ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་དོན་གྲོས་ཚོགས་འཚོགས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ2པའི་ཚེས17ཉིན་ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་དོན་ཚོགས་འདུ་ཟི་ལིང་དུ་བརྙན་ལམ་ནས་འཚོགས།     ཚོགས་འདུའི་སྟེང་ཀྲུང་དབྱང་གི་སྲིད་ཁྲིམས་ལས་དོན་ཚོགས་འདུ་དང་།    རྒྱལ་ཡོངས་ཁྲིམས་འཛིན་ཐིང་(ཅུའུ)འགོ་འཛིན་ཚོགས་འདུ།    ཞིང་ཆེན་ཨུ་ལྷན་གྱི་སྲིད་ཁྲིམས་ལས་དོན་ཚོགས་འདུའི་དགོངས་དོན་དང་དེ་བཞིན་ཞིང་ཆེན་ཨུ་ལྷན་གྱིས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བ་དང་ཁྲིམས་འཛིན་སྲིད་འཛིན་ལས་དོན་ཐད་བཏོན་པའི་བླང་བྱ་བརྒྱུད་སྒྲོག་དང་སློབ་སྦྱོང་།    ལས་དོན་ལ་ཕྱོགས་སྡོམ་དང་།    གནས་བབ་དབྱེ་ཞིབ།    ད་ལོའི་ལས་འགན་གཙོ་བོ་བཅས་བཀོད་སྒྲིག་བྱས།  

ཚོགས་འདུས་བསྟན་དོན།    2024ལོར་ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་མ་ལག་གིས་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་འགན་སྲུང་ལ་གཞི་ཚུགས་ནས་“གཅིག་གྱུར་དམ་འཛིན་དང་འགན་ནུས་ཆེན་པོ་ལྔ་”ལྷག་བསམ་རྣམ་དག་གིས་ལག་བསྟར་བྱས་ཏེ།    བདེ་འཇགས་མཚོ་སྔོན་སྲུང་སྐྱེལ་དང་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་ཁྲོད་གོམ་སྟབས་སྔར་བས་བརྟན་པོ་སྤོས་ཤིང་།    ཁྱོན་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བ་དང་ཁྲིམས་འཛིན་སྲིད་འཛིན་བྱ་བར་གྲུབ་འབྲས་གསར་པ་ཐོབ་ཡོད།    

ཚོགས་འདུས་བསྟན་དོན།    ཏང་གི་ཕྱོགས་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་རྒྱག་པའི“རྩ་བའི་རྩ་དོན”ལ་དམ་པོར་དམིགས་ཏེ།    ཏང་གིས་ཉེན་རྟོག་ལ་དོ་དམ་ནན་པོ་བྱེད་པའི་“ལས་གཙོ་བོ”སྔར་བས་འབུར་དུ་ཐོན་དགོས་པ་དང་།     སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་“ལས་འགན་ཨང་དང་པོ་”འདི་དམ་འཛིན་བྱས་ནས་ཁྲིམས་འཛུགས་ཁྱབ་ཁོངས་ཀྱི་བཅོས་སྒྱུར་གཏིང་ཟབ་དང་།    ཁྲིམས་ལྟར་སྲིད་འཛིན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ།    བཅོས་སྒྱུར་གསར་གཏོད་ཀྱི“བརྗོད་བྱ་གཙོ་བོར་”སྔར་བས་བརྟན་པོར་འཛིན་པ།     ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི“འཐབ་ཇུས་ཀྱི་བཀོད་པ་”ལ་དམ་འཛིན་བཅས་བྱས་ཏེ།    ཁྲིམས་སྐྱོང་འཛུགས་སྐྱོང་གི་འགན་འཁྲི་དང་རྨང་གཞིར་མུ་མཐུད་དུ་ཤུགས་སྣོན་བརྒྱབ་ནས་ཁྲིམས་སྐྱོང་འཛུགས་སྐྱོང་གི་“ལས་སྒོ་གཙོ་བོ”སྔར་བས་དམ་འཛིན་བྱ་དགོས།     བདེ་འཇགས་བརྟན་ལྷིང་གྱི“གཞི་རྩའི་མཐའ་ཚད”་དམ་འཛིན་ནན་འཛིན་དང་།།    འགལ་བ་དང་རྩོད་གཞི་ཐག་གཅོད་ལ་སྐུལ་འདེད་བཅས་བྱས་ནས་།    བདེ་འཇགས་འཛུགས་སྐྲུན་གྱི“འགན་འཁྲི་གཙོ་བོ”འཁུར་ལེན་དགོས། །     མི་དམངས་ལྟེ་བར་འཛིན་པའི་“རྩ་བའི་ལངས་ཕྱོགས”་དམ་པོར་དམ་འཛིན་བྱས་ཏེ་བཅའ་ཁྲིམས་ཞབས་ཞུ་ཇེ་ལེགས་སུ་གཏོང་བ་དང་།    དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་པ།    མི་དམངས་ལ་ཞབས་འདེགས་ཞུ་བའི་“གཙོ་ཐིག་”སྔར་བས་དམ་འཛིན་བྱ་དགོས།     དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན“དུས་རབས་ཀྱི་བརྗོད་གཞི་”དམ་འཛིན་བྱས་ནས་ནང་སྐྱེས་སྒུལ་ཤུགས་ལ་སྐུལ་སློང་བྱས་ཏེ།    སྔར་ལས་ལྷག་པའི་སྒོ་ནས་ལས་ཀ་དངོས་ལ་སྔ་མོ་ནས་་བརྩོན་ལེན་བྱེད་པའི་“མི་སྣ་གཙོ་བོ”ཞིག་བྱས་ནས་ཀྲུང་གོ་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་ཧུར་ཐག་གཏོང་ཆེད་བྱས་རྗེས་གསར་པ་འཇོག་དགོས།    

རྩོམ་སྒྲིག་པ། : ཁོན་ཐར་འཚོ།