ཞིང་ལས་བྲེལ་བའི་འགག་རྩའི་དུས་ཚིགས་ནི་ཞིང་ལས་རྒྱུ་ཆའི་ཐོན་རྫས་ཕྱིར་འཚོང་མང་བའི་དུས་ཚིགས་དང་ཞིང་ལས་རྒྱུ་ཆ་རྫུན་མ་དང་ངན་པ་བཟོ་ཚོང་བྱེད་པའི་བྱེད་སྤྱོད་མང་བའི་དུས་སྐབས་ཀྱང་ཡིན། ཞིང་ལས་རྒྱུ་ཆའི་སྤུས་ཚད་ནི་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་དང་ཐད་ཀར་འབྲེལ་བ་ཡོད་པ་དང་སྤུས་ལེགས་ཞིང་ལས་རྒྱུ་ཆ་ནི་འབྲུ་རིགས་ཐོན་འཕར་གྱི་འགག་རྩ་ཡིན། ཉེ་ཆར་མཚོ་སྔོན་ཞིང་ཆེན་ས་གནས་ཁག་གི་ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་སྒྲིག་གཞིས་ཞིང་ལས་རྒྱུ་ཆ་རྫུན་མ་ལ་རྡུང་རྡེག་གཏོང་བའི་བྱ་སྤྱོད་སྤེལ་ནས་ཞིང་ལས་རྒྱུ་ཆ་ཁྲོམ་རར་སྐོར་ཞིབ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་བྱ་ཐབས་བརྒྱུད་དཔྱིད་འདེབས་ཐོན་སྐྱེད་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་རོགས་རམ་བྱས།
འདི་ནི་ཞིང་ཆེན་གྱིས་ཁྲིམས་སྐྱོང་སྟོབས་ཤུགས་ལ་བརྟེན་ནས་ཞིང་ལས་རྒྱུ་ཆའི་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ་དང་། ཞིང་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ། གྲོང་གསེབ་དར་རྒྱས་ཡོང་བར་ཁྲིམས་སྐྱོང་འགན་སྲུང་མཁོ་འདོན་བྱེད་པ་བཅས་ཀྱི་བསྡུས་རིས་ཤིག་རེད།
ཆོས་པ་ནི་གནམ་འོག་གི་འབྲི་སྲོལ་དང་། དོན་དག་ཐམས་ཅད་ཀྱི་གཟུགས་ཆས་ཡིན།
ཁྲིམས་སྐྱོང་ནི་རྒྱལ་སྐྱོང་སྲིད་སྐྱོང་གི་གཞི་རྩའི་བྱེད་སྟངས་དང་། གྲོང་གསེབ་དར་རྒྱས་འཐབ་ཇུས་ཀྱི་འགན་སྲུང་གལ་ཆེ། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་མངོན་འགྱུར་བྱེད་པའི་ནང་དོན་གལ་ཆེན་བཅས་ཡིན། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ན། གྲོང་ཚོ་སྟོབས་ཆེ་དང་དམངས་ཕྱུག་ཡོང་བ་མངོན་འགྱུར་བྱེད་དགོས་པར་མ་ཟད། ད་དུང་“བཅོས་སྐྱོང་”བྱེད་པའི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་པས། རིམ་པ་འདི་གཉིས་བཅའ་ཁྲིམས་དང་ཁ་འབྲལ་ཐབས་མེད། དེར་བརྟེན། ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས“ཐོན་ལས་དར་རྒྱས་དང་། སྣོད་བཅུད་འཚོ་འཚམས། གྲོང་གསེབ་ཀྱི་ཉམས་འགྱུར་དཔལ་ཡོན་ལྡན་པ། བཅོས་སྐྱོང་ཕན་ལྡན་པ། འཚོ་བ་ཕྱུག་པོ”ཞེས་པའི་དམིགས་ཚད་ལས་འགན་མགྱོགས་མྱུར་མངོན་འགྱུར་བྱེད་པ་དང་། གྲོང་གསེབ་དར་རྒྱས་དང་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན།
དེའི་ཐད་ལོ་མང་རིང་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གྱིས་མཚོ་སྔོན་ལས་དོན་ཐད་བཏོན་པའི་བླང་བྱ་གལ་ཆེན་དང་ཞིང་ཆེན་ཨུ་ལྷན་གྱི་བཀོད་སྒྲིག་བཀོད་སྒྲིག་ནན་ཏན་དོན་འཁྱོལ་བྱས་ནས་ཞི་ཅིན་ཕིང་ཀྱི་ཁྲིམས་སྐྱོང་བསམ་བློ་དེ་ལས་དོན་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་ཕྱོགས་སྟོན་དང་རྩ་བའི་བརྩི་སྲུང་དུ་བརྩིས་ཏེ། “ཞིང་གསུམ་”ཁྱབ་ཁོངས་ཀྱི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། འགན་འཁྲི་ཧུར་ཐག་བསྒྲུབས་ནས་རང་འགུལ་ངང་འགན་འཁུར་རྒྱུ་རེད། ལྷག་པར་དུ་མཚོ་སྔོན་ཞིང་ཆེན་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པར་གྲོས་འཆམ་བྱུང་བའི《མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་དར་རྒྱས་སྐུལ་སྤེལ་སྲོལ་ཡིག》ནང་གྲོང་གསེབ་དར་རྒྱས་འཐབ་ཇུས་ལ་སྐུལ་འདེད་གཏོང་བ་དང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་། དཔྱིད་འདེབས་དང་རྨོ་གྲ་སྒྲིག་ཐོན་སྐྱེད་ཀྱི་ཞིང་ལས་རྒྱུ་ཆ་བདེ་འཇགས་གསོག་འཇོག་སྲུང་སྐྱེལ་བྱེད་པ་ནས་ལྗང་མདོག་དང་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ། དེ་ནས་གྲོང་གསེབ་བཅོས་སྐྱོང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བའི་བར་དུ་ཐོག་མཐའ་བར་གསུམ་དུ་ཁྲིམས་སྐྱོང་གི་སྟོབས་ཤུགས་སྤྱད་དེ་ཁྲིམས་སྐྱོང་གི་སྟོབས་ཤུགས་བསགས་ནས་ཁྲིམས་ལྟར་ཞིང་པ་སྲུང་སྐྱོང་བྱེད་པར་སྐུལ་འདེད་བཏང་སྟེ། གྲོང་གསེབ་དར་རྒྱས་སྐུལ་སྤེལ་དང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་མགྱོགས་སུ་གཏོང་བར་ཁྲིམས་སྐྱོང་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱས་ཡོད།
ད་ལོའི་ཞིང་ཆེན་ཡོངས་ཀྱི་ཚོགས་འདུ་གཉིས་དང་མཚོ་སྔོན་ཞིང་ཆེན་གྱི་ཞིང་ལས་དང་གྲོང་གསེབ་ལས་དོན་ཚོགས་འདུའི་ཐོག་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དང་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུའི་ཐད་བླང་བྱ་དང་བཀོད་སྒྲིག་གསར་པ་བཏོན་ཡོད། དེའི་ཐད་ཁྲིམས་སྐྱོང་གི་སྲུང་སྐྱོབ་ནུས་པ་སྔར་བས་འདོན་སྤེལ་བྱས་ཏེ། ཞིང་ལས་ཁྱོན་ཡོངས་ནས་རིམ་སྤོར་དང་། གྲོང་གསེབ་ཁྱོན་ཡོངས་ནས་ཡར་ཐོན། ཞིང་པ་ཁྱོན་ཡོངས་ནས་འཕེལ་རྒྱས་བཅས་ཡོང་བར་སྐུལ་འདེད་གཏོང་དགོས།
གནད་དོན་གྱི་ཁྲིད་སྟོན་མཐའ་འཁྱོངས་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་བྱེད་པའི་བརྒྱུད་རིམ་ནང་ཐོན་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པ་ལ་དམིགས་ནས་ཞིང་ཆེན་གྱིས་ཞིང་ལས་ལ་རྒྱབ་སྐྱོར་སྲུང་སྐྱོང་དང་། གྲོང་གསེབ་ཀྱི་སྣོད་བཅུད་ཁོར་ཡུག་བཅོས་སྐྱོང་། གྲོང་གསེབ་ཀྱི་སྤྱི་ཚོགས་ཀྱི་འགལ་བ་སེལ་བ་སོགས་ཀྱི་ཐད་གཙོ་གནད་དུ་དམིགས་ནས་ཞིང་ལས་དང་འབྲེལ་བའི་བཅའ་ཁྲིམས་ལམ་ལུགས་སྔར་བས་འཐུས་ཚང་དུ་བཏང་ནས་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་སྣེ་ཁྲིད་དང་། ཚད་གཞི། འགན་སྲུང་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ་ཡིན་པ་རེད། འབྲས་བུ་ཕྱོགས་སྟོན་མཐའ་འཁྱོངས་དང་། ཞིང་པའི་གཙོ་གཟུགས་གོ་གནས་མཐའ་འཁྱོངས་དང་། ཞིང་པའི་འདོད་བློ་ལ་བརྩི་འཇོག་གང་ལེགས་བྱེད་པ། ཞིང་པའི་ ཁེ་དབང་དང་ཁྲིམས་མཐུན་ཁེ་དབང་གཞན་དག་འགན་སྲུང་བྱེད་པ། ཞིང་པའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་བྱས་ནས་ཞིང་པའི་རྩ་བའི་ཁེ་ཕན་སྲུང་སྐྱོང་བཅས་བྱེད་དགོས། ཞན་ཆ་གསབ་དང་སྟོབས་ཞན་ཁ་གསབ་བྱས་ནས་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། རྨོ་ཞིང་སྲུང་སྐྱོང་བྱེད་ཐབས་མཁྲེགས་པོ་སྔར་བས་དོན་འཁྱོལ་བྱེད་པ་དང་། ཞིང་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། འབྲུ་རིགས་ཐོན་སྐྱེད་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱས་ཏེ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་མགྱོགས་སུ་གཏོང་བར་ཁྲིམས་སྐྱོང་འགན་སྲུང་ཏན་ཏིག་མཁོ་འདོན་བྱེད་དགོས།