ཟླ1པོའི་ཚེས13ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་ཁོ་ཡིས་མགོ་འཛིན་བྱས་ནས་ཁྱབ་སྤེལ་ཚོགས་འདུ་བསྡུས་པ་དང་། ཏང་ཕྱིའི་མི་སྣར་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་བསྒྲགས་ཏེ། ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ལ་མཐུན་སྒྲིལ་དང་སྐུལ་སློང་བྱས་ནས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཆེ་ཕྱོགས་ལ་ཞབས་འདེགས་ཞུ་བར་སྟོབས་ཤུགས་འབུལ་དགོས་ཟེར།
ཚོགས་འདུ་ལས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་ནི་བསམ་བློ་གཅིག་གྱུར་དང་། འདུ་ཤེས་གཅིག་གྱུར། འགུལ་སྐྱོད་གཅིག་གྱུར་བཅས་ཀྱི་ཚོགས་ཆེན་ཞིག་ཡིན་པ་དང་། ཚོགས་འདུ་ལས་ཐུན་མོང་ངོས་འཛིན་སྔར་ལས་གཅིག་སྡུད་དང་ངར་ཤུགས་བསྐྱེད་ལ། ངེས་པར་དུ་ཞིང་ཆེན་གོང་འོག་ཡོངས་ཀྱི་སྣེ་ཁྲིད་ནས་ཡིད་ཆེས་བརྟན་པོ་དང་། གོ་སྐབས་དམ་འཛིན། འགག་སྒྲོལ་དཀའ་སེལ་བཅས་བྱས་ནས། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་སྐུལ་འདེད་གཏོང་བར་སྔར་ལས་གྲུབ་འབྲས་མང་པོ་ལེན་པ་དང་། ནུས་ཤུགས་ཡོད་རྒུས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་དེ་སྐས་རིམ་གསར་བར་སླེབས་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན།
ཚོགས་འདུ་ལས་ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱིས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱི་ངོ་བོར་གོ་བ་ཟབ་མོ་ལེན་ཞིང་། དོན་སྙིང་གཙོ་བོར་རྒྱུས་ལོན་བྱས་ནས། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི2025ལོའི་བྱ་བའི་སྤྱིའི་བླང་བྱ་དང་བསམ་ཕྱོགས་བྱེད་ཐབས། ལས་འགན་གཙོ་བོ་བཅས་ཕྱོགས་ཡོངས་ནས་དམ་འཛིན་བྱེད་དགོས། ཡིད་ཆེས་བརྟན་པོ་དང་དངོས་སྒྲུབ་བརྩོན་ལེན། བློ་རྩ་བརྟན་པོས་ལག་བསྟར་པ་དང་འགུལ་སྐྱོད་པ། དངོས་སྒྲུབ་པ་བཅས་བྱས་ཏེ། ནུས་པ་ཡོད་རྒུས་བྱ་བ་བསྒྲུབ་པ་དང་། ཚང་འཛོམས་གྲོས་ཚོགས་ལས་གཏན་འཁེལ་བྱས་པའི་དམིགས་འབེན་ལས་འགན་དོན་འཁྱོལ་དང་སྐུལ་འདེད་གཏོང་བ་དེ་སྲིད་གླེང་བློ་འདོན་གྱི་ནང་དོན་གཙོ་བོར་བཞག་སྟེ། ནུས་ཤུགས་ཡོད་རྒུས་དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་འཛུགས་སྐྲུན་ལ་ཚོད་འཛིན་བྱེད་པའི་དཀའ་གནད་དང་འགག་གནད་སེལ་བའི་ཐད་ཁ་གཏད་རང་བཞིན་དང་བེད་སྤྱོད་རང་བཞིན་ཆེ་བའི་བསམ་འཆར་དང་གྲོས་གཞི་སྔར་ལས་མང་པོ་འདོན་དགོས། ལས་སྒྲུབ་འགན་གཉེར་གྱི་ནུས་པ་རྒྱུན་ཆད་མེད་པར་སྦྱོང་བརྡར་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དེ་སྤུས་ཚད་མཐོ་བའི་སྒོ་ནས་བྱ་བ་གཙོ་བོའི་ལས་འགན་སྣ་ཚོགས་ལེགས་འགྲུབ་འབྱུང་བའི་ཐད་མངོན་པར་བྱེད་དགོས་ཞེས་ནན་གྱིས་བསྟན།
ཝང་ཞོན་དང་མཱ་ཡའེ་ཞཱང་ཁྱབ་སྤེལ་ཚོགས་འདུར་ཞུགས། དམངས་གཙོའི་ཏང་ཁག་སོ་སོའི་ཞིང་ཆེན་ཏང་ཨུའི་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན། ཏང་ཁག་གང་ལའང་མི་གཏོགས་པ། སྤྱི་ཚོགས་ལས་རིམ་གསར་བ། མི་རིགས་ཆོས་ལུགས་ལས་རིགས་ཀྱི་མི་སྣའི་འཐུས་ཚབ་པ་བཅས་ཚོགས་འདུར་ཞུགས།