མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཚེས2ཉིན་ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་ཟླ་ཟི་ལིང་དུ་འཚོགས་པ་རེད། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་སྐོར་གྱི་དགོངས་པ་གལ་ཆེན་དང་ཏང་གི་རང་ཉིད་གསར་བརྗེ་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་རྒྱལ་ཡོངས་རྩ་འཛུགས་པུའུ་ཀྲང་གྲོས་ཚོགས་དང་ཞིང་ཆེན་ཨུ་ལྷན་གྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང2024ལོའི་ལས་དོན་ཕྱོགས་བསྡོམས་དང་ད་ལོའི་ལས་དོན་བཀོད་སྒྲིག་བྱས། ཞིང་ཆེན་ཨུ་ལྷན་གྱི་རྒྱུན་ལས་ཨུ་ཡོན་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཀྲའོ་ཡུའེ་ཞ་ཚོགས་འདུར་ཞུགས་པ་མ་ཟད་ད་དུང་གསུང་བཤད་གནང་།
ཚོགས་འདུ་སྟེང་བསྟན་དོན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནམ་ཡང་མཛུབ་ཁྲིད་དུ་བཟུང་སྟེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གནད་ལ་འཁེལ་བའི་སྒོ་ནས་དོན་འཁྱོལ་བྱས་ནས་དྲང་སྲུང་གསར་གཏོད་དང་། དོན་འཁྱོལ་སྔོན་ལ་བརྩོན་ལེན་བྱེད་པ་མཐའ་འཁྱོངས་བྱས་པ་དང་། བསྒྱུར་བཅོས་ཀྱི་དགོངས་དོན་དང་ཚད་གཞི་ནན་པོ་དེ་རྩ་འཛུགས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་དོན་འཁྱོལ་བྱ་དགོས་པ་བསྟན། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སེམས་གཅིག་སྒྲིལ་གྱི་བླ་སྲོག་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐྱོང་བ་དང་། སྒྱུར་བཅོས་ལ་དམ་འཛིན་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་སྟོབས་ཆེན་སྐུལ་སྤེལ་གང་ལེགས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། རིམ་པ་ཁག་གི་འགོ་ཁྲིད་ཚན་པ་དང་ལས་བྱེད་པའི་དཔུང་ཁག་འབུར་ཐོན་གྱིས་སྟོབས་ཆེ་རུ་བཏང་སྟེ་རྒྱ་ཆེའི་ལས་བྱེད་པས་ཡིད་ཆེས་བརྟན་པོ་ཡོང་བ་དང་ལས་ཀར་བརྩོན་ལེན་བྱེད་པར་སྔོན་ལ་སྐུལ་མ་གཏོང་དགོས། གཞི་རིམ་དམ་འཛིན་བྱས་ནས་རྨང་གཞི་བརྟན་དུ་གཏོང་བ་མཐའ་འཁྱོངས་བྱས་ཏེ། མི་རིགས་ས་ཁུལ་དུ་ཏང་གི་སྲིད་འཛིན་རྨང་གཞི་ཏན་ཏིག་འཛུགས་དགོས། ཏང་ཡོན་དཔུང་ཁག་འཛུགས་སྐྱོང་ནན་པོ་དང་དོན་དངོས་ཐོག་དམ་འཛིན་དམ་འཛིན་བྱས་ཏེ་དུས་རབས་གསར་པའི་ཏང་ཡོན་གདོང་ལེན་དཔུང་ཁག་མུ་མཐུད་དུ་བསྐྲུན་དགོས། ཤེས་ལྡན་མི་སྣས་ཞིང་ཆེན་སྟོབས་ཤུགས་ཆེ་རུ་གཏོང་བའི་འཐབ་ཇུས་ལ་སྐུལ་འདེད་ཏན་ཏིག་བཏང་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཤེས་ལྡན་མི་སྣའི་འདེགས་སྐྱོར་ལ་མུ་མཐུད་ཤུགས་སྣོན་རྒྱག་དགོས། ཚོགས་འདུའི་ཐོག་རྩ་འཛུགས་སྡེ་ཚན་རིམ་པ་ཁག་གིས་“སྲུང་སྐྱོང་གཉིས”ཀྱི་མདུན་གྲོགས་མཐའ་གཅིག་ཏུ་ཡག་པོ་བྱས་ཏེ་མ་ལག་ཁོང་དུ་ཆུད་པ་དང་། བརྟག་དཔྱད་ཞིབ་འཇུག སྤྱོད་ཚུལ་ལེགས་བསྒྱུར། འགན་འཁྲི་དོན་འཁྱོལ། དོ་དམ་ནན་སྐྱོང་བཅས་ལ་དེ་བས་མཐོང་ཆེན་བྱས་ཏེ་ཚད་གཞི་དེ་བས་མཐོ་བ་དང་བླང་བྱ་དེ་བས་ནན་པོ་སྤྱད་དེ་རྩ་འཛུགས་སྡེ་ཚན་རང་ངོས་འཛུགས་སྐྱོང་གཏིང་ཟབ་ཏུ་བཏང་ནས་ཀྲུང་གོ་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་སྐུལ་འདེད་ཧུར་ཐག་གཏོང་ཆེད་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་འདོན་སྤྲོད་བྱེད་དགོས་པའི་བླང་བྱ་བཏོན།