【ཞིང་ཆེན་ལུས་རྩལ་ཅུས】མཚོ་སྔོན་གྱི་ལུས་རྩལ་པ་དུ་མས་རྒྱལ་ནང་གི་འགྲན་སྡུར་ཁྲོད་ནས་གྲུབ་འབྲས་ལེགས་པོ་བླངས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

ཉེ་ལམ་གསར་འགོད་པས་ཞིང་ཆེན་ལུས་རྩལ་ཅུས་སུ་རྒྱུས་ལོན་པ་ལྟར་ན། 2024ལོའི་ཟླ12ཚེས24ཉིན་ནས་ཟླ12ཚེས30ཉིན་བར་དུ། 2024ལོ་ནས2025ལོའི་འགྲན་སྡུར་གྱི་རྒྱལ་ཡོངས་དགུན་དུས་ཀྱི་མཚོན་བྱེད་འགྲན་སྡུར་གཉིས་ཅི་ལིན་ཞིང་ཆེན་པའེ་ཧྲན་གྲོང་ཁྱེར་པའེ་ཧྲན་མཐོ་སྒང་གངས་འཁྱགས་སྦྱོར་བརྡར་རྟེན་གཞི་རུ་གཟབ་རྒྱས་ངང་འཚོགས།   རང་ཞིང་གི་ལུས་རྩལ་པ་དུ་མས་ནུས་ཤུགས་ཡོད་རྒུ་བཏོན་ནས་གྲུབ་འབྲས་ཁྱད་དུ་འཕགས་པ་བླངས།

སྐྱེས་པའི་འགྲན་སྡུར་གྱི་ཁྲོད་དུ།  མུའུ་ཞིན་ཡུན་གྱིས་སྐྱེས་པའི་ལེ་དབར15ཅན་གྱི་ཐུན་མོང་འགྲན་སྡུར་ཁྲོད།  ཆུ་ཚོད་སྐར་མ50:58.2ཡི་མྱུར་ཚད་ཀྱིས་ཨང་གཉིས་པ་བླངས།  སྐྱེས་པའི་ལེ་དབར10ཅན་གྱི་ཐུང་རྒྱུག་འགྲན་སྡུར་ཁྲོད། ཆུ་ཚོད་སྐར་མ32:41.4ཡི་མྱུར་ཚད་ཀྱིས་ཨང་བཞི་པ་བླངས།  སྐྱེས་པའི་ལེ་དབར12.5ཅན་གྱི་འགྲན་སྡུར་ཁྲོད།  ཆུ་ཚོད་སྐར་མ49:57.9ཡི་མྱུར་ཚད་ཀྱིས་ཨང་བདུན་པ་བླངས།  ཀྲང་མུང་ཧུའེ་ཡིས་ལེ་དབར10ཡི་ཐུང་རྒྱུག་འགྲན་སྡུར་ཁྲོད་ཆུ་ཚོད་སྐར་མ33:12.3ཡི་མྱུར་ཚད་ཀྱིས་ཨང་ལྔ་པ་བླངས།  ཀའོ་ཙིན་ཁའོ་ཡིས་ལེ་དབར20ཅན་མི་སྒེར་གྱི་འགྲན་སྡུར་ཁྲོད།  ཆུ་ཚོད་སྐར་མ1:11:32.7ཡི་མྱུར་ཚད་ཀྱིས་ཨང་བཞི་པ་བླངས།  གཞན་མུའུ་ཞིན་ཡུན་དང་། ཀྲང་མེང་ཧུའེ།  ཀའོ་ཙིན་ཁའོ། དོན་འགྲུབ་རྡོ་རྗེ་བཅས་ཀྱིས་གྲུབ་པའི་དཔུང་རྒྱུག་འགྲན་སྡུར་ཁྲོད་ཆུ་ཚོད་སྐར་མ1:54:10.0ཡི་མྱུར་ཚད་ཀྱིས་སྐྱེས་པའི་ལེ་དབར4×7.5ཡི་མཐུད་རྒྱུག་འགྲན་སྡུར་གྱི་ཨང་གསུམ་པ་བླངས། 

སྐྱེས་མའི་འགྲན་སྡུར་གྱི་ཁྲོད་དུ། ཆོས་བཟང་སྒྲོལ་མས་སྐྱེས་མའི་མི་སྒེར་གྱི་ལེ་དབར15ཡི་འགྲན་སྡུར་ཁྲོད། ཆུ་ཚོད་སྐར་མ1:06:07.6མྱུར་ཚད་ཀྱིས་ཨང་གསུམ་པ་བླངས།  ལེ་དབར10ཅན་གྱི་འགྲན་རྒྱུག་ཁྲོད་ཆུ་ཚོད་སྐར་མ57:56.4ཡི་གྲུབ་འབྲས་བླངས་ནས་ཨང་དྲུག་པ་བླངས། གཡང་ཕྱུག་ལྷ་མོས་སྐྱེས་མའི་ལེ་དབར12.5ཡི་ཐུན་མོང་འགྲན་སྡུར་ཁྲོད་ཆུ་ཚོད་སྐར་མ55:53.5ཡི་མྱུར་ཚད་ཀྱིས་ཨང་གསུམ་པ་བླངས། སྐྱེས་མའི་མི་སྒེར་གྱི་ལེ་དབར15ཡི་འགྲན་སྡུར་ཁྲོད་ཆུ་ཚོད་སྐར་མ1:07:57.3ཡི་མྱུར་ཚད་ཀྱིས་ཨང་དྲུག་པ་བླངས།  སྐྱེས་མའི་ལེ་དབར10ཅན་འགྲན་རྒྱུག་ཁྲོད་ཆུ་ཚོད་སྐར་མ1:00:03.0ཡི་མྱུར་ཚད་ཀྱིས་ཨང་བརྒྱད་པ་བླངས།   གཡང་ཕྱུག་ལྷ་མོ་དང་། ཆོས་བཟང་སྒྲོལ་མ།  བན་དེ་དར་མཚོ།   ལྷ་མོ་བཅས་ཀྱིས་གྲུབ་པའི་དཔུང་རྒྱུག་འགྲན་སྡུར་ལས་ལེ་དབར4×6ཅན་གྱི་མཐུད་རྒྱུག་འགྲན་སྡུར་ཁྲོད། ཆུ་ཚོད་སྐར་མ2:11:12.0ཡི་མྱུར་ཚད་ཀྱིས་ཨང་གསུམ་པ་བླངས། 

ཛ་དྲག་ཆེ་བའི་འགྲན་སྡུར་བརྒྱུད། མུའུ་ཞིན་ཡུན་དང་ཆོས་བཟང་སྒྲོལ་མ་གཉིས་ཀྱི་འགྲན་རྩལ་ཡངས་པས་ཐེངས་འདིའི་འགྲན་སྡུར་ཁྲོད“ཕུལ་བྱུང་ལུས་རྩལ་པ”ཡི་མཚན་སྙན་བླངས་བ་མ་ཟད།   མཚོ་སྔོན་ཞིང་ཆེན་གྱི་དགུན་དུས་འགྲན་སྡུར་དང་ལྗོངས་ཕྱིའི་ལུས་རྩལ་དོ་དམ་ལྟེ་གནས་ཀྱིས་ཐེངས་འདིའི་འགྲན་སྡུར་ཁྲོད་ལུས་རྩལ་གྱི་སྙིང་སྟོབས་བཟང་བོ་མངོན་སོང་བས།  དེ་ལ“ལུས་རྩལ་གྱི་ཀུན་སྤྱོད་བཟང་བོ་ཞེས་པའི་བྱ་དགའ”གནང་ངོ་། ། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།