མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ2པའི་ཚེས17ཉིན་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ཅུས་ཀྲང་ཚོགས་འདུ་ཟི་ལིང་དུ་འཚོགས། ཚོགས་འདུའི་ཐོག་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་གཉིས་པ་དང་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་སྤྱི་བདེ་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཚོ་སྔོན་ལ་རྟོག་ཞིབ་བྱེད་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་གྲོས་ཚོགས་དང་ཞིང་ཆེན་ཨུ་ལྷན་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་བརྒྱད་པ། ཞིང་ཆེན་ཨུ་ལྷན་གྱི་སྲིད་ཁྲིམས་ལས་དོན་གྲོས་ཚོགས་བཅས་ཀྱི་དགོངས་དོན་དོན་འཁྱོལ་བྱས་ཏེ་ལས་དོན་ཕྱོགས་ཡོངས་ནས་ཕྱོགས་བསྡོམས་དང་། གནས་བབ་ལ་དབྱེ་ཞིབ་དང་ཞིབ་དཔྱད་བྱས་ནས་ད་ལོའི་སྤྱི་བདེ་ལས་དོན་བཀོད་སྒྲིག་བྱས། ཧྲིན་ཀྲང་གཞོན་པ་སྤྱི་བདེ་ཐིང་གི་ཐིང་ཀྲང་ལི་ཧུང་ཡ་ཚོགས་འདུར་ཞུགས་ནས་གཏམ་བཤད།
ཚོགས་འདུས་བསྟན་དོན། 2024ལོར་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྣེ་ཁྲིད་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཞི་ཅིན་ཕིང་གི་སྤྱི་ཚོགས་རིང་ལུགས་བསམ་བློའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་འོག ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་དང་། སྤྱི་བདེ་པུའུ། ཞིང་ཆེན་ཏང་ཨུའི་ཆབ་སྲིད་ཁྲིམས་ལུགས་ཨུ་ལྷན། ཏང་ཨུའི་སྲིད་གཞུང་རིམ་པ་ཁག་བཅས་ཀྱི་འགོ་ཁྲིད་བརྟན་པོའི་འོག ལས་འགན་ལྗིད་མོ་ཁུར་ཤེས་པ་དང་། འབད་བརྩོན་མ་ལྷོད་མདུན་དུ་སྐྱོད་དེ། འཐབ་འཛིང་ལ་མཐའ་གཅིག་ཏུ་རྒྱལ་ཁ་ཐོབ་པ་དང་། ཞིང་ཆེན་ཡོངས་ཀྱི་བདེ་འཇགས་བརྟན་ལྷིང་ལ་སྲུང་སྐྱོང་ནུས་ལྡན་བྱས།
ཚོགས་འདུའི་ཐོག་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་འགན་འཁྲི་འགན་འཁུར་རྒྱུར་ཤུགས་སྣོན་བརྒྱབ་ནས་མཚོ་སྔོན་གྱི་བདེ་སྐྱིད་ཡུན་རིང་བརྟན་པར་སྲུང་སྐྱོང་བྱེད་པའི་བླ་མེད་འགན་འཁྲི་དང་ལས་འགན་བློ་བརྟན་འགྱུར་མེད་ཀྱིས་འཁུར་བ་དང་། “ཞིན་ཅང་དང་བོད་གཉིས་བརྟན་པོ་ཡོང་བའི”འཐབ་ཇུས་ཀྱི་ངེས་གནས་དམ་འཛིན་བརྟན་པོ་བྱས་ནས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་དགོས་ཞེས་བཤད། གནད་དོན་གྱི་ཁྲིད་སྟོན་མཐའ་འཁྱོངས་དང་། ཉེན་ཁའི་འདུ་ཤེས་ཆེ་རུ་གཏོང་བ་དང་། མཚམས་ཐིག་གི་བསམ་གཞིགས་བརྟན་སྲུང་བྱེད་པ། འཐབ་རྩོད་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ། “བླང་བྱ་གསར་བཞི”དང“འབུར་ཐོན་ལྔ་”སྣེ་ཁྲིད་དུ་བྱས། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་དང“སྔོན་འགོག་དང་སེལ་བ། འགན་སྲུང་དམའ་བ”སོགས་ཆེད་དོན་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། བསམ་གཞིགས་ཀྱི་གཏན་སྲོལ་ལས་བརྒལ་ཏེ་སྤྱི་བདེ་ལས་ཁུངས་ཀྱི་སྤུས་ཚད་གསར་པ་དང་འཐབ་འཛིང་ཤུགས་ཆེ་རུ་གཏོང་བའི་ལས་གཞི་གཞི་རྟེན་དུ་བྱེད་པ་དང་ཁྲིམས་སྐྱོང་ཅན་ཆ་འཕྲིན་ཅན་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་ཐད་ལ་་འདེགས་སྐྱོར་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཉེན་ཁ་དང་མངོན་མེད་རྐྱེན་ངན་ཚབས་ཆེན་འབྱུང་བར་སྔོན་འགོག་དང་དཀའ་ངལ་སེལ་བ་བྱས་ནས་ཀྲུང་གོ་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་སྐུལ་འདེད་ཧུར་ཐག་གཏོང་ཆེད་སྤྱི་བདེ་ནས་བྱས་རྗེས་འཇོག་དགོས།