ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོང་གསེབ་དར་རྒྱས་གཏོང་བའི་ལས་དོན་ལ་རྟོག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་བྱས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།  ཟླ11པའི་ཚེས12ཉིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚོ་ཆུང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ཁྱོན་འཁྱིལ་ཤང་ཉིན་ཞྭ་གྲོང་ཚོར་བསྐྱོད་དེ་གྲོང་གསེབ་དར་རྒྱས་གཏོང་བའི་བྱ་བར་རྟོག་ཞིབ་དང་ལྟ་སྐུལ་བྱས་པ་མ་ཟད། འཚམས་འདྲིའི་བྱེད་སྒོ་སྤེལ།

རྟོག་ཞིབ་ཚོ་ཆུང་དང་བཅས་པས་ཉིན་ཞྭ་གྲོང་ཚོར་གྲོང་ཚོའི་ལོ་རྒྱུས་ཁང་དང་། སྨན་དོན་ཁང་། ཏང་ཡོན་བྱེད་སྒོ་ཁང་བཅས་བསྐྲུན་ཚུལ་ལ་ལྟ་ཞིབ་ཞིབ་ཕྲ་བྱས་པ་མ་ཟད་ད་དུང་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་དང་བཞུགས་མོལ་སྤེལ་རེས་བྱས་ཏེ་བྱ་བའི་གནས་ཚུལ་གྱི་སྙན་སེང་ལ་ཉན་ནས་བསམ་འཆར་དང་གྲོས་གཞི་བསྡུ་ལེན་བྱས།

རྟོག་ཞིབ་ཚོ་ཆུང་གིས་ས་ཁོངས་ཀྱི་དམིགས་བསལ་ལེགས་ཆ་འདོན་སྤེལ་ཡག་པོ་བྱེད་པ་དང་། ཐོན་ཁུངས་དཀོན་པོ་བེད་སྤྱོད་ཡག་པོ་བྱེད་དགོས་པ་དང་་བྱེད་པ། ཐོན་ལས་དང་། ཤེས་ལྡན་མི་སྣ། རིག་གནས། སྐྱེ་ཁམས། རྩ་འཛུགས་བཅས་དར་རྒྱས་ཆེན་པོ་ལྔ་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེགཏོང་བ་བཅས་བྱས་ཏེ་ཐོན་ལས་དར་རྒྱས་དང་། སྐྱེ་ཁམསའཚོ་སྡོད་ལ་མཐུན་པ། ཡུལ་སྲོལ་ཡ་རབས། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག་བཅས་ཡོང་བ་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་སྐྱིད་སྣང་ཇེ་ཆེར་གཏོང་དགོས་ཞེས་བསྟན།

རྟོག་ཞིབ་ཚོ་ཆུང་གིས་ཐོན་ལས་དར་རྒྱས་ནི་གྲོང་གསེབ་དར་རྒྱས་ཀྱི་གལ་ཆེའི་ནང་གི་འགངས་ཆེ་ཡིན་ལ་ལས་དོན་དངོས་ཀྱི་འཇུག་སྒོའང་ཡིན། “ཐོན་རྫས་གསུམ་དང་མཚོན་རྟགས་གཅིག”མཐོར་གཏོང་བྱ་སྤྱོད་ལ་མགྱོགས་མྱུཔོར་སྐུལ་འདེད་གཏོང་བ་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་བཏང་ནས ཞིང་ཕྱུགས་ཐོན་རྫས་ཀྱི་ཁྲོམ་རའི་འགྲན་རྩོད་ནུས་པ་ཇེ་ཆེབཅས་གཏོང་དགོས། ས་ཁམས་མཚོན་རྟགས་ཀྱི་སྤུས་རྟགས་གཏོད་རྒྱུར་མགྱོགས་མྱུཔོར་སྐུལ་འདེད་བཏང་ནས་ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་བདེན་མིན་ར་སྤྲོད་བྱེད་པའི་ཐད་ཤུགས་སྣོན་བརྒྱབ་སྟེ་ཁྱད་ལྡན་ཕྱུགས་ལས་རྒྱ་ཆེར་གཏོང་དགོས། གཞི་གྲངས་ཅན་གྱི་གྲོང་གསེབ་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ་དང་དེང་རབས་ཀྱི་ཆ་འཕྲིན་ལག་རྩལ་བེད་སྤྱོད་གང་ལེགས་བྱས་ཏེ“སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི”གཞན་སྒྱུར་གྱི་ལག་ལེན་ཐབས་ལམ་གསར་གཏོད་བྱེད་དགོས། ཞིང་ཆེན་ནང་ཁུལ་གྱི་ཤར་ནུབ་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དང་གཟན་རྩྭའི་ཡོང་ཁུངས་ཀྱི་ཐབས་ལམ་རྒྱ་ཆེར་བཏང་ནས རོང་འབྲོག་པའི་དགུན་དུས་ཀྱི་གཟན་རྩྭ་དཀོན་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱེད་དགོས། རོགས་སྐྱོར་ས་ཁུལ་དང་འབྲེལ་གཏུག་མཉམ་འགུལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྤུས་ལེགས་ཀྱི་ཞིང་ཕྱུགས་ཐོན་རྫས་ཁྱབ་གདལ་གཏོང་བ་དང་། ཕུལ་བྱུང་ཁེ་ལས་ནང་དུ་འདྲེན་པ། ཐོན་ལས་འབྲེལ་ཐག་སྣུར་སྲིང་། རིན་ཐང་འབྲེལ་ཐག་ཇེ་མཐོ་གཏོང་བ་བཅས་བྱས་ནས་རོང་འབྲོག་མང་ཚོགས་ལ་གྲོང་གསེབ་དར་རྒྱས་གཏོང་བའི་ཁྲོད་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་ཕན་པ་དངོས་འབྲེལ་ཐོབ་པ་བྱེད་དགོས་ཞེས་བསྟན།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།