།     

ཉེན་རྟོག་དོན་གཅོད་ཁང་བཙུགས་པས་ཁྲིམས་ཁང་དང་སྤྱི་བདེ་ལས་ཁུངས་བར་གྱི་འབྲེལ་གཏུག་མཉམ་ལས་བདེ་བླག་ཡོང་བར་ཕན་ཐོགས་ཡོད་པ་དང་།    འཕྲལ་སྡོམ་དང་གློ་བུར་གྱི་གནས་ཚུལ་ཐག་གཅོད་བྱེད་པའི་མྱུར་ཚད་ནུས་ལྡན་ངང་ཆེ་རུ་འགྲོ་བ།    ཐག་གཅོད་དུས་ཚོད་ཇེ་ཐུང་དུ་གཏོང་བ།    ཉེན་ཁ་དང་མངོན་མེད་ཉེན་ཁ་ཇེ་ཆུང་དུ་གཏོང་བཅས་བྱེད་ཐུབ།     ཞིང་ཆེན་མི་དམངས་ཁྲིམས་ཁང་གིས་གྱོད་གཞི་ཞིབ་གཅོད་ལག་བསྟར་བྱེད་པའི་བརྒྱུད་རིམ་ནང་སྤྱི་བདེ་ལས་ཁུངས་ཀྱིས་གཞོགས་འདེགས་བྱས་ནས་བདེ་འཇགས་ཀྱི་ཁྲིམས་འཛིན་ཁོར་ཡུག་སྔར་བས་ཇེ་མཐོར་གཏོང་ཐུབ་པ་དང་། ལྷག་པར་དུ་གློ་བུར་དུ་བྱུང་བའི་དོན་རྐྱེན་ཐག་གཅོད་དང་བཅའ་ཁྲིམས་དང་གཏུག་བཤེར་དང་འབྲེལ་བ་ཡོད་པའི་འགལ་བ་དང་རྩོད་གཞི་ཐག་གཅོད་བྱེད་པ་སོགས་ཀྱི་ཐད་ཉེན་རྟོག་ལས་དོན་ཁང་གིས་ནུས་པ་གལ་ཆེན་འདོན་སྤེལ་བྱེད་ཐུབ།    

ཞིང་ཆེན་མི་དམངས་ཁྲིམས་ཁང་གིས་ཉེན་རྟོག་ལས་དོན་ཁང་བཙུགས་པ་གོ་སྐབས་སུ་བརྩིས་ནས་བདེ་འཇགས་སྲུང་སྐྱོབ་ལས་དོན་ལ་སྔར་བས་ཤུགས་སྣོན་བྱེད་པ་དང་།    འཕྲལ་སྡོམ་འཕྲལ་རྐྱེན་ཐག་གཅོད་ནང་སྦྱོང་ལ་ཤུགས་སྣོན་བྱེད་པ།    ཁྲིམས་འཛིན་ཉེན་རྟོག་བྱ་བའི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་བ།    མི་དམངས་མང་ཚོགས་ལ་སྔར་ལས་བདེ་འཇགས་བརྟན་ལྷིང་དང་སྤུས་ལེགས་ནུས་ཆེའི་ཁྲིམས་འཛིན་ཞབས་ཞུ་འདོན་སྤྲོད་ཧུར་ཐག་བྱས་ཏེ།    བདེ་འཇགས་མཚོ་སྔོན་དང་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་ལ་རོགས་རམ་བྱ་རྒྱུ་རེད།     

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།