རང་རེའི་དྲ་བའི་འཕྲིན། ཟླ་2ཚེས་7ཉིན་གསར་འགོད་པས་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི《ཚོང་འགུགས་མ་འཇོག་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་སྤུས་ཚད་གསར་པ་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་མཚོ་སྔོན་ཞིང་ཆེན་གྱི་བྱེད་ཐབས་འགའ་ཤས་》(གཤམ་དུ་བསྡུས་མིང་ལ《བྱེད་ཐབས་འགའ་ཤས་》ཞེས་བརྗོད་རྒྱུ)སྲིད་ཇུས་གསལ་འགྲེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 《བྱེད་ཐབས་འགའ་ཤས་》ནང་ལས་ཀའི་མ་ལག་དང་། ནང་འདྲེན་བྱེད་སྟངས། རོགས་སྐྱོར་ལམ་སྲོལ། འདེགས་སྐྱོར་འགན་ལེན། ཚོང་གཉེར་ཁོར་ཡུག་བཅས་ཕྱོགས་ལྔའི་ཐད་བྱ་ཐབས་23བཏོན་ནས་དཀའ་གནད་ཐག་གཅོད་དང་། མཐོར་འདེགས་ལ་སྐུལ་འདེད་གཏོང་བ། ཕན་འབྲས་དངོས་ཐོན་བཅས་བྱས་ཡོད་པ་རེད། 《བྱེད་ཐབས་འགའ་ཤས》བཏོན་པ་དེས་ཚོང་འགུག་མ་དངུལ་ནང་འདྲེན་ལས་དོན་གསར་གཏོད་དང་བསྐྱར་བསྐྲུན་བྱེད་པར་དོན་དངོས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། དངོས་གཉེར་ཕན་ནུས་ལྡན་པ་དང་། བཀོལ་སྤྱོད་བྱེད་ཐུབ། ལག་ལེན་དུ་བསྟར་ཐུབ་པ་བཅས་ཀྱི་ལམ་སྲོལ་བརྒྱུད་རིམ་དང་། རྩ་འཛུགས་སྒྲོམ་གཞི། བྱེད་སྟངས་དང་བྱ་ཐབས་བཅས་ལ་བརྟེན་ནས་རྣམ་གྲངས་གལ་ཆེན་རང་ཞིང་ཆེན་དུ་གཅིག་སྡུད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཚོང་འགུག་མ་དངུལ་ནང་འདྲེན་ལས་དོན་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
《བྱེད་ཐབས་འགའ་ཤས》དེ་ཞིང་ཆེན་རིམ་པའི་གཅིག་གྱུར་འཆར་འགོད་དང་། གྲོང་ཁྱེར་དང་ཁུལ་གྱི་འགན་འཁྲི་གཙོ་བོ། སྡེ་ཁག་གི་ལས་སྒོ་གཙོ་བོ་བཅས་ནས་རྩ་འཛུགས་འགོ་ཁྲིད་དང་ཕྱོགས་ཁག་གི་སྟོབས་ཤུགས་གཅིག་གྱུར་འཆར་འགོད་བསྡུ་སྒྲིལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་། ཞིང་ཆེན་དང་གྲོང་ཁྱེར་དང་རྫོང་འབྲེལ་མཐུད་དང་སྡེ་ཁག་ཁག་མཉམ་འགུལ་གྱི་ལས་ཀའི་མ་ལག་འཐུས་ཚང་དུ་གཏོང་དགོས། ཐོན་ལས་གྱི“ས་གནས་བཞི”འཛུགས་སྐྲུན་ལ་དམིགས་ཏེ་ཚྭ་མཚེའུ་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་དང་། ནུས་རྒྱུ་གསར་པ། རྒྱུ་ཆ་གསར་པ། མདོག་ལྡན་ལྕགས་རིགས་ལྕགས་འབྱོར། ལྗང་མདོག་རྩིས་རྒྱག་ཤུགས། ས་མཐོའི་བདེ་ཐང་གསོ་བཅོས། སྣོད་བཅུད་ཡུལ་སྐོར་སོགས་ཞིང་ཆེན་གྱི་དོན་དངོས་དང་མཐུན་པའི་ཁྱད་ཆོས་དང་དགེ་མཚན་ལྡན་པའི་ཐོན་ལས་རྣམ་གྲངས་གཙོ་གནད་དུ་བསྡུས་ནས་ཞིང་ཆེན་ཡོངས་ཀྱི་ཚོང་འགུགས་མ་འཇོག་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་བྱས་ཡོད།
《བྱེད་ཐབས་འགའ་ཤས་》ནང་ཞིང་ཆེན་གྱི་གནས་ཚུལ་དངོས་དང་དོན་དངོས་ཀྱི་དགོས་མཁོ་གཞིར་བཟུང་ལྗང་མདོག་གློག་གི་ཚོང་འགུགས་དང་སྤྲིན་ཐོག་ཚོང་འགུགས་ཀྱི་གོ་དོན་བཏོན་པ་དང་ཞིང་ཆེན་གྱི་ལྗང་མདོག་གློག་གི་ལེགས་ཆ་འདོན་སྤེལ་བྱས་པ་བརྒྱུད་ལྗང་མདོག་གློག་གི་རིན་ཐང་བརྗེ་སྤོར་མངོན་འགྱུར་བྱུང་བ། གྲངས་གཞི་ཆེན་པོ་དང་དྲ་སྦྲེལ་ལག་རྩལ་ལ་བརྟེན་ནས་ནང་འདྲེན་བྱེད་སྟངས་གསར་གཏོད་དང་ཚད་བརྒལ་ཡོང་བ་བྱ་དགོས། དགེ་མཚན་ལྡན་པའི་ཐོན་ལས་ཀྱི་སྦྲེལ་ཐག་སྣུར་སྲིང་ཚོང་འགུགས་དང་། སྲོལ་རྒྱུན་ཐོན་ལས་ཀྱི་སྦྲེལ་ཐག་འཕར་སྣོན་ཚོང་འགུགས་། གསར་དར་ཐོན་ལས་ཀྱི་སྦྲེལ་ཐག་འཛུགས་སྐྱོང་ཚོང་འགུགས་བཅས་ལ་དམིགས་ཡོད། གཞན་ཡང་“གཞོན་ནུའི་གྲོས་མོལ་ཚོགས་འདུ”དང་། ཐོན་ལས་སྤོ་སྒྱུར་སྦྲེལ་མཐུད་བྱེད་སྒོཞིང་ཆེན་ཕྱི་རོལ་གྱི་འགྲེམས་ཚོགས་ལས་སྟེགས་བཅས་ལ་བརྟེན་ནས་ལས་རིགས་མཐུན་ཚོགས་དང་། ས་གནས་གཞན་གྱི་ཚོང་ཚོགས། ས་གནས་ས་ཐོག་ཏུ་གནས་པའི་ཁེ་ལས་བཅས་ཀྱི་ཟམ་པ་དང་འབྲེལ་ཐག་གི་ནུས་པ་འདོན་སྤེལ་བྱས་ནས་ཚོང་འགུགས་ཐབས་ལམ་རྒྱ་ཆེར་གཏོང་དགོས་ཞེས་བཏོན་ཡོད།
《བྱེད་ཐབས་འགའ་ཤས་》ནང་རོགས་སྐྱོར་རོགས་སྐྱོར་ལམ་སྲོལ་གྱིས་ཚོང་འགུག་མ་དངུལ་ནང་འདྲེན་ཁྲོད་ཐོན་པའི་ནུས་པ་གལ་ཆེན་མངོན་གསལ་དོད་དུ་བཏང་བ་དང་། རོགས་སྐྱོར་དང་རོགས་སྐྱོར་དང་ལེན་ཕྱོགས་གཉིས་ཀྱི་སྲིད་ཇུས་སྦྲེལ་མཐུད་སྔར་ལས་ཕན་ནུས་ལྡན་པ་དང་། རྣམ་གྲངས་སྦྲེལ་མཐུད་སྔར་ལས་གནད་ལ་འཁེལ་བ། ལས་དོན་མཐུན་སྦྱོར་སྔར་ལས་ཕན་ནུས་ཆེ་བ་བཅས་ལ་སྐུལ་འདེད་བཏང་སྟེ། ལེགས་ཆ་ཕན་ཚུན་གསབ་རེས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཐོན་ལས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཐུན་མོང་འཕེལ་རྒྱས་མངོན་འགྱུར་བཅས་བྱས་ཡོད། ཞིང་ཆེན་དང་གྲོང་ཁྱེར་གྱི་མདུན་ཕྱོགས་ལས་དོན་སྒྲིག་གཞི་རོགས་སྐྱོར་དང་། གཞོན་ནུ་རོགས་སྐྱོར་ལས་བྱེད་པའི་ཟམ་པ་དང་འབྲེལ་ཐག་དང་དེ་བཞིན་མཐུན་སྦྱོར་གཞོགས་འདེགས་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུར་མཐོང་ཆེན་བྱས་ཏེ་རྣམ་གྲངས་སྐུལ་འདེད་གཏོང་བའི་ཐད་ནུས་ཤུགས་ཡོད་རྒུས་བརྩོན་ལེན་བྱེད་པ་དང་ཐོན་ལས་འཕེལ་རྒྱས་གཏོང་བའི་ཐད་ངོ་སྤྲོད་ཧུར་ཐག་བྱ་དགོས། གཞན་ཡང་གླིང་ཁུལ་ཐུན་མོང་འཛུགས་སྐྱོང་དང་། ཐོན་ལས་མཉམ་ལས། རྣམ་གྲངས་མཉམ་ལས་བཅས་ནས་འགོ་བཙུགས་ཏེ་ས་ཁོངས་ལས་བརྒལ་བའི་མཐུན་སྦྱོར་མཉམ་ལས་ཀྱི་ཚོང་འགུགས་དངུལ་འདྲེན་སྣོད་བཅུད་གསར་པ་གཏོད་དགོས་ཞེས་བཏོན་ཡོད།
《བྱེད་ཐབས་འགའ་ཤས》གིས་ཞིང་ཆེན་གྱི་ཚོང་འགུག་མ་དངུལ་ནང་འདྲེན་བྱེད་པའི་བརྒྱུད་རིམ་ཁྲོད་ལྗང་མདོག་གློག་ཤུགས་ཀྱི་ལེགས་ཆ་ཐོན་ལས་ཀྱི་ལེགས་ཆ་གསར་པར་བསྒྱུར་བའི་འཚམ་པའི་ཐབས་ལམ་རྦད་དེ་སྒོ་འབྱེད་ཐུབ་མེད་པ་དང་། ནུས་ཁུངས་ཟད་གྲོན་དང་སྦགས་བཙོག་དངོས་པོ་གཙོ་བོའི་དམིགས་ཚད་ཀྱིས་ཚོང་འགུག་རྣམ་གྲངས་གལ་ཆེན་ལག་ལེན་བསྟར་བའི་དགོས་མཁོ་སྐོང་ཐུབ་མེད། འགག་རྩའི་གཏེར་རྫས་མཁོ་སྤྲོད་དང་ཞིང་ཆེན་གྱི་བཟོ་ལས་འཕེལ་རྒྱས་ཀྱི་དགོས་མཁོ་མི་མཐུན་པ་སོགས་ཚོད་འཛིན་གྱི་འཇུར་མིག་ལ་དམིགས་ནས། ལྗང་མདོག་གློག་ཤུགས་གཏན་འཇགས་མཁོ་སྤྲོད་དང་། ནུས་རྒྱུ་གསར་པའི་དམིགས་ཚད་བཀོད་སྒྲིགགློག་དྲ་ཕྲ་མོ་འཛུགས་སྐྲུན་སོགས་འགག་རྩའི་ལྷུ་ཚིགས་ལ་དམ་པོར་དོ་སྣང་བྱས་ཏེ། ལྗང་མདོག་གློག་ཤུགས་ཀྱི་འདེགས་སྐྱོར་འབུར་ཐོན་བྱས་ཏེ། གཙོ་གནད་དུ་ཐོན་ཁུངས་དང་། ས་ཆས། ཁོར་ཡུག་གི་རྒྱུ་རྐྱེན་གཙོ་བོ་དང་ནུས་སྤྱོད་དམིགས་ཚད། དངུལ་རྩའི་ཞབས་ཞུ་སོགས་ཐད་ཞིབ་ཕྲའི་བྱེད་ཐབས་བཏོན་ཏེ་རྣམ་གྲངས་ནང་འདྲེན་དང་། ལྷུང་བ། འཕེལ་རྒྱས་ཡག་པོ་ཡོང་བ་འགན་ལེན་བྱེད་དགོས།
《བྱེད་ཐབས་འགའ་ཤས་》ནང་དྲང་གཞག་ཁ་གསལ་གྱི་ཁྲིམས་སྐྱོང་ཁོར་ཡུག་དང་། དྲང་གཞག་འགྲན་རྩོད་ཀྱི་ཁྲོམ་རའི་ཁོར་ཡུལ། སྤྱོད་གཙང་ནུས་ཆེའི་སྲིད་དོན་ཁོར་ཡུག་བཅས་ཕྱོགས་གསུམ་གྱི་ཐོག་ནས་ཁེ་ལས་དང་འབྲེལ་བའི་ཁྲིམས་འཛིན་བྱ་སྤྱོད་ཚད་ལྡན་དང་། དྲང་གཞག་འགྲན་རྩོད་དང་ཁྲིམས་མཐུན་རང་བཞིན་གྱི་ཞིབ་བཤེར་ལམ་ལུགས་དོན་འཁྱོལ་བྱེད་པ། སྲིད་ཇུས་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ། སྲིད་དོན་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་སོགས་ཀྱི་ལས་དོན་དེ་འགོ་ཚུགས་སར་བྱས་ཏེ། ཚོང་ར་ཅན་ནི་གཙོ་གནད་གསལ་པོ་དང་། ཁྲིམས་སྐྱོང་ཅན་ནི་རྨང་གཞིའི་འགན་སྲུང་དུ་བརྩི་བ། ཕན་འབྲས་མཐོན་པོ་ཅན་ནི་ཚད་གཞི་གལ་ཆེན་དུ་བརྩིས་ཏེ། ཆིང་ལ་ཉེ་བའི་སྲིད་ཚོང་འབྲེལ་བ་འཛུགས་རྒྱུར་ཤུགས་ཆེན་བྱས་ཏེ། ཁེ་ལས་ཀྱི་ཡིད་ཆེས་ཆེ་རུ་གཏོང་བ་དང་། ཁྲོམ་རའི་གསོན་ཤུགས་འཕེལ་བ། འཕེལ་རྒྱས་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། མཚོ་སྔོན་ལ་མ་འཇོག་དང་ལས་གཏོད་བྱ་ཡུལ་གཙོ་བོ་ཞིག་ཏུ་འགྱུར་དུ་འཇུག་དགོས།