མཚོ་སྔོན་ཞིང་ཆེན་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་རང་ཞིང་གི་རྒན་གསོའི་སྒྲིག་གཞིའི་ལྟ་ཞིབ་བརྟག་དཔྱད་སྙན་ཞུ་ཁྱབ་བསྒྲགས་བྱས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།  ཞིང་ཆེན་གྱི་རྒན་གསོའི་ལས་ཁུངས་ཀྱི་གནས་ཚུལ་དངོས་དང་ཞབས་ཞུའི་གནས་ཚུལ་ཤེས་རྟོགས་སྔར་ལས་ལེགས་པོ་བྱས་ཏེ།    བདེ་འཇགས་དང་བློ་བདེ་བའི་རྒན་གསོའི་འཛད་སྤྱོད་ཁོར་ཡུག་བསྐྲུན་པ།    རྒན་གསོའི་ཞབས་ཞུའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད།    ཞིང་ཆེན་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་ཕྱོགས་གསུམ་པའི་ལས་ཁུངས་ལ་མངགས་བཅོལ་བྱས་ནས་ཞིང་ཆེན་ཡོངས་ཀྱི་སྐར་གསུམ་ཡན་གྱི་རྒན་གསོའི་ལས་ཁུངས་28ལ་མཚོ་སྔོན་ཞིང་ཆེན་གྱི་རྒན་གསོའི་ལས་ཁུངས་ཀྱི་འཛད་སྤྱོད་ལྟ་ཞིབ་བྱེད་སྒོ་སྤེལ་བ་དང་འབྲེལ་ཟླ3པའི་ཚེས11ཉིན་སྤྱི་ཚོགས་ཡོངས་ལ་བརྟག་དཔྱད་སྙན་ཞུ་ཁྱབ་བསྒྲགས་བྱས།     

ཐེངས་འདིའི་ལྟ་ཞིབ་ནི་སྔོན་གྱི་ཞིང་ཆེན་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་སི་ཁྲོན་དང་ཁྲུང་ཆིང་འཛད་སྤྱོད་པའི་མཐུན་ཚོགས་སྒྲིག་འཛུགས་དང་མཉམ་འབྲེལ་བྱས་ཏེ་དྲ་ཐོག་ཁྱིམ་སྡོད་རྒན་གསོ་བརྟག་དཔྱད་སྤེལ་བའི་རྨང་གཞིའི་ཐོག་མཁོ་སྤྲོད་ཕྱོགས་ནས་འགོ་བཙུགས་ཏེ་ཞིང་ཆེན་གྱི་རྒན་གསོ་སྒྲིག་གཞིའི་གནས་ཚུལ་དངོས་དང་ཞབས་ཞུའི་ད་ལྟའི་གནས་ཚུལ་ཤེས་རྟོགས་གཏིང་ཟབ་བྱས་པ་ཞིག་རེད།     ལྟ་ཞིབ་བྱེད་སྐབས་ཞིང་ཆེན་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་གནད་དོན་གྱི་ཕྱོགས་སྟོན་མཐའ་འཁྱོངས་བྱས་ཏེ《རྒན་གསོའི་སྒྲིག་གཞིའི་ཞབས་ཞུའི་སྤུས་ཚད་ཀྱི་གཞི་རྩའི་ཚད་གཞི》《རྒན་གསོའི་སྒྲིག་གཞིའི་དོ་དམ་བྱ་ཐབས》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་གཞི་རྩའི་གནས་ཚུལ་དང་།    ཐོབ་ཐང་དཔང་རྟགས།    བར་སྟོང་ཁོར་ཡུལ།    རྒན་གསོའི་ཞབས་ཞུ།    གཉེར་སྐྱོང་དོ་དམ།    འཛད་སྤྱོད་པའི་གདེང་འཇོག་སོགས་ཕྱོགས་དྲུག་ལ་དམིགས་ནས་མང་ཚོགས་ཀྱིས་དོ་ཁུར་དང་དོ་ཁུར་བྱེད་པའི་རིམ་གསུམ་དམིགས་ཚད་ཁག་26བདམས་ནས་རྒན་གསོའི་སྒྲིག་གཞི་ཁག་ཏུ་གཏིང་ཟབ་ཏུ་སྤེལ་ཡོད།     ལྟ་ཞིབ་བྱས་པའི་འབྲས་བུ་ལས་མངོན་པར།    ཞིང་ཆེན་ཡོངས་ཀྱི་སྐར་གསུམ་དང་དེ་ཡན་གྱི་རྒན་གསོའི་སྒྲིག་གཞིའི་དམིགས་ཚད་ཁག་ཕྱོགས་བསྡུས་མཚོན་ཚུལ་ཡག་པོ་ཡོད་པ་དང་།    ཞབས་ཞུ་ཁག་ཅུང་འཐུས་ཚང་ཡིན་པ།    འཛད་སྤྱོད་པའི་བློ་ཡིད་ཚིམ་ཚད་ཅུང་མཐོ་བ་བཅས་རེད།     གཉེར་སྐྱོང་དོ་དམ་ཐད་སྒྲིག་གཞི་ཚང་མས་གན་རྒྱ་ཚད་ལྡན་དུ་བཞག་པ་དང་གྲོན་བསྡུའི་ཚད་གཞི་ལུགས་མཐུན་བཀོད་སྒྲིག་བྱས་པ།     སྨན་བཅོས་ནད་གཡོག་གི་བར་སྟོང་བཀོད་སྒྲིག་ཐད་སྒྲིག་གཞི་ཚང་མར་བཀོད་སྒྲིག་ཆ་ཚང་ཡིན་པ་མ་ཟད།    ལས་དོན་མི་སྣའི་བདེ་ཐང་དཔང་ཡིག་ཡོངས་བསྒྲགས་ཡག་པོ་ཡོད་པ་དང་།     རིག་རྩལ་བྱེད་སྒོའི་ཁོར་ཡུག་དང་།    སྒྲིག་བཀོད།    སྒྲིག་ཆས་བཅས་ཐད་སྒྲིག་གཞི་ཚང་མར་ཆེད་སྤྱོད་རིག་རྩལ་རོལ་རྩེད་སྒྲིག་ཆས་བཀོད་སྒྲིག་བྱས་ཡོད།     འགོག་རྐྱེན་མེད་པའི་འགྲོ་སྐྱོད་སྒྲིག་ཆས་ཐད་སྒྲིག་གཞི་ཚང་མས་རྐུབ་སྟེགས་འཁོར་ལོ་དང་ཐེག་སྒྲོམ་སོགས་འགོག་རྐྱེན་མེད་པའི་འགྲོ་སྐྱོད་ཀྱི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད་པ་རེད།     སྤྱི་ཡོངས་ཀྱི་མཚོན་ཚུལ་ཅུང་ཡག་པོ་ཡོད་མོད།    འོན་ཀྱང་སེམས་ཁམས་ཟུར་ཁྲིད་དང་།    ཐོབ་ཐང་ཡོངས་བསྒྲགས་ཀྱི་འོས་འགན་བསྒྲུབ་པ།    འཕྲལ་སྡོམ་འབོད་སྒྲིག་ཆས་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཐད་སྔར་བཞིན་ཤུགས་སྣོན་རྒྱག་དགོས།     

གོམ་སྟབས་རྗེས་མར་ཞིང་ཆེན་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་ཕྱོགས་གཅིག་ནས་རྒན་རྒོན་འཛད་སྤྱོད་པའི་འཚོ་བའི་གནས་ཚུལ་དང་དགོས་མཁོར་མུ་མཐུད་དོ་ཁུར་བྱེད་པ་དང་།    རྒན་གསོའི་འཛད་སྤྱོད་བདེ་འཇགས་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་པ་དང་།    རྒན་རྒོན་འཛད་སྤྱོད་པས་ཚན་རིག་དང་མཐུན་པའི་འཛད་སྤྱོད་ལ་མཛུབ་ཁྲིད་བྱེད་པ་དང་།    འཛད་སྤྱོད་ཀྱི་ཁེ་དབང་སྲུང་སྐྱོང་གི་འདུ་ཤེས་དང་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་བདེ་འཇགས་དང་བློ་བདེ་བའི་རྒན་རྒོན་འཛད་སྤྱོད་ཁོར་ཡུག་གཏོད་རྒྱུ་དང་།     ཕྱོགས་གཞན་ཞིག་ནས་རྒན་གསོ་ཞབས་ཞུའི་སྒྲིག་གཞིར་ཞབས་ཞུའི་རྣམ་པ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་།    ཞབས་ཞུའི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་བ།    ནད་གཡོག་མི་སྣའི་ཞབས་ཞུའི་རྩལ་ནུས་ཆེ་རུ་གཏོང་བ་བཅས་བྱས་ནས་རྒན་གསོ་ཞབས་ཞུའི་ཁྲོམ་རའི་སྣ་མང་ཅན་གྱི་ཞབས་ཞུའི་དགོས་མཁོ་སྐོང་རྒྱུར་ཁྲིད་སྟོན་བྱ་རྒྱུ་རེད།    

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།