མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ2པའི་ཚེས20ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་ཆར་ཞིང་ཆེན་ཚོང་དོན་ཐིང་གིས《མཚོ་སྔོན་ཞིང་ཆེན་གྱི་ཚོང་དོན་ཁྱབ་ཁོངས་ཀྱི་2025ལོའི་འཛད་སྤྱོད་སྐུལ་སྤེལ་གྱི་ཆེད་དོན་བྱ་སྤྱོད་ཇུས་གཞི》(གཤམ་གསལ《ཇུས་གཞི》ཞེས་བསྡུས་པ་རེད)པར་འགྲེམས་བྱས་ཏེ། འཛད་སྤྱོད་དངོས་རྫས་རྙིང་པ་གསར་བརྗེ་དང་། ཞབས་ཞུའི་འཛད་སྤྱོད་མཐོར་འདེགས་ལ་སྐུལ་འདེད་གཏོང་བ། གྲངས་གཞིའི་འཛད་སྤྱོད་མཐོར་འདེགས་སོགས་ཀྱི་གཙོ་གནད་ལས་དོན་སྤེལ་བ་བརྒྱུད་ཚོང་དོན་ཁྱབ་ཁོངས་ཀྱི་འཛད་སྤྱོད་སྐུལ་སྤེལ་ལས་དོན་དོན་འཁྱོལ་ཞིབ་ཕྲ་ཡོང་བར་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་5%ཡན་འཕར་བ་སོགས་འཛད་སྤྱོད་སྐུལ་སྤེལ་ལས་འགན་དམིགས་ཚད་མངོན་འགྱུར་ཡོང་བར་བརྩོན་ལེན་བྱེད་དགོས།
《ཇུས་གཞིའི》ནང་ད་ལོར་2025ལོའི་འཛད་སྤྱོད་རྫས་རྙིང་པ་གསར་དུ་བརྗེ་བའི་ཆེད་དོན་བྱ་སྤྱོད་མུ་མཐུད་དུ་རྒྱ་སྐྱེད་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། རླངས་འཁོར་བེད་མེད་གསར་སྒྱུར་དང་། རླངས་འཁོར་བརྗེ་རེས་གསར་སྒྱུར། གློག་སྒུལ་ལྕགས་རྟ་རྙིང་པ་གསར་བརྗེ། ཁྱིམ་སྤྱོད་གློག་ཆས་རྙིང་པ་གསར་བརྗེ། གྲངས་འཛིན་ཐོན་རྫས་ཉོ་བ། རྒས་འགྱུར་དང་འགོག་རྐྱེན་མེད་པའི་སྒྱུར་བཅོས། རིག་ནུས་ཁྱིམ་ཆས་གསར་བརྗེ། ཐབ་ཚང་འཕྲོད་བསྟེན་དང་ཁྱིམ་ཆས་གསར་བརྗེ། ཁྱིམ་ཆས་གསར་བརྗེས”བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས།
ཞབས་ཞུའི་ལས་རིགས་ཀྱི་འཛད་སྤྱོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐོག《ཇུས་གཞིའི》ནང་རྒྱལ་སྤྱིའི་གྲགས་ཅན་སྤུས་རྟགས་ནང་འདྲེན་དང་ཁྱབ་སྤེལ་བྱེད་སྒོ་སྤེལ་བ་སོགས་ཀྱི་ལས་དོན་བརྒྱུད་ཞིང་ཆེན་ཡོངས་ཀྱི་བཟའ་བཏུང་དང་ཞག་སྡོད་ཞབས་ཞུའི་འཛད་སྤྱོད་རིམ་པ་མཐོ་རུ་གཏོང་རྒྱུ་བཏོན་ཡོད། ལས་རིགས་ཀྱི་ཞབས་ཞུའི་ཚད་གཞི་གཏན་འབེབས་བྱས་པ་བརྒྱུད་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཁྱིམ་ལས་ཞབས་ཞུའི་འཛད་སྤྱོད་སྤུས་ཚད་མཐོ་རུ་གཏོང་དགོས། “ཆུ་ཚོད་བཞི་གཅིག”གི་དམངས་བདེ་ཞབས་ཞུའི་ཁྱབ་ཁོངས་འཛུགས་སྐྲུན་ལ་བརྟེན་ནས་སྡོད་གནས་ཞབས་ཞུའི་འཛད་སྤྱོད་ཀྱི་འདོད་བློ་ཆེ་རུ་གཏོང་དགོས། རིག་གནས་ཡུལ་སྐོར་ལུས་རྩལ་རོལ་རྩེད་འཛད་སྤྱོད་གསར་གཏོད་བྱས་པ་བརྒྱུད་འཁྲབ་སྟོན་བྱེད་སྒོ་དང་ལུས་རྩལ་འགྲན་བསྡུར་“སྡེ་ཁུལ་དང་། ཚོང་ལས་ཁོངས། མཛེས་ལྗོངས་ཁུལ་བཅས་སུ་བསྐྱོད་རྒྱུ་”སོགས་ཀྱི་བྱེད་སྒོར་སྐུལ་འདེད་བཏང་ནས་རིག་གནས་ཡུལ་སྐོར་ཚོང་ལས་དང་ལུས་རྩལ་མཉམ་འདྲེས་འཛད་སྤྱོད་ཉམས་ལེན་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས།
གྲངས་འཛིན་འཛད་སྤྱོད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བའི་ཐད་ཚོང་དོན་པུའུ་ཡིས་གློག་རྡུལ་ཚོང་དོན་སྟེགས་བུ་དང་། ཞབས་ཞུའི་སྒྲིག་གཞི། ལས་རིགས་མཐུན་ཚོགས་སོགས་རྩ་འཛུགས་ལ་གློག་རྡུལ་ཚོང་དོན་གྱི་དམངས་ཕན་བྱེད་སྒོ་སྤེལ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ནས་གྲངས་འཛིན་འཛད་སྤྱོད་མཁོ་སྤྲོད་ཕུན་སུམ་ཚོགས་སུ་གཏོང་དགོས། ཁེ་ལས་ཀྱིས་གྲངས་འཛིན་ཞབས་ཞུའི་འཛད་སྤྱོད་རྣམ་པ་གསར་གཏོད་བྱེད་པར་ཁྲིད་སྟོན་བྱས་ཏེ། AIདཔེ་དབྱིབས་དང་། རྟོག་འགྱུར། ཨང་ཀིའི་མཚེ་མ་སོགས་ལག་རྩལ་གསར་པས་འཚོ་བའི་ཞབས་ཞུ་བྱེད་ནུས་ཇེ་མགྱོགས་སུ་བཏང་སྟེ། གྲངས་འཛིན་འཛད་སྤྱོད་གཞི་རྟེན་ལེགས་སུ་གཏོང་དགོས། ཐད་གཏོང་གློག་རྡུལ་ཚོང་ལས་ཀྱིས་སྣ་མང་ཅན་གྱི་ཐད་གཏོང་རྣམ་པ་འཚོལ་ཞིབ་བྱེད་པར་རྒྱབ་སྐྱོར་དང་ཁྲིད་སྟོན་བྱེད་པ་དང་། མདུན་ཚོང་ཁང་དང་རྒྱབ་ཕྱོགས་མཛོད་ཁང་སོགས་སྟབས་བདེའི་མཛོད་ཉར་སྒྲིག་བཀོད་འཕེལ་རྒྱས་གཏོང་བ། གྲངས་འཛིན་འཛད་སྤྱོད་ཀྱི་ལས་རྣམ་གསར་པ་གསར་གཏོད་བྱེད་པ་དང་། གྲངས་འཛིན་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་སྐུལ་སྤེལ་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་གྲངས་འཛིན་འཛད་སྤྱོད་ཀྱི་སྤུས་ཚད་མཐོ་རུ་དང་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་དགོས།
འཛད་སྤྱོད་སྐུལ་འདེད་བྱེད་སྒོ་གཉེར་བའི་ཐད་ཚོང་དོན་པུའུ་ཡིས་འབྲེལ་ཡོད་སྡེ་ཚན་དང་མཉམ་འབྲེལ་བྱས་ཏེ“སྲིད་ཇུས་དང་བྱེད་སྐྱོད”གཉིས་ཀྱི་སྐུལ་འདེད་དང་། “དྲ་ཐོག་དང་དྲ་ཐོག་དང་འོག་གི་”གཉིས་ཀྱི་ཁ་གསབ་དང་། “སྲིད་གཞུང་དང་ཁེ་ལས་དང་དངུལ་ཁང་དང་ལས་སྟེགས་བཅས་མཉམ་དུ་ནུས་ཤུགས་འདོན་པའི་སྤྱིའི་བསམ་ཕྱོགས་གཞིར་བཟུང་འཛད་སྤྱོད་རྒྱ་སྐྱེད་དང་དམངས་འཚོ་ཕན་པ་ཐོབ་པ་ཟུང་འབྲེལ་བྱས་ཏེ། དུས་ཚིགས་དང་། དུས་ཆེན་གུང་གསེང་། ལུས་རྩལ་འགྲན་རྩོམ། སྒྱུ་རྩལ་འཁྲབ་རྩོམ། ཡུལ་སྐོར་ཚ་གནད་སོགས་བྱེད་སྒོའི་གཞི་རྟེན་ལ་བརྟེན་ནས་འཛད་སྤྱོད་སྐུལ་འདེད་བྱེད་སྒོ་སྣ་ཚོགས་སྤེལ་བ། “དུས་ཚིགས་ལ་བརྗོད་གཞི་ཡོད་པ་དང་། ཟླ་རེར་བྱེད་སྒོ་ཡོད་པ། གཟའ་འཁོར་རེར་གཟིགས་སྐྱོང་ཡོད་པ་བཅས་ཀྱི་འཛད་སྤྱོད་ཀྱི་རྣམ་པ་བསྐྲུན་ནས་ལོ་ཧྲིལ་པོར་འཛད་སྤྱོད་སྐུལ་འདེད་བྱེད་སྒོ་སྣ་ཚོགས་ཐེངས་250ཡན་སྤེལ་བ་རེད།
གཞན་ཡང་ཞིང་ཆེན་ཡོངས་ཀྱི་ཚོང་དོན་སྡེ་ཚན་གྱིས་ད་དུང་འཛད་སྤྱོད་ཁོར་ཡུག་མཐོ་རུ་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་ནས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་འཛད་སྤྱོད་ཆ་རྐྱེན་ལེགས་སུ་གཏོང་བ་དང་། འཛད་སྤྱོད་ཞབས་ཞུའི་ཉམས་ལེན་ལེགས་སུ་གཏོང་བ། འཛད་སྤྱོད་ཁེ་དབང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་ཐད་ནས་འགོ་བཙུགས་ཏེ་ཞིང་ཆེན་ནང་ཁུལ་གྱི་འཛད་སྤྱོད་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་བ་དང་འཛད་སྤྱོད་ཉམས་ལེན་ལེགས་སུ་བཏང་སྟེ་མི་དམངས་མང་ཚོགས་ཀྱིས་བློ་བདེ་ངང་འཛད་སྤྱོད་བྱེད་དུ་འཇུག་རྒྱུ་རེད།