མཚོ་སྔོན་ཞིང་ཆེན་དུ་ཤེས་བྱའི་ཐོན་དབང་ལག་རྩལ་བརྟག་དཔྱད་དཔོན་ཁག་གཅིག་གསར་དུ་བསྣན་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།    ཞིང་ཆེན་གྱི་ལག་རྩལ་རིགས་ཀྱི་ཤེས་བྱའི་ཐོན་དབང་གྱོད་གཞི་ཞིབ་གཅོད་དང་ཤེས་བྱའི་ཐོན་དབང་བཙན་གནོད་རྩོད་གླེང་སྲིད་འཛིན་ཁྲུན་གཅོད་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་བ་དང་ཤེས་བྱའི་ཐོན་དབང་གྱོད་གཞི་ཐག་གཅོད་བྱེད་པའི་ཁྲོད་ཀྱི་ཆེད་དོན་རང་བཞིན་དང་ལག་རྩལ་རང་བཞིན་གྱི་གནད་དོན་ཐག་གཅོད་ནུས་ལྡན་བྱེད་ཆེད།    ཉེ་ཆར་ཞིང་ཆེན་ཤེས་བྱའི་ཐོན་དབང་ཅུས་ཀྱིས་ཞིང་ཆེན་མི་དམངས་ཁྲིམས་ཁང་དང་མཉམ་འབྲེལ་བྱས་ནས་རྒྱལ་ཡོངས་ཁྱབ་ཁོངས་སུ་ཤེས་བྱའི་ཐོན་དབང་ལག་རྩལ་བརྟག་དཔྱད་དཔོན་ཁག་གཉིས་པ12ཡོངས་བསྒྲགས་ངང་གདམ་གསེས་བྱས།     

2022ལོ་ནས་བཟུང་ཞིང་ཆེན་ཤེས་བྱའི་ཐོན་དབང་ཅུས་ཀྱིས་ལག་རྩལ་བརྟག་དཔྱད་དཔོན་ནང་འདྲེན་བྱེད་པའི་ཐད་འཚོལ་ཞིབ་ཧུར་ཐག་བྱས་པ་དང་།    ཞིང་ཆེན་མི་དམངས་ཁྲིམས་ཁང་དང་ལག་རྩལ་བརྟག་དཔྱད་དང་ཆ་འཕྲིན་སྤེལ་རེས་སོགས་མཉམ་ལས་ལམ་སྲོལ་བཙུགས་ནས་ཆེད་ལས་ཤེས་ལྡན་མི་སྣའི་ཐོན་ཁུངས་གཅིག་གྱུར་འཆར་འགོད་བྱས་ཏེ་ལས་ཀའི་དགོས་མཁོར་གཞིགས་ནས་ཁག་དང་པོའི་ཤེས་བྱའི་ཐོན་དབང་ལག་རྩལ་བརྟག་དཔྱད་དཔོན་10གདམ་གསེས་བྱས་ཏེ་ཚྭ་མཚེའུ་རྫས་འགྱུར་བཟོ་ལས་དང་།    ནུས་རྒྱུ་གསར་པ་སོགས་ཁྱབ་ཁོངས་ཀྱི་ཤེས་བྱའི་ཐོན་དབང་སྲིད་འཛིན་དང་།    ཁྲིམས་འཛིན།    མི་དམངས་འདུམ་འགྲིག་སོགས་ཀྱི་གྱོད་གཞི་ཐག་གཅོད་བྱེད་པའི་ནང་གཏིང་ཟབ་ངང་ཞུགས་པ་དང་།    གྱོད་གཞིའི་ལག་རྩལ་དོན་དངོས་རྩད་གཅོད་བྱེད་པར་བློ་འདྲི་འདོན་སྤྲོད་དང་ལག་རྩལ་བརྟག་དཔྱད་བསམ་འཆར་བཏོན་པ་དང་།    གྱོད་གཞི་ཐག་གཅོད་བྱེད་པའི་དུས་བཀག་ནུས་ལྡན་ངང་ཐུང་དུ་བཏང་བ་དང་།    ཤེས་བྱའི་ཐོན་དབང་གྱོད་གཞི་ཐག་གཅོད་བྱེད་པའི་སྤུས་ཚད་དང་ཕན་ནུས་ཆེ་རུ་ཕྱིན་ཡོད།     ད་ཐེངས་གདམ་གསེས་གདན་ཞུ་ལས་དོན་དེ་ཉེ་བའི་ལོ་ཤས་རིང་རང་ཞིང་ཆེན་གྱི་ཤེས་བྱའི་ཐོན་དབང་གྱོད་གཞི་ཅུང་མང་བའི་མིས་བཟོས་རིག་ནུས་དང་།    གྲངས་གཞི་ཆེ་བ།    སྤྲིན་རྩིས་རྒྱག་སོགས་ལག་རྩལ་ཁྱབ་ཁོངས་ལ་དམིགས་ཤིང་།    རྒྱལ་ཁབ་ཤེས་བྱའི་ཐོན་དབང་ཅུས་ཀྱི་ཁེ་བེད་ཅུས་ཀྱི་ཁེ་བེད་ཞིབ་བཤེར་མཉམ་ལས་སི་ཁྲོན་ལྟེ་གནས་སོགས་མཉམ་ལས་སྡེ་ཚན་གྱི་ཤེས་ལྡན་མི་སྣའི་ལེགས་ཆར་བརྟེན་ནས་གདམ་གསེས་བྱས་པ་དང་གདན་ཞུ་བྱས་པའི་ཤེས་བྱའི་ཐོན་དབང་ལག་རྩལ་བརྟག་དཔྱད་དཔོན་གྱི་ཆེད་ལས་སྙོམ་སྒྲིག་ཚད་མཐོ་བ་དང་གྱོད་དོན་ཐག་གཅོད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ།     དུས་བཀག་ནང་“ལག་རྩལ་བློ་འདྲི་བའི་”ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་གྱོད་གཞི་ཐག་གཅོད་བྱེད་པར་ཆེད་ལས་ལག་རྩལ་གྱི་འདེགས་སྐྱོར་གལ་ཆེན་འདོན་སྤྲོད་བྱ་དགོས།     

གོམ་སྟབས་རྗེས་མར་ཞིང་ཆེན་ཤེས་བྱའི་ཐོན་དབང་ཅུས་ཀྱིས་ཤེས་བྱའི་ཐོན་དབང་ལག་རྩལ་བརྟག་དཔྱད་དཔོན་གྱི་ཆེད་ལས་ཅན་དཔུང་ཁག་དེ་བེད་སྤྱོད་གང་ལེགས་བྱས་ཏེ“ལག་རྩལ་དང་བཅའ་ཁྲིམས”ལ་བརྟེན་ནས་ཤེས་བྱའི་ཐོན་དབང་གྱོད་གཞི་ཐག་གཅོད་བྱེད་པའི་ལས་ཆོད་དང་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།     ལག་རྩལ་བརྟག་དཔྱད་དཔོན་གྱི་ལས་ཀའི་དམིགས་ཚད་དང་ལས་འགན་ཁ་གསལ་བཟོས་ནས་ལག་རྩལ་བརྟག་དཔྱད་དཔོན་གྱི་ལམ་སྲོལ་ནང་འདྲེན་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་ལོ་འཁོར་གྱི་ཤེས་བྱའི་ཐོན་དབང་སྲུང་སྐྱོང་ལས་དོན་གྱི་གཙོ་གནད་ནང་བཅུག་ནས་ཁྲིམས་འཛིན་སྲིད་འཛིན་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་།    ལག་རྩལ་བརྟག་དཔྱད་མཉམ་ལས་ལམ་སྲོལ་འཐུས་ཚང་དུ་གཏོང་བ།    དགོས་མཁོ་གཞིར་བཟུང་དུས་ཐོག་ཏུ་གྱོད་དོན་ལ་གཞོགས་འདེགས་ཞིབ་བཤེར་བྱེད་པར་སྐུལ་འདེད་གཏོང་དགོས།     ལག་རྩལ་བརྟག་དཔྱད་དཔོན་གྱི་དཔུང་ཁག་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས།     《མཚོ་སྔོན་ཞིང་ཆེན་གྱི་ཤེས་བྱའི་ཐོན་དབང་ལག་རྩལ་བརྟག་དཔྱད་དཔོན་གྱི་དོ་དམ་བྱ་ཐབས》ཞིབ་འཇུག་གཏན་འབེབས་བྱས་ནས་ལག་རྩལ་བརྟག་དཔྱད་དཔོན་གྱི་འགན་འཁྲི་དང་།    ལས་ཀའི་སྒྲིག་སྲོལ།    ཆ་རྐྱེན་འགན་སྲུང་སོགས་ཚད་ལྡན་དུ་བཏང་ནས་ལག་རྩལ་བརྟག་དཔྱད་དཔོན་གྱི་ལས་འགན་སྒྲུབ་པའི་གྲངས་གཞིའི་རྩིས་ཐོ་བཙུགས་ནས་ལག་རྩལ་བརྟག་དཔྱད་དཔོན་གྱོད་གཞི་ཐག་གཅོད་བྱེད་པའི་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་ཆེ་རུ་གཏོང་དགོས།     

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།