ཟི་ལིང་གྲོང་ཁྱེར་གྱི་སློབ་གསོའི་མ་ལག་མཉམ་འགུལ་སྐོར་ཞིབ་ལས་དོན་སྐུལ་སློང་ཚོགས་འདུ་འཚོགས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཞིང་ཆེན་དང་གྲོང་ཁྱེར་ཨུ་ལྷན་གྱི་སྐོར་ཞིབ་ལྟ་ཞིབ་ལས་དོན་བཀོད་སྒྲིག་གཞིར་བཟུང་ཟླ་3ཚེས་4ཉིན་ཟི་ལིང་གྲོང་ཁྱེར་གྱི་སློབ་གསོའི་མ་ལག་གི་མཉམ་འགུལ་སྐོར་ཞིབ་ལས་དོན་སྐུལ་སློང་ཚོགས་འདུ་འཚོགས།     ཚོགས་འདུའི་ཐོག་ཞིང་ཆེན་ཨུ་ལྷན་སྐབས་བཅུ་བཞི་པའི་སྐོར་ཞིབ་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་།    ཞིང་ཆེན་ཨུ་ལྷན་སྐོར་ཞིབ་ཚོགས་ཆུང་བཞི་པའི་ཙུའུ་ཀྲང་གཞོན་པ་ཁྲེན་ཧའེ་ལེ་ཚོགས་འདུར་ཕེབས་ནས་མཛུབ་ཁྲིད་བྱས་པ་དང་།    གྲོང་ཁྱེར་ཨུ་ལྷན་གྱི་རྒྱུན་ལས་ཨུ་ཡོན་དང་གྲོང་ཁྱེར་ཨུ་ལྷན་གྱི་སྐོར་ཞིབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་རྒྱུན་ལས་ཙུའུ་ཀྲང་གཞོན་པ་ཉིའུ་ཏེ་ཧའེ་ཚོགས་འདུར་ཞུགས་པ་དང་འབྲེལ་སྐུལ་སློང་གཏམ་བཤད་གནང་བ་དང་།    གྲོང་ཁྱེར་སློབ་གསོ་ཅུས་ཏང་ཙུའུ་ཡི་འགན་འཁུར་བློ་མཐུན་གཙོ་བོས་རྣམ་འགྱུར་གཏམ་བཤད།     

ཚོགས་འདུས་བསྟན་དོན།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སློབ་གསོའི་ཚོགས་ཆེན་དང་མཚོ་སྔོན་ལ་རྟོག་ཞིབ་བྱེད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་དང་།    ཆབ་སྲིད་སྐོར་ཞིབ་གནས་ངེས་བརྟན་སྲུང་བྱས་ཏེ།    “སྲུང་སྐྱོང་གཉིས”ལ་དམིགས་ཏེ་ཆབ་སྲིད་སྐོར་ཞིབ་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ།    སྐོར་ཞིབ་བརྒྱུད་གནད་དོན་གནད་ལ་འཁེལ་བའི་སྒོ་ནས་ཤེས་རྟོགས་དང་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཏེ།    ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་གྲུབ་འབྲས་གསར་པར་བརྟེན་ནས་གྲོང་ཁྱེར་ཡོངས་ཀྱི་སློབ་གསོའི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།     

ཚོགས་འདུའི་ཐོག་ཆབ་སྲིད་སྐོར་ཞིབ་ཀྱི་བླང་བྱ་གཞིར་བཟུང་སློབ་གསོ་སྲིད་འཛིན་སྡེ་ཁག་དང་རིམ་པ་ཁག་དང་སློབ་གྲྭ་ཁག་གི་འགན་ནུས་འགན་འཁྲི་དང་ཁྱད་ཆོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་ཆབ་སྲིད་སྐོར་ཞིབ་སྤེལ་དགོས།     སློབ་གསོ་སྲིད་འཛིན་སྡེ་ཁག་གིས་གཙོ་གནད་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་ཞིང་ཆེན་དང་གྲོང་ཁྱེར་ཨུ་ལྷན་གྱི་བླང་བྱ་ལག་བསྟར་དང་དོན་འཁྱོལ་བྱས་ཚུལ་དང་།    འགན་ནུས་དང་འགན་འཁྲི་ལག་བསྟར་དང་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་གནས་ཚུལ།    བདེ་འཇགས་དང་འཕེལ་རྒྱས་ཀྱི་གནས་ཚུལ་གཅིག་གྱུར་འཆར་འགོད་བྱེད་པ།    ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་འགན་འཁྲི་དོན་འཁྱོལ་བྱེད་པ།    འགོ་ཁྲིད་ཚན་ཁག་དང་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྲུལ།    གཞི་རིམ་ཏང་འཛུགས་སྐྱོང་བཅས་ཀྱི་གནས་ཚུལ།    སྐོར་ཞིབ་སྐོར་ཞིབ་དང་རྩིས་བཤེར་སོགས་ལྟ་སྐུལ་གྱིས་རྒྱུས་ལོན་བྱུང་བའི་གནད་དོན་བཅོས་སྒྲིག་བྱས་ཚུལ་དོན་འཁྱོལ་བྱས་ནས་ཕྱོགས་དྲུག་གི་ཐོག་ནས་ལྟ་སྐུལ་ཞིབ་བཤེར་བྱེད་དགོས།     སློབ་གྲྭ་འབྲིང་ཆུང་གིས་གཙོ་གནད་ཐོག་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ནུས་པ་འདོན་སྤེལ་དང་།    རྒྱུན་གཏན་གྱི་སློབ་གསོ་དང་སློབ་ཁྲིད་དོ་དམ་ལས་དོན།    གཙོ་གནད་མི་སྣ་དང་གཙོ་གནད་ལས་གནས།    སློབ་གྲྭའི་བདེ་འཇགས་བཅོས་སྐྱོང་བཅས་ཕྱོགས་བཞི་ལ་དམིགས་ནས་ལྟ་སྐུལ་ཞིབ་བཤེར་བྱེད་དགོས།     

ཚོགས་འདུའི་ཐོག་སྐོར་ཞིབ་བྱ་ཡུལ་གྱི་ཏང་རྩ་འཛུགས་ཀྱིས་རང་འགུལ་ངང་ལྟ་སྐུལ་དང་ལེན་བྱེད་པའི་འདུ་ཤེས་ཆེ་རུ་གཏོང་བ་དང་།    རང་འགུལ་ངང་གནད་དོན་དང་མི་འདང་ས་ཞིབ་བཤེར་དང་ཐག་གཅོད་བྱ་དགོས།     ནུས་ཤུགས་ཡོད་རྒུས་སྐོར་ཞིབ་ལས་དོན་ལ་རྒྱབ་སྐྱོར་དང་གཞོགས་འདེགས་བྱས་ནས་རྩ་འཛུགས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་དགོས།     སྐོར་ཞིབ་ལས་དོན་གྱི་སྒྲིག་ཁྲིམས་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ་སྒྲིག་སྲོལ་གྱི་འདུ་ཤེས་བརྟན་པོ་འཛུགས་དགོས།     སྐོར་ཞིབ་ཚོ་ཆུང་གིས་ལས་ཀའི་འགན་འཁྲི་དོན་འཁྱོལ་ནན་ཏན་བྱས་ཏེ་ལྷུ་ཚིགས་ཁག་གི་ལས་དོན་གོ་རིམ་ལྡན་ཞིང་ལས་ཆོད་ཆེ་བའི་འགན་ལེན་བྱ་དགོས།     སྐོར་ཞིབ་ལས་དོན་གྱི་ཆབ་སྲིད་ཀྱི་བླང་བྱ་བརྩི་སྲུང་ནན་པོ་བྱས་ཏེ་རང་ཉིད་གསར་བརྗེ་བྱེད་ཤུགས་ཆེ་རུ་གཏོང་བ་དང་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་དགོས།     སྤྱོད་ཚུལ་ནུས་ལྡན་གྱི་ནུས་པ་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་གཏོང་བ་དང་།    “གླེང་མོལ་དང་།    ཞིབ་བཤེར།    ཉན་པ།    ལྟ་བ།    བཅར་འདྲི་བཅས་ཀྱི་ཐད་ལ་འབད་བརྩོན་དང་ངོ་བོ་བདེན་པ་བྱས་ཏེ།    སྐོར་ཞིབ་ཀྱིས་གནད་དོན་ངོ་མ་ཤེས་རྟོགས་བྱེད་པའི་ཡང་དག་ཚད་དང་གཏིང་ཟབ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།     

གྲོང་ཁྱེར་སློབ་གསོ་ཅུས་ཏང་ཙུའུ་ཡི་འགན་འཁུར་བློ་མཐུན་གཙོ་བོས།    མཉམ་འགུལ་སྐོར་ཞིབ་ནི་གྲོང་ཁྱེར་སློབ་གསོ་ཅུས་དང་ཁོངས་གཏོགས་སློབ་གྲྭའི་ཏང་རྩ་འཛུགས་ལས་དོན་གྱི“ཆབ་སྲིད་གཟུགས་བཤེར་”ཞིག་ཡིན་པས།    སྐོར་ཞིབ་ལས་དོན་གྱི་བཀོད་སྒྲིག་བླང་བྱ་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་།    རང་འགུལ་ངང་སྐོར་ཞིབ་དང་ལེན་བྱེད་པ་དང་།    ལྷག་བསམ་རྣམ་དག་གིས་ལྟ་སྐུལ་དང་ལེན་བྱེད་པ།    རྒྱབ་སྐྱོར་དང་གཞོགས་འདེགས་ཧུར་ཐག་བཅས་བྱས་ཏེ།    གནད་དོན་བཅོས་སྒྲིག་མུ་མཐུད་དུ་དམ་འཛིན་ཡག་པོ་བྱས་ཏེ།    སྐོར་ཞིབ་གྲུབ་འབྲས་དེ་ཟི་ལིང་གི་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་སྟོབས་ཆེན་དུ་བསྒྱུར་རྒྱུ་ཡིན་ཞེས་བཤད།    

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།