མཚོ་སྔོན་ཟི་ལིང་གིས་ལྗང་མདོག་རྩིས་ནུས་འཕེལ་རྒྱས་ལ“བློ་རིག་སྒུལ་ཤུགས”བསྣན་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ2པའི་ཚེས10ཉིན།    མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཨུ་ལྷན་འཇོན་མི་གཞུང་དོན་ཁང་གི་འགན་འཁུར་བས་ཟི་ལིང་གྲོང་ཁྱེར་གྱི་ལྗང་མདོག་རྩིས་རྒྱག་ནུས་པའི་ཐོན་ལས་ཀྱི་ཚོང་འགུག་ནང་འདྲེན་དང་།    འཇོན་མི་ནང་འདྲེན་དང་ཞབས་ཞུའི་འགན་ལེན་བཅས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི《ཟི་ལིང་གྲོང་ཁྱེར་གྱི་ལྗང་མདོག་རྩིས་རྒྱག་ནུས་པའི་འཇོན་མི་འདུ་འཛོམས་བྱེད་པའི་ཞིབ་ཕྲའི་བྱེད་ཐབས》ཐོག་གསལ་འགྲེལ་བྱས་པ་མ་ཟད་ད་དུང་ཟི་ལིང་གྲོང་ཁྱེར་གྱིས་སྲིད་ཇུས་གསར་གཏོད་སྒུལ་ཤུགས་སུ་བྱས་ཏེ་མ་དངུལ་སྐུལ་སློང་དང་།    ལས་རིགས་འགྲོ་ལམ་རྒྱ་སྐྱེལ།    ཐོན་སྐྱེད་དང་སློབ་གསོ་མཉམ་འདྲེས་སོགས་བྱེད་ཐབས་མང་པོ་བརྒྱུད་དེ།     ལྗང་མདོག་རྩིས་རྒྱག་ནུས་པའི་འཇོན་མིའི་“འདྲེན་སྐྱོད།    སྤྱོད་སྐྱོད”ཀྱི་སྦྲེལ་ཐག་ཧྲིལ་པོའི་སྐྱེ་ཁམས་རིམ་བཞིན་འཛུགས་སྐྱོང་བྱས་ཏེ་ས་མཐོའི་གཞི་གྲངས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཤུགས་ཆེན་གཏོང་བཞིན་ཡོད།     

ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏང་ཆེད།    ཟི་ལིང་གྲོང་ཁྱེར་གྱིས་འཇོན་མི་འདྲེན་གསོ་སྐྱོང་དང་།    སྲིད་ཇུས་རྒྱབ་སྐྱོར།    ཞབས་ཞུའི་འགན་སྲུང་སོགས་ཀྱི་ཐད་རྒྱུན་མཐུད་ངང་ནུས་ཤུགས་བཏོན་ནས་《ཟི་ལིང་གྲོང་ཁྱེར་གྱི་ལྗང་མདོག་རྩིས་ནུས་འཇོན་མི་འདུ་འཛོམས་བྱེད་པའི་ཞིབ་ཕྲའི་བྱེད་ཐབས་》(བསྡུས་མིང་ལ《བྱ་ཐབས》ཟེར)གཏན་འབེབས་དང་ལག་བསྟར་བྱས་ཏེ་གསར་གཏོད་བྱེད་ཐབས་ཆེན་པོ་བཅུ་བརྒྱུད་འཇོན་མི་འདུ་འཛོམས་དང་ཐོན་ལས་རིམ་སྤོར་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་བསྐྲུན་ཡོད།     

འཇོན་མིར་ཕྱོགས་ལྷུང་བྱེད་པའི་འཆར་གཞི་དང་མ་དངུལ་གྱི་རྒྱབ་སྐྱོར་བྱེད་ཤུགས་སྔར་བྱུང་མྱོང་མེད་པ།     

ཟི་ལིང་གྲོང་ཁྱེར་གྱིས་ལྗང་མདོག་རྩིས་ནུས་འཇོན་མི་“ཞ་ཏུའུ་ཅིན་དབྱིན་”གྲོང་ཁྱེར་རིམ་པའི་འཇོན་མིའི་རྣམ་གྲངས་ཀྱི་གཙོ་གནད་རྒྱབ་སྐྱོར་ཁྱབ་ཁོངས་ནང་བཅུག་ནས“སླེབས་པ་དང་མཉམ་དུ་དཔྱད་བསྡུར་བྱེད་པ་དང་འགུལ་རྣམ་འདེམས་པའི”ལམ་སྲོལ་སྤྱད་དེ་སྲོལ་རྒྱུན་གྱི་ཞིབ་དཔྱད་དུས་འཁོར་གྱི་ཚོད་འཛིན་གཏོར་བ་རེད།     ཐད་ཀར་ནང་འདྲེན་བྱས་པའི་རིམ་པ་མཐོ་བའི་འཇོན་མིར་རིགས་དབྱེ་ལྟར་མཐོ་ཤོས་སྒོར་ཁྲི་120ཡི་ཐེངས་གཅིག་བྱ་དགའ་སྤྲོད་རྒྱུ།     མཉེན་གཤིས་ནང་འདྲེན་འཇོན་མི་མཐོ་ཤོས་སུ་སྒོར་ཁྲི་40ཡི་རྒྱབ་སྐྱོར་ཐོབ་པ།     རང་ཡུལ་གྱི་འཇོན་མི་གསོ་སྐྱོང་བྱ་དགའ་མཐོ་ཤོས་སྒོར་ཁྲི་100ཟིན་ཡོད།      

ཚན་རྩལ་འགག་སྒྲོལ་དང་ཁེ་ལས་གསོ་སྐྱོང་བྱེད་པའི་འཁོར་ལོ་གཉིས་ཀྱི་སྐུལ་འདེད།     

ལྗང་མདོག་རྩིས་ཤུགས་ཁྱབ་ཁོངས་ཀྱི་ཚན་རིག་ཞིབ་འཇུག་རྣམ་གྲངས་གལ་ཆེན་གྲོང་ཁྱེར་རིམ་པའི་ཚན་རྩལ་འཆར་གཞིའི་ཕྱོགས་སྟོན་ནང་བཅུག་པ་དང་།    “མིང་ཐོའི་འགོ་ཁྲིད་”དང་།    “རྟ་རྒྱུག་”སོགས་ཀྱི་ལམ་སྲོལ་བརྒྱུད་ལག་རྩལ་འགག་སྒྲོལ་རྣམ་གྲངས་ལ་མཐོ་ཤོས་སྒོར་ཁྲི་500རོགས་སྐྱོར་བྱས་པ་རེད།     ཁེ་ལས་འཚར་ལོངས་ཡོང་བའི་ཐད་གྲོང་ཁྱེར་རིམ་པའི་ཚན་རྩལ་རྣམ་པའི་ཁེ་ལས་དང་།    མཐོ་གསར་ལག་རྩལ་གྱི་ཁེ་ལས།    ཡང་ན་“གྱོན་ཆེན་ཆུང་ཆུང་”བཅས་ཀྱི་ཁེ་ལས་སུ་ཐེངས་དང་པོར་ངོས་འཛིན་བྱས་པར་སྒོར་ཁྲི་10ནས་ཁྲི་40བར་གྱི་བྱ་དགའ་ཁག་སོ་སོར་སྤྲད་ནས་གསར་གཏོད་ཀྱི་གཙོ་གཟུགས་འཕེལ་རྒྱས་ཡོང་བར་སྐུལ་མ་གཏང་རྒྱུ་རེད།     

ལས་རིགས་འཕེལ་རྒྱས་གཏོང་བའི་བགྲོད་ལམ་ཤར་གཏོང་ཐུབ་ནས་ཐོན་སྐྱེད་དང་སློབ་གསོ་མཉམ་འདྲེས་བྱེད་ཤུགས་ཆེ་རུ་གཏོང་དགོས།     

ཟི་ལིང་གྲོང་ཁྱེར་གྱིས་གྲངས་གཞི་ཆེན་པོ་དང་ཁུལ་ཕྲེང་སོགས་གསར་དར་ལས་རིགས་གོ་གནས་ཞིབ་དཔྱད་ཁྱབ་ཁོངས་ནང་བཅུག་ནས་རིམ་པ་མཐོ་བའི་འཇོན་མིར་“དོན་གཅིག་གྲོས་གཅིག”ཞིབ་དཔྱད་ཀྱི་ལྗང་མདོག་བགྲོད་ལམ་བཏོད་ཡོད།     དེ་དང་ཆབས་ཅིག་མཐོ་སློབ་དང་ཁེ་ལས་དབར་དངོས་སྦྱོང་རྟེན་གཞི་ཐུན་མོང་དུ་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་དཔེར་ན།    མཚོ་སྔོན་སློབ་ཆེན་དང་མཚོ་སྔོན་ལན་རྩིས་ཚན་རྩལ་མཉམ་ལས་བྱས་ཏེ“མིས་བཟོས་རིག་ནུས་སྦྱོང་བརྡར་དགེ་རྒན་གྱི་ཆེད་ལས་ཕྲ་མོ”བཙུགས་ཏེ“གྲངས་གཞི་འགོད་པ།    AIསྦྱོང་བརྡར་པ།    ལག་རྩལ་ཞིབ་སྤེལ”གྱི་ལས་རིགས་ཐབས་ལམ་ཁ་གསལ་གཏོང་བ་དང་འབྲེལ།    “ནུབ་རྒྱུད་ཀྱི་འོད་འཕྲན”སོགས་ལས་སྟེགས་ལ་བརྟེན་ནས་སྲིད་གཞུང་དང་ཁེ་ལས་ཀྱི་འཇོན་མི་སྤེལ་རེས་གཏིང་ཟབ་ཏུ་གཏོང་དགོས།      

སྟེགས་བུ་འཛུགས་སྐྲུན་དང་སློབ་གྲྭ་དང་ཁེ་ལས་མཐུན་སྦྱོར་ངང་མཉམ་དུ་སྤེལ་བ།     

ཁེ་ལས་ཀྱིས་འབུམ་རམས་པ་རྗེས་ཀྱི་ཚན་ཞིབ་ལས་དོན་ས་ཚིགས་རེ་ཞུ་བྱེད་པར་བསྔགས་སྐུལ་དང་།    “འཇོན་མི་+ལས་སྟེགས་+རྣམ་གྲངས+ཐོན་ལས་”ཀྱི་རྣམ་པ་ཁྱབ་གདལ་གཏོང་བ།    སློབ་གྲྭ་དང་ཁེ་ལས་ཀྱིས་མཉམ་འབྲེལ་ཐོག་རྩལ་ནུས་འཇོན་མི་གསོ་སྐྱོང་བྱེད་པར་རྒྱབ་སྐྱོར་བྱེད་དགོས།     དཔེར་ན།    མཚོ་སྔོན་གྱི་ལྗང་མདོག་རྩིས་ཤུགས་གྲངས་གཞི་བཀོད་པའི་རྟེན་གཞིའི་དུས་ཐེངས་དང་པོའི་སློབ་མ་600བསྡུ་ལེན་བྱས་པ་དང་ལོ་སྟོད་དུ་མི་2000གསོ་སྦྱོང་ལས་ཞུགས་ལེགས་སྒྲུབ་བྱས་ནས་ཐོན་ལས་ཀྱི་མདུན་སྣེ་ལ་འཇོན་མི་གྲབས་གསོག་མཁོ་འདོན་བྱ་རྒྱུའི་དམིགས་ཚད་ཡོད།     གཞན་ཡང་ལས་རིགས་གསོ་སྦྱོང་ཁ་གསབ་ཚད་གཞི་20%འཕར་ནས་རྩལ་ནུས་འཇོན་མི་འཚར་ལོངས་ཡོང་བར་སྐུལ་མ་གཏང་རྒྱུ་རེད།      

ཞབས་ཞུའི་འགན་སྲུང་ཇེ་ལེགས་སུ་བཏང་ནས་འཇོན་མིའི་སྐྱེ་ཁམས་མུ་ཁྱུད་གཏོད་དགོས།     

བདམས་པའི་འཇོན་མིར་བུ་ཕྲུག་སློབ་གྲྭར་ཞུགས་པ་དང་།    སྨན་བཅོས་སྔོན་ལེན།    འགྲིམ་འགྲུལ་ཁ་གསབ་སོགས་ཀྱི་ཞབས་ཞུ་ལོངས་སུ་སྤྱོད་ཆོག་པ་དང་འབྲེལ“ཁུན་ལུན་འཇོན་མིའི་བྱང་བུ”སྤྲད་ནས་དངུལ་རྩ་དང་སྡོད་ཁང་སོགས་ཀྱི་སྟབས་བདེ་མཁོ་འདོན་བྱེད་ཀྱི་ཡོད།     ཟི་ལིང་གསར་སྤེལ་ཁུལ་གྱིས་ད་དུང་བེད་མེད་རྒྱུ་ནོར་གསར་བཟོ་བྱས་པ་བརྒྱུད་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱས་ནས་ཁེ་ལས་ཀྱི་གཉེར་སྐྱོང་མ་གནས་དམའ་རུ་བཏང་བ་དང་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་བཏང་།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།