འཐབ་ཕྱོགས་དང་པོའི་འགག་སྒྲོལ་དུ་བསྐྱོད་ནས་དཀའ་ངལ་སེལ་ནས་དོན་དག་དངོས་བསྒྲུབས་ནས་མི་དམངས་ཀྱི་སེམས་ཁྲལ་སེལ་བ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

དཔྱིད་ས་གཞི་ལ་ལོག་ནས་དཔྱིད་རྨོ་འགོ་བརྩམས།     ཟླ2པའི་ཚེས13ཉིན།    2025ལོར་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་ཁྲི་གྲོང་གསེབ་ཏུ་ཕྱིན་ནས“དྲིལ་སྒྲོག་གཅིག་དང་སྐུལ་འདེད་གསུམ”གྱི་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པ་རེད།     མཚོ་སྔོན་གྱི་ལས་བྱེད་པ་ཁྲི་གཅིག་ཟླ་བ་གཅིག་གི་དུས་ཚོད་གཅིག་སྡུད་བྱས་ནས་གཞི་རིམ་དུ་མཉམ་འདྲེས་བྱས་ཏེ།    ཏང་གི་སྲིད་ཇུས་བཟང་པོ་ཞིང་ནང་དུ་བསྐྱལ་བ་དང་།    ཁྱིམ་ཚང་ཁྲི་སྟོང་བར་བརྒྱུད་སྤྲོད་བྱས་ཏེ།    ས་གནས་དེ་གའི་ཐོན་ལས་དང་།    ལས་ཞུགས་སྐུལ་འདེད།    བརྟན་ལྷིང་ལ་སྐུལ་འདེད་བཅས་བྱེད་པར་ནུས་པ་འདོན་སྤེལ་བྱས།     ལས་བྱེད་པ་ཁྲི་གྲོང་གསེབ་ཏུ་འབུད་པའི་བྱེད་སྒོ་དེ་ལས་བྱེད་པའི་སྤྱོད་ཚུལ་སྦྱོང་བརྡར་དང་།    “ཞིང་གསུམ་”གྱི་སྲིད་ཇུས་དོན་འཁྱོལ་ཞིབ་ཕྲ་བྱེད་པ།    རང་རྒྱལ་ཞིང་ཆེན་གྱི་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད།     

མཐའ་དག་མི་དམངས་ཀྱི་ཆེད་དུ་དང་།    མཐའ་དག་མི་དམངས་ལ་བརྟེན་པ།    ཏང་གི་དམིགས་ཡུལ་ལག་ལེན་བསྟར་བ་དང་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུའི་སེམས་ཐག་གཅོད་པ་ནི་ལས་བྱེད་པ་ཁྲི་གཅིག་གྲོང་གསེབ་ཏུ་ཕྱིན་ནས“དྲིལ་སྒྲོག་གཅིག་དང་སྐུལ་འདེད་གསུམ”གྱི་བྱེད་སྒོ་སྤེལ་བའི་སྙིང་སྟོབས་ཀྱི་ངོ་བོ་དང་ལག་ལེན་གྱི་བླང་བྱ་ཡིན།     འདི་ལོ་ནི་མཚོ་སྔོན་ཞིང་ཆེན་གྱིས་བསྟུད་མར་ལོ་22རིང་ལས་བྱེད་པ་ཁྲི་གྲོང་གསེབ་ཏུ་འབུད་པའི་བྱེད་སྒོ་སྤེལ་བ་རེད།     དབུལ་སྒྲོལ་འགག་སྒྲོལ་ནས་གྲོང་གསེབ་དར་རྒྱས་གཏོང་བའི་བར་དུ་དམག་འཐབ་ཀྱི་བཙན་རྫོང་སྟོབས་ཆེར་གཏོང་བ་དང་།    དམངས་ཕྱུག་ཐོན་ལས་འཕེལ་རྒྱས།    གྲོང་གསེབ་བཅོས་སྐྱོང་གཏིང་ཟབ་ཏུ་གཏོང་བ་…ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་འཕེལ་རིམ་ཁྲོད།    མཚོ་སྔོན་གྱི་ལས་བྱེད་པ་ཁྲི་ཁ་ཤས་ཀྱིས་ཞིང་འབྲོག་པ་དང་མཉམ་དུ་ཟས་དང་མཉམ་དུ་སྡོད་པ།    ངལ་རྩོལ་མཉམ་པ་བཅས་བྱས་ཏེ་གྲོང་གསེབ་ཏུ་བབས་ནས་སྒྲོག་སྒྲོག་དང་གཞི་རིམ་དུ་གཏིང་ཟབ་ཏུ་ཕྱིན་པ།    དཀའ་ངལ་སེལ་བ་བཅས་བྱས་ཏེ།    ཞིང་ལས་སྟོབས་ཆེན་འཛུགས་སྐྲུན་དང་།    ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་མགྱོགས་སུ་གཏོང་བ།    གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་གཏོང་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ནུས་པ་གཅིག་སྡུད་དང་སྒུལ་ཤུགས་བསྣན་ཡོད།     ད་ཐེངས་གྲོང་གསེབ་ཏུ་བསྐྱོད་པའི་ལས་བྱེད་པ་ཁྲི་ཡིས་མུ་མཐུད་དུ་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་བཏང་སྟེ།    དོན་དག་དངོས་སྒྲུབ་པ་དང་དཀའ་ངལ་ཐག་གཅོད་བྱ་རྒྱུ་དམིགས་ཡུལ་དུ་བཟུང་སྟེ།    “དྲིལ་སྒྲོག་གཅིག་དང་སྐུལ་འདེད་གསུམ་”ལ་དངོས་སུ་དངོས་ཡོད་ཀྱི་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས།     

ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས།    སྲིད་ཇུས་ཀྱི་དྲིལ་སྒྲོག་པ་ཡག་པོ་བྱེད་དགོས།     ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་“གྲོང་གསེབ་དར་རྒྱས་ཡོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་།    ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་དང་།    དབུལ་སྐྱོར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ།    ཞིང་ལས་སྟོབས་ཆེན་འཛུགས་སྐྲུན་མགྱོགས་སུ་གཏོང་བ།    གྲོང་གསེབ་ཀྱི་ཐོན་ལས་དང་།    ཤེས་ལྡན་རྒྱུ།    རིག་གནས།    སྣོད་བཅུད་རྩ་འཛུགས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་བཅས་བྱ་དགོས”ཞེས་ཀྲུང་དབྱང་ཡིག་ཆ་ཨང་དང་པོའི་ནང་གྲོང་གསེབ་བསྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་རྒྱུའི་སྐོར་གྱི་བཀོད་སྒྲིག་གསར་པ་བཀོད་ཡོད།     ཉེ་ཆར་འཚོགས་པའི་ཞིང་ཆེན་ཨུ་ལྷན་གྱི་གྲོང་གསེབ་འབྲོག་ཁུལ་ལས་དོན་ཚོགས་འདུའི་ཐོག་ཞིང་འབྲོག་ལས་རིགས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་།    ཞིང་འབྲོག་ཁུལ་གྱི་གསོན་ཤུགས་ཆེ་རུ་གཏོང་བ།    ཞིང་འབྲོག་པའི་ཡོང་འབབ་ཆེ་རུ་གཏོང་བ་བཅས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་།    ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་བ་དང་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་བའི་ལས་ཀའི་བླང་བྱ་བཀོད་སྒྲིག་བྱས་ཡོད།     གྲོང་གསེབ་ཏུ་སྐྱོད་པའི་ལས་བྱེད་པས་དྲིལ་སྒྲོག་ཀྱི་དམིགས་སའི་རང་བཞིན་དང་ཕན་ནུས་རང་བཞིན་ཆེ་རུ་གཏོང་བ་དང་།    “མི་སེར་གྱི་སྐད་ཆ་བཤད་པ།    མི་སེར་གྱི་དོན་དག་བཤད་པ།    མི་སེར་གྱི་གནས་ཚུལ་དང་མཐུན་པ།    མི་སེར་གྱི་གནས་ལུགས་བསྟན་པ་བཅས་རྒྱུན་འཁྱོངས་བྱས་ཏེ།    འབྲེལ་གཏུག་སྤེལ་རེས་སྟེགས་བུ་འཛུགས་དགོས།    “དྲ་ཐོག་དང་དྲ་མཐུན”གྱི་བྱ་ཐབས་བརྒྱུད་ཞིང་འབྲོག་པའི་ཁེ་ཕན་དང་འབྲེལ་བ་དམ་ཟབ་ཡོད་པའི་སྲིད་ཇུས་བྱེད་ཐབས་དེ་གྲོང་ཚོ་དང་ཁྱིམ་ཚང་ཁྲི་སྟོང་བར་དྲིལ་སྒྲོག་བྱས་ཏེ།    ཞིང་འབྲོག་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་བའི་ཡིད་ཆེས་དང་ངར་ཤུགས་ཆེ་རུ་གཏོང་དགོས།     ཏང་གི“ཞིང་གསུམ་”སྲིད་ཇུས་དེ་རྒྱ་ཆེའི་ཞིང་འབྲོག་པས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པའི་བྱ་སྤྱོད་དངོས་སུ་བསྒྱུར་ཏེ།    ཞིང་ལས་སྟོབས་ཆེན་འཛུགས་སྐྲུན་དང་།    ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བར་མགྱོགས་སུ་གཏོང་བ།    གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་ནུས་ཤུགས་སྟོབས་ཆེན་གཅིག་སྒྲིལ་བྱེད་དགོས།     

ཐོན་ལས་ལ་སྐུལ་འདེད་དང་།    ལས་ཞུགས་ལ་སྐུལ་འདེད།    བརྟན་ལྷིང་ལ་སྐུལ་འདེད་བཅས་བྱེད་པའི་བསྒྲུབ་མཁན་ཡག་པོ་བྱེད་དགོས།     གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ས་དང་པོ་ནི་རྒྱ་ཆེའི་ལས་བྱེད་པས་ཤེས་རྟོགས་ཆེ་རུ་གཏོང་བ་དང་དམངས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་པའི“སློབ་ཚན་ཆེན་པོ”ཡིན་ལ།    འདོད་བློ་སྦྱོང་བརྡར་དང་སྤྱོད་ཚུལ་སྦྱོང་བརྡར་བྱེད་པའི“གྲི་བརྡར་རྡོ་”ཞིག་ཀྱང་ཡིན།     དངོས་གནས་ནུབ་ན་གཞི་ནས་མང་ཚོགས་ཀྱི་སྐད་ཆ་ངོ་མ་ཐོས་ཐུབ་པ་དང་།    གཞི་ནས་འཐབ་ཕྱོགས་དང་པོའི་གནས་ཚུལ་ངོ་མ་ཁོང་དུ་ཆུད་ཐུབ།     གྲོང་གསེབ་ཏུ་བསྐྱོད་པའི་ལས་བྱེད་པས་ཆབ་སྲིད་གྲུབ་འབྲས་ཀྱི་ལྟ་བ་ཡང་དག་པ་བརྟན་པོར་བཙུགས་ཏེ་འཕེལ་རྒྱས་ཀྱི་དགོས་མཁོ་དང་།    བསྒྱུར་བཅོས་ཀྱི་མྱུར་མཁོངས།    གཞི་རིམ་གྱི་རེ་བསྡུས།    དམངས་ཀྱི་སེམས་ཀྱི་འདོད་ཕྱོགས་བཅས་ཀྱི་གནད་དོན་འབུར་ཐོན་ལ་དམ་པོར་དམ་འཛིན་བྱས་ཏེ་གནད་དོན་དང་འགན་འཁྲི།    བྱེད་ཐབས་བཅས་དང་བསྟུན་ནས་འཐབ་ཕྱོགས་དང་།    གྲོང་གསེབ་།    འབྲོག་ཁུལ་།    མང་ཚོགས་ཀྱི་དགོས་མཁོ་ཆེ་ཤོས་བཅས་སུ་བསྐྱོད་དེ་གྲོང་ཚོའི་སྡེ་ཁུལ་གྱི་དོན་དངོས་གཞིར་བཟུང་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ཏེ།    ཞིང་འབྲོག་མང་ཚོགས་ཀྱི་སེམས་ཀྱི་སྐད་ཆ་ནན་ཏན་གྱིས་ཉན་པ་དང་།    གྲོང་ཚོ་དེའི་གནས་ཚུལ་རྒྱུས་མངའ་ཡོད་པ་དང་།    གནས་ཚུལ་གསལ་པོ་ཤེས་རྟོགས་དང་།    གནད་དོན་ཡང་དག་འཚོལ་བ།    ཐབས་ཇུས་ཏན་ཏིག་འདོན་བཅས་བྱ་དགོས།     མིག་རྒྱ་རྒྱ་བསྐྱེད་ནས་ལས་ཀའི་ནུས་པ་ཆེ་རུ་གཏོང་བ་དང་།    སྲིད་ཇུས་དང་།    སྡེ་ཚོགས།    མང་ཚོགས་བཅས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ལས་ཀར་སྐུལ་འདེད་གཏོང་མཁས་པ་དང་།    སྒོ་འབྱེད་ཀྱི་སེམས་ཁམས་དང་མཐོང་རྒྱ་ཡངས་པའི་ཐོག་ནས་ཐོན་ལས་ལ་སྐུལ་འདེད་གཏོང་བ་དང་།    ལས་ཞུགས་ལ་སྐུལ་འདེད་གཏོང་བ།    བརྟན་ལྷིང་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ལ་དམིགས་ཏེ་ལས་ཞུགས་དང་།    སློབ་སྦྱོང་།    སྨན་བཅོས་སོགས་ཐད་ཀྱི་མང་ཚོགས་ཀྱི་ཁ་ཚ་དགོས་གཏུག་གི་དགོས་མཁོ་ལ་དམིགས་ཏེ་དམངས་འཚོ་རྣམ་གྲངས་དང་དམངས་འཚོ་དོན་དག་དངོས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས།     “དམངས་ཀྱིས་འབོད་པ་ཡོད་ན་ངས་དང་ལེན་བྱེད་དགོས”བཅས་ཏན་ཏིག་བྱེད་དགོས།     

གྲོང་གསེབ་ཀྱི་གནམ་ས་ཡངས་ཤིང་།    མདུན་ལམ་ཧ་ཅང་ཆེན་པོ་ཡོད།     རྒྱ་ཆེའི་ལས་བྱེད་པས་སྤྱོད་ཚུལ་རྩེ་གྲ་དང་།    ཚད་གཞི།    ཕན་འབྲས་རྩེ་གྲ་བཅས་ཀྱི་ཐོག་ནས་ལས་དོན་ཁག་གི་ཁྲོད་དུ་དཔའ་གྲོགས་དང་མིག་དཔེ་སྟོན་དགོས།     དེ་དང་ཆབས་ཅིག་འགན་འཁྲི་མགོ་ཐོག་ཏུ་བསྒྲུབས་ཏེ་འཐབ་ཕྱོགས་དང་པོའི་དམངས་ཀྱི་གནས་ཚུལ་ལ་ལྟ་ཞིབ་དང་།    འཐབ་ཕྱོགས་དང་པོའི་དམངས་ཀྱི་དགོས་མཁོ་འདྲི་བ།    འཐབ་ཕྱོགས་དང་པོའི་དམངས་ཀྱི་དཀའ་ངལ་ཐག་གཅོད་བཅས་བྱས་ཏེ་ཏང་གི་འདོད་ཚུལ་བརྒྱུད་སྤྲོད་དང་མང་ཚོགས་ཀྱི་བློ་གྲོས་བསྡུ་ལེན་བྱས་ཏེ་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་དང་མང་ཚོགས་བློ་ཡིད་ཚིམ་ཚད་གཉིས་ཇེ་མཐོར་གཏོང་དགོས།     

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།