ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ཁེ་དབང་འགན་སྲུང་བྱེད་ཐབས་དོན་འཁྱོལ་བྱ་རྒྱུ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

 མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།  ཉེ་ཆར་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་ཞིང་ཆེན་སློབ་གསོ་ཐིང་དང་ཞིང་ཆེན་ནོར་སྲིད་ཐིང་བཅས་ལ་མཉམ་འབྲེལ་བྱས་ཏེ《མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་སོགས་གཞོན་ནུའི་ལས་ཞུགས་ལས་གཏོད་བྱ་བ་ཡག་པོ་བསྒྲུབ་པའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་ཤིང་། ལས་ཞུགས་བརྟན་པོ་ཡོང་བའི་སྲིད་ཇུས་དང་བྱེད་ཐབས་ཁག5། དོན་ཚན14བཏོན་ནས། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་སོགས་གཞོན་ནུའི་ལས་ཞུགས་ལས་གཏོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་།  

སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་བ་དང་།    ལས་ཞུགས་ཁ་གསབ་དང་ལས་གནས་རྒྱ་བསྐྱེད་ཁ་གསབ་ཀྱི་སྲིད་ཇུས་བསྡུ་སྒྲིལ་ལེགས་བསྒྱུར།    སློབ་གྲྭ་ནས་མཐར་ཕྱིན་པའི་ལོ་འཁོར་དང་སློབ་གྲྭ་ནས་མཐར་ཕྱིན་རྗེས་ལོ་གཉིས་ནང་ལས་ཞུགས་ཐུབ་མེད་པའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་ལས་ཤོར་གཞོན་ནུ་བསྡུ་སྤྱོད་བྱེད་པའི་ཁེ་ལས་ལ་གཏན་འབེབས་ལྟར་ཐེངས་གཅིག་རང་བཞིན་གྱི་ལས་གནས་རྒྱ་བསྐྱེད་ཁ་གསབ་སྤྲད་རྒྱུ།     རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཀྱི་མི་སྣ་འཕར་སྣོན་དང་མ་དངུལ་འཕར་སྣོན་སྲིད་ཇུས་མུ་མཐུད་ལག་བསྟར་བྱས་ཏེ།    གླ་ཕོགས་ཕན་འབྲས་མཉམ་འགུལ་ལམ་སྲོལ་ལྟར་གཏན་འཁེལ་བྱས་པའི་གླ་ཕོགས་བསྡོམས་འབོར་གྱིས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་བསྡུ་བའི་དགོས་མཁོ་བསྐང་མི་ཐུབ་པའི་རྒྱལ་ཁོངས་ཁེ་ལས་ཀྱིས་ལས་བྲལ་ལས་འཁྱུར་ངལ་གསོའི་མི་སྣ་དང་། ལས་གནས་ཐོག་ཤི་བ། ད་ཡོད་ལས་བཟོ་པའི་ཆ་སྙོམས་གླ་ཕོགས་ཆུ་ཚད་སོགས་ཀྱི་རྒྱུ་རྐྱེན་ལ་གཅིག་གྱུར་གྱིས་བསམ་བློ་བཏང་སྟེ།    ཐེངས་གཅིག་ལ་མི་འཕར་སྣོན་དང་གླ་ཕོགས་འཕར་སྣོན་བྱས་ཆོག སྲིད་ཇུས་ཚང་མ2025ལོའི་ཟླ12ཚེས31ཉིན་བར་ལག་བསྟར་བྱ་རྒྱུ་རེད།    

ལས་ཞུགས་ཀྱི་ཐབས་ལམ་རྒྱ་བསྐྱེད་དེ་ཚོང་རའི་ཁྲིད་སྟོན་དང་སྲིད་གཞུང་གི་སྐུལ་འདེད་གཉིས་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་དང་།    གཞི་རིམ་གྱི་ལས་ཞུགས་ལ་ཁྲིད་སྟོན་ཧུར་ཐག    རང་བརྟེན་ལས་གཏོད་ལ་བསྔགས་སྐུལ།    སྟབས་བསྟུན་ལས་ཞུགས་ལ་རྒྱབ་སྐྱོར་བཅས་བྱས་ཏེ།    མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མ་རྣམས་ཐབས་ལམ་མང་པོའི་ལས་ཞུགས་ལ་སྐུལ་འདེད་གཏང་རྒྱུ།    འབྲེལ་ཡོད་སྡེ་ཚན་གཅིག་གྱུར་འཆར་འགོད་དང་འབྲེལ་མཐུད་བྱས་ཏེ“རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”དང“ནུབ་རྒྱུད་འཆར་གཞི”སོགས་གཞི་རིམ་གྱི་ཞབས་ཞུའི་རྣམ་གྲངས་ལག་བསྟར་ལ་སྐུལ་འདེད་བཏང་ནས་སྨན་བཅོས་འཕྲོད་བསྟེན་དང་།    རྒན་གསོ་ཞབས་ཞུ།    སྤྱི་ཚོགས་ལས་དོན།    ཁྲིམས་འཛིན་རོགས་སྐྱོར།    ཚན་རིག་ཞིབ་འཇུག་ལས་རོགས་སོགས་གཞི་རིམ་གྱི་ལས་ཞུགས་གོ་སྐབས་རྒྱུན་མཐུད་ངང་སྔོག་འདོན་བྱ་རྒྱུ།      “གཉིས་ལྡན་གསར་གཏོད”ཀྱི་ཞབས་ཞུའི་སྟེགས་བུ་བསྐྲུན་ནས་ལས་གཏོད་ཞབས་ཞུ་འདུས་གྲུབ་ཀྱིས་གཉེར་རྒྱུར་སྐུལ་འདེད་བཏང་ནས་ལས་གཏོད་མཐར་ཕྱིན་སློབ་མར་གནས་ཡུལ་རྒྱབ་སྐྱོར་དང་།    ལས་གཏོད་གསོ་སྦྱོང་།    ལས་གཏོད་མཛུབ་ཁྲིད།    གསོ་སྐྱོང་ཞབས་ཞུ་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་དགོས།     ཉིན་གང་ལམ་ལུགས་མིན་པའི་ལས་ཞུགས་དང་།    རང་མོས་ལས་རིགས།    དྲ་རྒྱའི་ལས་གཏོད་སོགས་ཀྱི་ལས་ཞུགས་རྣམ་པར་རྒྱབ་སྐྱོར་དང་།    དྲ་སྦྲེལ་དང་།    གཞི་གྲངས་ཆེན་པོ།    མིས་བཟོས་རིག་ནུས།    དངོས་ཚན་དཔལ་འབྱོར་བཅས་མཉམ་འདྲེས་གོང་འཕེལ་བཏང་ནས་གསར་གཏོད་བྱས་པའི་ལས་ཞུགས་གོ་སྐབས་སྔོག་འདོན་གཏིང་ཟབ་བྱས་ཏེ།    ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ཁེ་དབང་འགན་སྲུང་བྱེད་ཐབས་དོན་འཁྱོལ་བྱ་རྒྱུ།     

ལས་བསྡུའི་སྦྲེལ་མཐུད་ཇེ་ལེགས་སུ་བཏང་ནས་རྣམ་པ་སྣ་མང་གི་ལས་ཞུགས་ལས་བསྡུའི་ཞབས་ཞུ་སྤེལ་བ་དང་།    སྤྱི་པའི་ལས་ཞུགས་ཞབས་ཞུ་སློབ་གྲྭའི་ནང་ཁུལ་དུ་སྣུར་སྲིང་བྱ་བར་སྐུལ་འདེད་བཏང་སྟེ།    “མཐོ་རིམ་སློབ་གྲྭའི་ཧྲུའུ་ཅི་དང་སློབ་གཙོ་དག་ཁེ་ལས་ལ་འཚམས་འདྲི་བྱས་ནས་ལས་གནས་བསྐྱེད་པ”“མི་ཤུགས་སྤྱི་ཚོགས་འགན་སྲུང་(ལས་ཞུགས)ཅུའུ་ཀྲང་སློབ་གྲྭར་བསྐྱོད་པའི”བྱེད་སྒོ་མུ་མཐུད་སྤེལ་ནས་ཐོན་ཁུངས་དང་།    ལས་གནས།    ཞབས་ཞུ་བཅས་ཁ་ཕྱོགས་གཏན་འཁེལ་བྱ་རྒྱུ།     “གྲོང་ཁྱེར་ཆེ་འབྲིང་གིས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་མཉམ་འབྲེལ་ཐོག་ལས་བསྡུ”དང“ཉིན་བརྒྱའི་ལས་བསྡུའི་ཆེད་དོན་ལས་འགུལ”སོགས“12+N”ཞེས་པའི་ཆེད་དོན་ལས་བསྡུའི་བྱེད་སྒོ་རབ་དང་རིམ་པ་གསང་སྡོམ་བྱས་ནས། ལས་གནས་ཐོན་ཁུངས་བསྡུ་རུབ་གསར་སྤེལ་དང་གནད་ལ་འཁེལ་བའི་སྒོ་ནས་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ཡོད།     ཞབས་ཞུའི་གཡུལ་ས་དྲ་ཐོག་ཏུ་རྒྱ་ཆེར་བཏང་ནས་སྨྱན་སྦྱོར་གསར་པ་དང“གཞི་གྲངས་གཞི་ཆེན་པོའི”ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ“ཐད་གཏོང་ལས་གནས་འཁྲིད་པ”“སྤྲིན་ཚོགས་སློབ་ཁྲིང”“ཁེ་ལས་འཚམས་འདྲི་དང་ཁེ་ལས་འཚོལ་ཞིབ”སོགས་ཁྱད་ལྡན་གདན་ཞུའི་ཞབས་ཞུ་ལ་བརྟེན་ནས་སྦྲེལ་མཐུད་ཞབས་ཞུའི་ཕན་ནུས་ཇེ་ཆེར་གཏང་རྒྱུ།

ལས་ཞུགས་ནུས་པ་ཇེ་ཆེར་བཏང་སྟེ།     གཙོ་གནད་རྩལ་ནུས་གསོ་སྦྱོང་དང་ལས་ཞུགས་ལྟ་སྦྱོང་ལ་བརྟེན་ནས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་འཚོལ་ནུས་པ་དང་ལས་ཞུགས་འགྲན་རྩོད་ནུས་པ་ཇེ་ཆེར་གཏང་རྒྱུ།     མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་སོགས་གཞོན་ནུའི་ལས་འཚོལ་ནུས་པའི་དངོས་སྦྱོང་དང་དགེ་ཕྲུག་ལམ་ལུགས་ཀྱི་གསོ་སྦྱོང་སྤེལ་བ་དང་།    མཐར་ཕྱིན་ལོ་འཁོར་གྱི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ལས་རིགས་རྩལ་ནུས་རིམ་པ་ངོས་འཛིན་དཔྱད་ཞིབ་དང་ལས་རིགས་རྩལ་ནུས་འགྲན་སྡུར་བྱེད་སྒོ་སྣ་ཚོགས་ནང་ཞུགས་ལ་རྒྱབ་སྐྱོར་བྱ་རྒྱུ།     རྒྱལ་ཁབ་ཀྱི“ལས་ཞུགས་ལྟ་སྦྱོང་ལས་གནས་ཁྲི་བརྒྱ་བསྡུ་རུབ་འཆར་གཞི”སྣེ་ཁྲིད་དུ་བྱས་ཏེ་ཚན་ཞིབ་རིགས་དང་།    ལག་རྩལ་རིགས།    དོ་དམ་རིགས།    སྤྱི་ཚོགས་ཞབས་ཞུ་རིགས་བཅས་ཀྱི་ལྟ་སྦྱོང་ལས་གནས་ཀྱི་གྲངས་འབོར་སྔར་བས་མང་པོ་གསར་སྤེལ་བྱས་ནས། ལྟ་སྦྱོང་དུས་ཡུན་མ་ལོངས་ཡང་ལྟ་སྦྱོང་མི་སྣའི་བར་ངལ་རྩོལ་གན་རྒྱ་བཞག་པར་དུས་ཡུན་ལྷག་མར་ལྟ་སྦྱོང་ཁ་གསབ་སྤྲད་རྒྱུ། སྲིད་ཇུས་དེ2025ལོའི་ཟླ12པའི་ཚེས31ཉིན་བར་ལག་བསྟར་བྱ་རྒྱུ་རེད།  

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།