ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་བྱེད་ཐབས་བཅུ་བཏོན་ནས་ཁེ་དབང་སྲུང་སྐྱོང་ཞབས་ཞུའི་འགན་སྲུང་དྲ་བ་དམ་ཟབ་བཟོས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།  ཟླ2པའི་ཚེས26ཉིན།    གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན།    བཟོ་ཚོགས་ཀྱིས་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པར་ཞབས་འདེགས་ཞུ་བའི་ལོ་གསུམ་གྱི་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་བྱ་ཆེད།    ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་གྱིས《2025ལོའི་ལོ་འཁོར་གྱི་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ཁེ་དབང་སྲུང་སྐྱོང་ཞབས་ཞུར་ཤུགས་སྣོན་རྒྱག་པའི་བྱེད་ཐབས་དོན་ཚན་བཅུ་》(གཤམ་གསལ《བྱ་ཐབས》ཞེས་བསྡུས་པ་རེད)བཏོན་ནས་ཁེ་དབང་སྲུང་སྐྱོང་ཞབས་ཞུའི་འགན་སྲུང་དྲ་བ་དམ་ཟབ་བཙུགས།     

《བྱེད་ཐབས》ཀྱིས་བསམ་བློའི་སྣེ་ཁྲིད་དང་།    ལྷན་ཚོགས་འཛུགས་པ་དང་ཚོགས་འདུའི་ནང་ཞུགས་པ།    ཁེ་དབང་སྲུང་སྐྱོང་ཞབས་ཞུ།    ངལ་རྩོལ་བདེ་འཇགས།    ཁེ་ཕན་རེ་འདུན་སོགས་ལ་དམིགས་ནས་བརྟག་དཔྱད་ཞིབ་འཇུག་བྱས་ཏེ།    ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ཁེ་དབང་སྲུང་སྐྱོང་ཞབས་ཞུ།    ངལ་རྩོལ་བདེ་འཇགས།     “མཚོ་སྔོན་བཟོ་པའི་བསམ་བློ་ཆབ་སྲིད་སློབ་ཚན་ཆེན་པོ”གཏིང་ཟབ་ཏུ་བཏང་ནས་བཟོ་ཚོགས་ཀྱི་ས་ཚིགས་དང་ཁ་ལོ་བའི་ཁྱིམ་དུ་སྟབས་བདེ་ཅན་གྱི་ལྟ་ཀློག་ས་ཚིགས་བསྐྲུན་ནས་གློག་རྡུལ་ལྟ་ཀློག་བྱང་བུ་ཁྲི་3སྤྲད་དེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་ཚོགས་སྤྱིའི་ནང་ཞུགས་རྒྱུར་སྐུལ་འདེད་བཏང་བ་རེད།     ཚོགས་འཛུགས་དང་ཚོགས་ཞུགས་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ།    འཛུགས་དགོས་པ་ཚང་མ་འཛུགས་པ་དང་།    ཞུགས་དགོས་པ་ཚང་མ་ཞུགས་པར་བརྩོན་ལེན་བྱས་ཏེ།    གསར་དུ་ཚོགས་ཞུགས་དང་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་མིང་དངོས་ལམ་ལུགས་ཀྱི་འགུལ་རྣམ་བརྒྱ་ཆ་85ཡན་ཡིན།     གཙོ་གནད་ས་ཁོངས་ཀྱི་བཟོ་ཚོགས་ས་ཚིགས་200ཡི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་དང་།    མྱུར་བགྲོད་གཞུང་ལམ་དང་།    རྒྱལ་ལམ་དང་ཞིང་ཆེན་གཞུང་ལམ་རྒྱུད་གཞིའི“ཁ་ལོ་བའི་ཁྱིམ་གཞི”འཛུགས་སྐྲུན་ཚད་ལྡན་དུ་གཏོང་བ།    ལས་ཀའི་ཁོར་ཡུག་ལེགས་སུ་གཏོང་དགོས།     

གཅེས་སྐྱོང་བྱ་སྤྱོད་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པར་ཁ་ཕྱོགས་ནས“དྲོ་སྐྱོ་དང་འགན་སྲུང་གསར་པ”དང་།    རིན་མེད་གཟུགས་ལེན།    “འབྲས་སྐྲན་གཉིས”ཚགས་བཤེར།    “གཅེས་སེམས་ཞོགས་ཟས་”“བཟོ་ཚོགས་དབྱར་སྒར་”“བཟོ་ཚོགས་ཀྱི་གཅེས་སེམས་ཕན་ཚུན་ཕུལ་བ།    ”སྨན་བཅོས་དང་ངལ་གསོ་སོགས་སེམས་ཁུར་དང་གཅེས་སྐྱོང་རྣམ་གྲངས་ལག་བསྟར་བྱས་ཏེ་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་རྒྱུར་རོགས་རམ་བྱས་པ་རེད།     གྲོས་མོལ་དང་ལྷག་བསམ་གྱི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་།    ངལ་རྩོལ་ཁེ་དབང་དང་འབྲེལ་བ་ཡོད་པའི་ལམ་ལུགས་སྒྲིག་སྲོལ་དང་རྩི་ཐབས་སོགས་ལ་གྲོས་མོལ་མཐུན་སྦྱོར་བྱས་ཏེ།    འཆམ་མཐུན་ངལ་རྩོལ་འབྲེལ་བ་འཛུགས་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས།     ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ངལ་གསོ་དང་ངལ་རྩོལ་གླ་ཕོགས་ཁེ་དབང་འགན་སྲུང་གི་མཛུབ་ཁྲིད་དང་།    ངལ་རྩོལ་སྒྲིག་སྲོལ་ཡོངས་བསྒྲགས་ཀྱི་མཛུབ་ཁྲིད་།    ངལ་རྩོལ་གན་རྒྱ་དང་ཡིག་ཐོག་གྲོས་མཐུན་འཇོག་གི་མཛུབ་ཁྲིད་བཅས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་།    ངལ་རྩོལ་བཅའ་ཁྲིམས་ལྟ་སྐུལ་གྱི་“ཡི་གེ་གཅིག་དང་ཡི་གེ་གཉིས”གཏིང་ཟབ་ཏུ་གཏོང་བ་དང་།    གཙོ་གནད་བཟོ་ཚོགས་ཀྱི་ས་ཚིགས་ལ་བརྟེན་ནས་ངལ་རྩོལ་འབྲེལ་བའི་སྤྱི་པའི་ཞབས་ཞུ་དང་།    ངལ་རྩོལ་རྩོད་གཞི་འདུམ་འགྲིག་བྱེད་པ།    བཅའ་ཁྲིམས་རོགས་སྐྱོར་ལས་དོན་ས་ཚིགས་བཅས་འཛུགས་སྐྲུན་བྱས་ནས་བཅའ་ཁྲིམས་ཞབས་ཞུའི་ཐབས་ལམ་རྒྱ་སྐྱེད་གཏོང་དགོས།     

དེ་དང་ཆབས་ཅིག་རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་།    འགྲན་བསྡུར་ལ་བརྟེན་ནས་སྦྱོང་བརྡར་དང་འགྲན་བསྡུར་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཁྱབ་ཁོངས་དབྱེ་ནས་ཐུག་ཐུག་དང་།    མྱུར་སྐྱེར།    ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བ།    དྲ་ཐོག་ནས་བསྐུར་ནས་སྡེབ་སྤེལ།    གྲངས་གཞི་བཀོད་རྒྱུ།    ཁྱིམ་སྒྲུབ།    ནད་གཡོག་དང་ནད་གཡོག་སོགས་ལས་རིགས་ཀྱི་ལས་བཟོ་པའི་རྩལ་ནུས་འགྲན་བསྡུར་གཉེར་རྒྱུར་སྐུལ་འདེད་བཏང་ནས་རྩལ་ནུས་བྱང་ཚད་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས།     “ཆེས་མཛེས་པའི་མྱུར་སྐྱེལ་པ།    ”“ཆེས་མཛེས་པའི་སྣོད་བཅུད་དོ་དམ་སྲུང་སྐྱོང་པ།    ”“ཆེས་མཛེས་པའི་འགྲིམ་འགྲུལ་མཁན”འདེམས་པའི་བྱེད་སྒོ་མཉམ་འབྲེལ་ཐོག་སྤེལ་ནས་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་སྔོན་ཐོན་བྱས་རྗེས་སྔོག་འདོན་དྲིལ་བསྒྲགས་བྱས་ནས་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་རྒྱུ་རེད།     “གཞོན་ནོན་བཟོ་པའི་ཁྱིམ་གྱི”APPནུས་པའི་དཔེ་དུམ་ལེགས་སུ་བཏང་ནས་ལས་རིགས་གསར་པའི་ངལ་རྩོལ་པར་བཟོ་ཚོགས་ཀྱི་ས་ཚིགས་དང་།    དཀའ་ངལ་རོགས་སྐྱོད།    བཅའ་ཁྲིམས་རོགས་སྐྱོད།    ལས་ཞུགས་ཆ་འཕྲིན་སོགས་སྤྱི་ཕན་ཞབས་ཞུ་མཁོ་འདོན་བྱས་ཏེ།    “12351”ཞབས་ཞུའི་ཐད་སྦྲེལ་སྐུད་ལམ་ལྟེ་གནས་སུ་སེམས་ཁམས་བློ་འདྲི་དང་བཅའ་ཁྲིམས་བློ་འདྲི་ཆེད་གཏོང་སྐུད་ལམ་བཙུགས་ནས་ལས་རིགས་གསར་པའི་ངལ་རྩོལ་པར་སེམས་ཁམས་བདེ་ཐང་ཞབས་ཞུ་མཁོ་འདོན་བྱེད་དགོས།      

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།