མཚོ་སྔོན་ཞིང་ཆེན་གྱིས“3·15”རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་དབང་ཉིན་མོའི་དྲིལ་སྒྲོག་བློ་འདྲི་ཞབས་ཞུའི་ཟླ་རེའི་བྱེད་སྒོ་སྤེལ་འགོ་ཚུགས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

 མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།  ཟླ3པའི་ཚེས3ཉིན་མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་དང་མཚོ་སྔོན་ཞིང་ཆེན་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི“ཡིད་ཚིམ་པའི་འཛད་སྤྱོད་ཐུན་མོང་དུ་འཛུགས་པའི”བརྗོད་བྱ་གཙོ་བོར་བྱས་པའི“3·15”རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་དབང་ཉིན་མོའི་དྲིལ་སྒྲཽག་བློ་འདྲི་ཞབས་ཞུའི་ཟླ་བ་ཟི་ལིང་དུ་འགོ་ཚུགས།     

བྱེད་སྒོའི་རིང་སྣ་མང་ཕུན་སུམ་ཚོགས་པའི་དྲིལ་སྒྲོག་དང་སློབ་གསོའི་བྱེད་སྒོ་རབ་དང་རིམ་པ་བརྒྱུད་བདེ་འཇགས་དང་བློ་བདེ་པའི་འཛད་སྤྱོད་ཁོར་ཡུག་ཧུར་ཐག་བསྐྲུན་ནས་འཛད་སྤྱོད་ཀྱི་ཡིད་ཆེས་ཇེ་ཆེར་ཕྱིན་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་བྱ་རྒྱུ་རེད།

ཐེངས་འདིའི་བྱེད་སྒོ་དེ“བློ་ཡིད་ཚིམ་པའི་འཛད་སྤྱོད་ཐུན་མོང་དུ་འཛུགས་པའི”གཙོ་ཐིག་ལ་དམ་པོར་དམིགས་ནས།    “1+3+N”རབ་དང་རིམ་པ་བྱེད་སྒོའི་སྒྲོམ་གཞི་ཇུས་འགོད་ཞིབ་ཚགས་བྱས་པ་སྟེ།    “བློ་ཡིད་ཚིམ་པའི་འཛད་སྤྱོད་ཐུན་མོང་དུ་འཛུགས་པའི”ལོའི་བརྗོད་དོན་གཙོ་བོར་དམ་པོར་ཟུང་འབྲེལ་བྱས་ཏེ།    ལེའུ་ཆེན་པོ་གསུམ(གླེང་ཕྱོགས་དྲིལ་སྒྲོག་དང་།    འཛད་སྤྱོད་པའི་ཉམས་ལེན།    ཁེ་དབང་སྲུང་སྐྱོང་ཁྲིད་སྟོན་བཅས་)དང་ཕྱོགས་དྲུག་ཚུད་པའི་ཞིབ་ཕྲའི་བྱེད་སྒོ་ཁག20ལྷག་བརྒྱུད་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བྱ་བར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ཡོད།  

མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་དང་ཞིང་ཆེན་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་ཞིང་ཆེན་ཁྲིམས་ཁང་དང་།    ཞིང་ཆེན་ཞིབ་དཔྱོད་ཁང་།    ཞིང་ཆེན་སྤྱི་བདེ་ཐིང་སོགས་ལས་ཁུངས་མང་པོ་དང་མཉམ་དུ་2024ལོའི་མཚོ་སྔོན་ཞིང་ཆེན་གྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ལས་དོན་གྱི་གསར་འགྱུར་བརྡ་ཁྱབ་ཚོགས་འདུ་འཚོགས་ནས་དུས་ཐོག་ཏུ་སྤྱི་ཚོགས་ལ་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བྱ་བའི་འཕེལ་རིམ་དང་ཕན་འབྲས་གསར་ཤོས་བརྡ་ཁྱབ་བྱ་རྒྱུ་རེད།     ཟླ3པའི་ཚེས15ཉིན་གཙོ་གཉེར་ཕྱོགས་ཀྱིས་ཟི་ལིང་ལྟེ་གནས་ཐང་ཆེན་དུ“3·15”རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་དབང་ཉིན་མོར་ཡུལ་དངོས་སུ་དྲིལ་སྒྲོག་བློ་འདྲི་ཞབས་ཞུའི་བྱེད་སྒོ་གཉེར་རྒྱུ་རེད།     བྱེད་སྒོ་སྤེལ་ཡུལ་དུ་ཁྲིམས་འཛིན་དང་།    སྲིད་འཛིན།    དངུལ་རྩའི་འགན་སྲུང་།    འཕྲིན་གཏོང་སོགས་ལས་ཁུངས་དང་དེ་བཞིན་ཞིང་ཆེན་ནང་ཁུལ་གྱི་གཙོ་རྒྱུན་སྨྱན་སྦྱོར་དང་།    ལས་རིགས་མཐུན་ཚོགས་ཁག་གཅིག་ཁེ་ལས་བཅས་མཉམ་དུ་འཛོམས་ནས་ཐུན་མོང་ཐོག་འཛད་སྤྱོད་པར་བཅའ་ཁྲིམས་བློ་འདྲི་དང་ཁེ་དབང་སྲུང་སྐྱོང་མཛུབ་ཁྲིད་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་པ་དང་།    འཛད་སྤྱོད་པའི་ཞུ་གཏུག་དང་ཐེར་འདོན་བདག་སྤྲོད་དང་འདུམ་འགྲིག་བྱེད་པ།    ལས་རིགས་དང་གཉེར་སྐྱོང་པས་སྒྲིག་སྲོལ་དང་མཐུན་པ་དང་།    ཁྲིམས་འཛིན།    ཡིད་རྟོན་གཉེར་སྐྱོང་བཅས་དར་སྤེལ་ཧུར་ཐག་གཏོང་གི་ཡོད།    

འཛད་སྤྱོད་པས་འཛད་སྤྱོད་ཀྱི་ཁེ་དབང་སྲུང་སྐྱོང་གི་བརྒྱུད་རིམ་སྔར་བས་ཐད་ཀར་རྒྱུས་ལོན་ཐུབ་པ་དང་འཛད་སྤྱོད་པའི་ཞུགས་ཚད་དང་ཁེ་དབང་སྲུང་སྐྱོང་གི་འདུ་ཤེས་ཇེ་ཆེར་གཏང་ཆེད།    བྱེད་སྒོའི་རིང་ད་དུང་འཛད་སྤྱོད་པའི་སྒོ་དབྱེའི་ཉིན་མོར་ཉམས་ལེན་བྱེད་པའི་བྱེད་སྒོ་གསུམ་གཉེར་རྒྱུ་རེད།     འཛད་སྤྱོད་པ་དང་།    ཁེ་ལས་ཀྱི་འཐུས་མི།    གསར་འགྱུར་སྨྱན་སྦྱོར་བཅས་གདན་འདྲེན་ཞུས་ནས“12315”ཞབས་ཞུའི་ལྟེ་གནས་ལ་ལྟ་སྐོར་བྱེད་པ་དང་།    ཐག་ཉེ་བའི་སྒོ་ནས་ཞུ་གཏུག་བདག་སྤྲོད་བྱེད་པའི་བརྒྱུད་རིམ་ཉམས་ལེན་བྱེད་པ།     ཞིང་ཆེན་སྤུས་ཚད་ཞིབ་དཔྱད་ཁང་དུ་ཟས་རིགས་ཞིབ་དཔྱད་ཚད་ལེན་ཚོད་ལྟ་ཁང་སྒོ་འབྱེད་ཉིན་མོ་སྤེལ་ནས་ཟས་རིགས་བདེ་འཇགས་དང་འཛད་སྤྱོད་ཁེ་དབང་སྲུང་སྐྱོང་ཤེས་བྱ་ཁྱབ་གདལ་གཏོང་བ།     ཞིང་ཆེན་ཚད་འཇལ་ཁང་དུ“ཚད་འཇལ་གྱིས་དམངས་ལ་ཕན་པའི”བརྗོད་བྱ་གཙོ་བོའི་སྒོ་དབྱེའི་ཉིན་མོ་གཉེར་བ་དང་འཛད་སྤྱོད་པས་ཚད་འཇལ་ཤེས་བྱ་སྤྱད་དེ་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་ནུས་པ་ཇེ་ཆེར་གཏོང་དགོས།     

མཚོ་སྔོན་ཞིང་ཆེན་གྱིས་ད་དུང་འཛད་སྤྱོད་ཁེ་དབང་སྲུང་སྐྱོང་གི་མཛུབ་ཁྲིད་ཁག་བཞི་ཁྱབ་སྒྲོག་བྱ་རྒྱུ་ཡིན་པ་སྟེ།    《མཚོ་སྔོན་ཞིང་ཆེན་གྱིས་ཁྲོམ་རའི་ལྟ་སྐུལ་དོ་དམ་ཁྱབ་ཁོངས་ཀྱི་བསམ་ངན་ཞུ་གཏུག་དང་ཐེར་འདོན་བྱེད་སྤྱོད་ཁྲིམས་ལྟར་ཐག་གཅོད་བྱས་ནས་ཚོང་གཉེར་ཁོར་ཡུག་མུ་མཐུད་ཇེ་ལེགས་སུ་གཏོང་རྒྱུའི་མཛུབ་ཁྲིད་བསམ་འཆར་》དང་།    ཞིང་ཆེན་ཡོངས་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་གི་དཔེ་མཚོན་གྱོད་དཔེ།    སློབ་མའི་མཁོ་ཆས(པྲ་སྨྱུག་)ཞིབ་བསྡུར་ཚོད་ལྟའི་དབྱེ་ཞིབ་སྙན་ཞུ།    དེ་བཞིན་ཞིང་ཆེན་ཡོངས་ཀྱི་སྐར་རིམ་གསུམ་ཡན་གྱི་རྒན་གསོའི་སྒྲིག་གཞིའི་འཛད་སྤྱོད་བརྟག་དཔྱད་ལྟ་ཞིབ་དབྱེ་ཞིབ་སྙན་ཞུ་སོགས་ཚུད་ཡོད།    འཛད་སྤྱོད་པས་ཐོན་རྫས་དང་ཞབས་ཞུ་ཉོ་རྒྱུར་ནུས་ལྡན་གྱི་གྲོས་འགོ་འདོན་སྤྲོད་བྱས་ནས་འཛད་སྤྱོད་ལུགས་མཐུན་དང་ཁྲིམས་ལྟར་ཁེ་དབང་སྲུང་སྐྱོང་བྱེད་པར་ཁྲིད་སྟོན་བྱེད་དགོས།

འཛད་སྤྱོད་སློབ་གསོའི“མདུན་སྐྱོད་ལྔ”བྱེད་སྒོ་དེ་ཁྲོམ་གཞུང་གཞུང་དོན་ཁང་དང་སྡེ་ཁུལ་དང་མཉམ་འབྲེལ་ཐོག་ཚད་ལྡན་སྡེ་ཁུལ་དུ་བསྐྱོད་པའི་བྱེད་སྒོ་སྤེལ་བ་དང་།    “འཛད་སྤྱོད་ལྟ་ཞིབ་ཁེ་ལས་སུ་བསྐྱོད་པའི”བྱེད་སྒོ་སྒྲིག་འཛུགས་བྱས་ཏེ།    ཞིང་ཆེན་ནང་ཁུལ་གྱི་མུ་འབྲེལ་ཁེ་ལས་ཀྱིས་མཉམ་འབྲེལ་ཐོག་ས་ཆ་གཞན་གྱི་ཚོང་ཁང་གཞན་གྱི་དྲ་ཐོག་ནས་ཉིན་བདུན་རིང་རྒྱུ་མཚན་མེད་པའི་ཚོང་ཟོག་ཕྱིར་གཏོང་བརྗེ་རེས་གྲོས་འགོ་འདོན་པའི་བྱེད་སྒོ་སྤེལ་རྒྱུར་སྐུལ་འདེད་གཏོང་བ་དང་།    འཛད་སྤྱོད་རྩོད་གཞི་དྲ་ཐོག་ཐག་གཅོད་ཞབས་ཞུའི་ཁེ་ལས(ODRཁེ་ལས)ཀྱི་ས་གནས་ས་ཐོག་ཏུ་ལྟ་ཞིབ་བྱེད་སྒོ་སྒྲིག་འཛུགས་བྱེད་པ་དང་།    དེ་བཞིན་ཞིང་ཆེན་འཛད་སྤྱོད་མཐུན་ཚོགས་ཀྱི་འཛད་སྤྱོད་ཁེ་དབང་སྲུང་སྐྱོང་ལག་རྩལ་བློ་འདྲི་རིགས་གཅིག་མཁས་ཅན་ཚོགས་པ་བཙུགས་ནས་ཚོང་ཁང་དང་།  སློབ་གྲྭ།    ཁེ་ལས་བཅས་སུ་བསྐྱོད་པའི་བྱེད་ཐབས་སྤྱད་དེ་འཛད་སྤྱོད་ཤེས་བྱ་རྒྱ་ཁྱབ་ཏུ་དྲིལ་སྒྲོག་བྱས་ནས་འཛད་སྤྱོད་པའི་རང་སྲུང་འདུ་ཤེས་དང་ནུས་པ་ཇེ་ཆེར་གཏོང་དགོས།     

ཁྲོམ་རར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་ཆེར་གཏོང་བའི་ཐད་མཚོ་སྔོན་ཞིང་ཆེན་གྱིས་སྲིད་འཛིན་ཁྲིམས་འཛིན་གྱི་ཆེད་དོན་བྱ་སྤྱོད་ཁག་དྲུག་སྤེལ་རྒྱུ་དང་།     དམངས་ཚིས་གལ་ཆེའི་ཚོང་ཟོག་གི“རིན་གོང་བརྟན་པོ་དང་སྤུས་ཚད་འགན་སྲུང་བྱེད་པའི”ཆེད་དོན་ཞིབ་བཤེར་དང་།    བགྲང་མཐོང་མེ་ལོང་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལྟ་སྐུལ་འཐེན་འདྲེན།    “སློབ་གྲྭར་སྲུང་སྐྱེལ་བྱེད་པའི”ཆེད་དོན་བྱ་སྤྱོད།    བདེ་འཇགས་ཀྱི་མངོན་མེད་ཉེན་ཁ་མངོན་གསལ་དོད་པའི་ཐོན་རྫས་ལ་དམིགས་པའི“ཁྱེད་ཀྱིས་གནོན་ནས་བདག་གིས་ཞིབ་བཤེར་བྱེད་པའི”བྱ་སྤྱོད།    ཐོན་རྫས་སྣུམ་གྱི་སྤུས་ཚད་ཆེད་དོན་ཞིབ་བཤེལ།    དེ་བཞིན་ཟས་རིགས་བདེ་འཇགས་ཀྱི“ཁྱེད་ཀྱིས་གནོན་ནས་བདག་གིས་ཞིབ་བཤེར་བྱས་ནས་དམངས་ཚིས་ལ་ཕན་པའི་ཞབས་འདེགས་ཞུ་བའི”བྱེད་སྒོ་སོགས་ཚུད་ཡོད།    དེའི་དམིགས་ཡུལ་ནི་གཙོ་གནད་ཁྱབ་ཁོངས་ཀྱི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་།    འཛད་སྤྱོད་བདེ་འཇགས་འགོག་སྲུང་འཛིང་རགས་བརྟན་པོ་འཛུགས་པ།    འཛད་སྤྱོད་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ་བཅས་ཡིན།  

མཚོ་སྔོན་ཞིང་ཆེན་གྱིས་ད་དུང་གཙོ་རྒྱུན་སྨྱན་སྦྱོར་དང་རང་འགུལ་སྨྱན་སྦྱོར་ཁྱབ་ཁོངས་ཆེན་པོ་གཉིས་སུ་དུས་མཉམ་དུ་ནུས་ཤུགས་བཏོན་ནས་སྤྱི་ཕན་བརྡ་ཁྱབ་ཁྱབ་སྒྲོག་དང་།    ཆེད་དོན་ལེ་ཚན་བཟོ་བ།    དྲ་རྒྱའི་ཆེད་བསྒྲིགས་ལེ་ཚན་འཛུགས་པ་སོགས་རྣམ་པ་སྣ་ཚོགས་བརྒྱུད་སྤྱི་ཚོགས་ཡོངས་ཀྱིས་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་རྣམ་པ་ཟབ་མོ་བསྐྲུན་ཡོད།   

དྲིལ་སྒྲོག་བློ་འདྲིའི་ཞབས་ཞུའི་བྱེད་སྒོ་རབ་དང་རིམ་པ་བརྒྱུད་མཚོ་སྔོན་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་དང་ཞིང་ཆེན་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་འབྲེལ་ཡོད་སྲིད་འཛིན་སྡེ་ཁག་དང་ལག་གདང་སྦྲེལ་ནས་ཐུན་མོང་ཐོག་“ཡིད་ཚིམས་པའི་འཛད་སྤྱོད་ཐུན་མོང་དུ་བསྐྲུན་པའི”འཛད་སྤྱོད་ཁེ་དབང་སྲུང་སྐྱོང་ལོའི་བརྗོད་དོན་གཙོ་བོར་དམིགས་པ་དང་།    འཛད་སྤྱོད་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་ལག་བསྟར་ཤུགས་ཆེན་བྱས་ཏེ།    ཁྲིམས་འཛུགས་འགན་སྲུང་དང་།    ཁྲིམས་འཛིན་སྲུང་སྐྱོབ།    སྲིད་གཞུང་གི་ལྟ་སྐུལ་ལྟ་སྐོར།    སྤྱི་ཚོགས་ལྟ་སྐུལ།    ལས་རིགས་རང་གཅུན་།    ཁེ་ལས་ཀྱི་ཁྲིམས་སྲུང་།    འཛད་སྤྱོད་པའི་ཐེ་ཞུགས།    སྨྱན་སྦྱོར་དྲིལ་སྒྲོག་བཅས་ཟུང་འབྲེལ་བྱེད་པའི་ཆུ་ཚད་མཐོ་བའི་འཛད་སྤྱོད་ཁེ་དབང་སྲུང་སྐྱོབ།    མཉམ་སྐོར།    མཉམ་སྤྱོད་བཅས་ཀྱི་རྣམ་པ་གསར་པ་ཆགས་པར་སྐུལ་འདེད་བཏང་སྟེ།    སྤྱི་ཚོགས་ཡོངས་ལ་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ལ་དོ་ཁུར་བྱེད་པའི་རྣམ་པ་བཟང་པོ་ཆགས་པར་སྐུལ་འདེད་བཏང་སྟེ།    འཛད་སྤྱོད་པར་དེ་བས་བདེ་འཇགས་དང་བློ་བདེ་པའི་འཛད་སྤྱོད་ཁོར་ཡུག་བསྐྲུན་ནས་འཛད་སྤྱོད་ཀྱི་ཡིད་ཆེས་ཆེ་རུ་ཤུགས་ཆེན་བཏང་སྟེ།    མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཡོད།    

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།