མཚོ་སྔོན་གྱིས་ཕྱོགས་ཡོངས་དང་བརྒྱུད་རིམ་ཡོངས་ནས་གཙོ་གནད་སྐྱེ་ཁམས་ལས་གཞིའི་ལས་གྲྭའི་སུས་འཇོན་དེ་འགུག་འོས་སྐུལ་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།  ཟླ2པའི་ཚེས17ཉིན།    མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས《བྱང་གསུམ་སོགས་གཙོ་གནད་སྐྱེ་ཁམས་ལས་གཞིའི་རྣམ་གྲངས་སུས་འཇོན་དེ་འགུག་དང་འོས་སྐུལ་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་གཏན་འབེབས་འགའ་ཤས་(ཚོད་སྤྱོད)》པར་འགྲེམས་བྱས་ཏེ།    ཕྱོགས་ཡོངས་དང་བརྒྱུད་རིམ་ཡོངས་ཀྱིས“བྱང་གསུམ་”སོགས་གཙོ་གནད་སྣོད་བཅུད་ལས་གྲྭའི་སུས་འཇོན་དེ་འགུག་དང་འོས་སྐུལ་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་གཙོ་གནད་སྐྱེ་ཁམས་ལས་གཞིའི་འཛུགས་སྐྲུན་རྣམ་གྲངས་སྤུས་ཚད་མཐོ་བའི་སྐུལ་འདེད་གཏོང་རྒྱུར་རོགས་རམ་བྱས།     

《གཏན་འབེབས》ནང་ཁྲིམས་གཏན་འཁེལ་བའི་སུས་འཇོན་དེ་འགོད་པའི་གོ་རིམ་ལ་བརྩི་སྲུང་ནན་པོ་བྱས་ཏེ་རྣམ་གྲངས་ཀྱི་སྔོན་གྱི་ལས་དོན་མགྱོགས་མྱུར་སྤེལ་འགོ་བཙུགས་ནས་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ཚད་གཞིའི་ཡིག་ཆ་དང“བྱང་གསུམ་”སོགས་གཙོ་གནད་སྐྱེ་ཁམས་ལས་གཞིའི་ཨར་ལས་དང་།    ལྟ་སྐུལ་དོ་དམ་།    ཇུས་འགོད་བཅས་རྣམ་གྲངས་ཀྱི་སུས་འཇོན་དེ་འགོད་པའི་ཡིག་ཆའི་དཔེ་སྟོན་ཡིག་ཆ་གཞི་འཛིན་སར་བྱས་ཏེ་རྣམ་གྲངས་ཀྱི་དགོས་མཁོ་དངོས་དང་ཟུང་འབྲེལ་བྱས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་ཐོབ་ཐང་དང་གྲུབ་འབྲས་ཀྱི་བླང་བྱ་བཀོད་སྒྲིག་བྱས་ནས་སུས་འཇོན་དེ་འགོད་པའི་ཡིག་ཆ་བཟོ་འགོད་བྱེད་དགོས་པའི་བླང་བྱ་བཏོན་ཡོད།     ཞིབ་བཤེར་ལམ་ལུགས་དང་ཐུན་མོང་ཐབས་ཇུས་ལམ་ལུགས་སྤྱད་དེ་གློག་རྡུལ་ཅན་གྱི་ཉོ་ཚོང་དང་།    དཔྱད་གཞིའི་ཡིག་རིགས་བསྐྱར་ཞིབ་བྱེད་པ།    ཁ་ཆད་ལག་བསྟར་བྱེད་པའི་གླེང་མོད།    ཁས་ལེན་བྱེད་པ།    དམིགས་ཚད་ཁ་གསལ་བཟོ་བ།    འགན་འཁྲི་ཤུགས་སྣོན།    ས་གནས་ས་ཐོག་ལྟ་སྐུལ་དོ་དམ་སོགས་ཀྱི་བྱེད་ཐབས་གཏན་འབེབས་ཁྱབ་སྤེལ་བཏང་སྟེ།    སུས་འཇོན་དེ་འགོད་མཁན་གྱི་གཙོ་གཟུགས་འགན་འཁྲི་གཙོ་གནད་དུ་བཟུང་ནས་ཤུགས་སྣོན་རྒྱག་དགོས།     

《གཏན་འབེབས》ནང་ནགས་ཚལ་དང་རྩྭ་ས་རྣམ་གྲངས་སྡེ་ཚན་དང་སུས་འཇོན་འགུག་ལས་ཚབ་ལས་ཁུངས་ཀྱིས་ཕྱོགས་གཉིས་པོའི་ཁེ་དབང་དང་འོས་འགན་ཁ་གསལ་བཟོས་ནས་གན་རྒྱ་ཞིབ་ཕྲ་བཞག་ཐོ་འགོད་བྱས་ཏེ་ལས་སྒོའི་བརྒྱུད་རིམ་དང་།    ཡིག་ཆ་བཟོ་བ།    ཞབས་ཞུའི་ལས་ཆོད་སོགས་ཀྱི་ཐད་ནས་སུས་འཇོན་འགུག་ལས་ཚབ་ལས་ཁུངས་ལ་ཡིད་རྟོན་གདེང་འཇོག་བྱས་ནས་སུས་འཇོན་འགུག་ལས་ཚབ་ལས་ཁུངས་ཀྱི་ཞབས་ཞུའི་ལམ་སྲོལ་མུ་མཐུད་འཐུས་ཚང་དུ་གཏོང་དགོས་ཞེས་བཏོན་ཡོད་པ་རེད།     དམིགས་འབེན་དཔྱད་བསྡུར་རིགས་གཅིག་མཁས་ཅན་གྱི་ཚེ་གང་འགན་འཁུར་ལམ་ལུགས་ལག་ལེན་བསྟར་བ་དང་།    ཆེད་མཁས་པའི་ཡིད་རྟོན་ཡིག་ཚགས་འཛུགས་པ།    དྲ་རྒྱའི་རྒྱང་རིང་ས་གནས་གཞན་དུ་དམིགས་འབེན་དཔྱད་བསྡུར་ཁྱབ་གདལ་བཏང་ནས་རིགས་གཅིག་མཁས་ཅན་གྱི་ཐོན་ཁུངས་མཉམ་སྤྱོད་མངོན་འགྱུར་ཡོང་བ་བཅས་བྱ་དགོས།     དམིགས་འབེན་དཔྱད་བསྡུར་བྱ་ཡུལ་གྱི་དོ་དམ་ཚད་ལྡན་དུ་གཏོང་བ་དང་།    དམིགས་འབེན་དཔྱད་བསྡུར་བརྒྱུད་རིམ་བཀག་སྡོམ་བྱས་ནས་རྗེས་འདེད་ཆོག་པ་སོགས་ཀྱི་གཏན་འབེབས་ཀྱི་བླང་བྱ་ལྟར་དམིགས་འབེན་དཔྱད་བསྡུར་རིགས་གཅིག་མཁས་ཅན་གྱི་དོ་དམ་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས།     

《གཏན་འབེབས》ནང་འབྲེལ་ཡོད་སྡེ་ཚན་དང་མཉམ་འབྲེལ་ཐོག་དྲང་གཞག་འགྲན་རྩོད་ཞིབ་བཤེར་བྱེད་པ་དང་།    དུས་བཀག་ནང་ཆེད་དོན་རྩིས་བཤེར་ཞིབ་བཤེར་བྱེད་པ།    འོས་སྐུལ་དང་འོས་སྐུལ་གྱི་གོ་རིམ་དང་།    མ་དངུལ་འགྲོ་རྒྱུ།    གན་རྒྱ་ལག་བསྟར་བྱས་ཚུལ་བཅས་ཕྱོགས་ཡོངས་ནས་ཞིབ་བཤེར་བྱེད་པ་དང་།    ཚོང་རྩར་ཞུགས་རྒྱུར་ཚོད་འཛིན་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཁྲིམས་འགལ་དང་སྒྲིག་འགལ་གྱི་འོས་སྐུལ་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་བ་དང་།    ལྟ་སྐུལ་གྱི་རྣམ་པ་བཟང་པོ་གཏོད་པ།    མཐུན་སྦྱོར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་བཅས་བཏོན་ཡོད་།    

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།