སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཞིང་གསུམ”བྱ་བར་བཏོན་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། “གཅིག་སྦྲེལ་གཉིས་སྐྱོར”གྱི་བྱ་བ་གཏིང་ཟབ་དང་དོན་ཐོག་ཏུ་འཁྱོལ་བར་མུ་མཐུད་སྐུལ་འདེད་གཏོང་བ། ཆ་སྒྲིག་རོགས་སྐྱོར་བྱ་བ་གཏིང་ཟབ་ཏུ་གཏོང་དགོས་པའི་གོང་རིམ་གྱི་འབོད་སྐུལ་ཧུར་ཐག་སྒོས་དང་ལེན་བྱ་ཆེད། བསྟུད་མར་ཉིན་འགའི་རིང་ལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་འབོས་པ་ཞང་གིས་ཆ་སྒྲིག་རོགས་སྐྱོར་ཁྱིམ་ཚང་ལ་འཕྲད་འདྲི་བྱེད་པའི་བྱ་འགུལ་སྤེལ། ཡུལ་དངོས་ནས་འཕྲད་འདྲི་བྱས་པ་བརྒྱུད། རོགས་སྐྱོར་བྱ་ཡུལ་གྱི་དོན་དངོས་དགོས་མཁོར་རྒྱུས་ལོན་གཏིང་ཟབ་བྱས་པ་དང་། སྲིད་ཇུས་གནད་འཁེལ་ངང་ལག་ཏུ་བསྟར་བ། དབུལ་ཐར་འགག་སྒྲོལ་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་བཏང་སྟེ། གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པར་སྐུལ་འདེད་བཏང་།
ཏང་ཡོན་འགོ་ཁྲིད་ལས་བྱེད་ཁྱིམ་ཚང་རེ་རེར་སླེབས་དུས། ཆ་སྒྲིག་རོགས་སྐྱོར་ཁྱིམ་ཚང་གི་གནས་ཚུལ་དང་། ཡོང་སྒོའི་ཐོན་ཁུངས། འཚོ་བའི་དཀའ་ངལ་དང་འཕེལ་རྒྱས་དགོས་མཁོ་བཅས་ལ་འདྲི་རྩད་ཞིབ་མོ་བྱས་པ་དང་། ཁོ་ཚོའི་བསམ་འཆར་ལ་ནན་ཏན་གྱིས་མཉན་ནས། རེ་རེ་བཞིན་ཡིག་ཐོག་ཏུ་བཀོད་དེ། རྗེས་ཕྱོགས་གནད་འཁེལ་རོགས་སྐྱོར་བྱེད་ཐབས་གཏན་འབེབས་བྱེད་པར་རྒྱུ་ཆ་དང་པོ་འདོན་སྤྲོད་བྱས། རོགས་སྐྱོར་བྱ་ཡུལ་གྱིས་བཏོན་པའི་བྱེ་བྲག་གི་གནད་དོན་ལ་དམིགས་ནས། འཕྲད་འདྲིར་སྐྱོད་པའི་མི་སྣའི་ཚོགས་ཆུང་གིས་ཡུལ་དངོས་ནས་གཞུང་དོན་བསྒྲུབས་ཏེ། མྱུར་དུ་ཐག་གཅོད་ཐུབ་པ་རྣམས་མྱུར་དུ་ཐག་བཅད། དཔེར་ན་འཚོ་བའི་མཁོ་ཆས་བྱིན་པ་དང་། སྨན་པ་བསྟེན་པར་མཐུན་སྦྱོར་བྱས་པ། གློག་ཆས་བཀོལ་སྤྱོད་ལག་དེབ་ལོ་ཙཱ་བྱེད་རོགས་སོགས་བྱས་ཏེ། གནས་སྐབས་ཐག་གཅོད་མི་ཐུབ་པ་རྣམས་ཡུལ་དངོས་ནས་ཟིན་ཐོར་བཀོད་པ་དང་། ཞིབ་ཅིང་ཕྲ་བའི་རོགས་སྐྱོར་འཆར་གཞི་བཟོས་ནས། གནད་དོན་རྗེས་ཕྱོགས་ནུས་ལྡན་ངང་ཐག་གཅོད་ཐུབ་པར་ཁག་ཐེག་བྱས། འཕྲད་འདྲིའི་གོ་རིམ་ཁྲོད། ཧུར་ཐག་ངང་རོགས་སྐྱོར་བྱ་ཡུལ་ལ་ཏང་གི་དམངས་ཕན་སྲིད་ཇུས་དང་། གྲོང་གསེབ་དར་སྤེལ་འཐབ་ཇུས་དང་ཞང་ཏང་ཨུ་དང་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་དྲིལ་སྒྲོག་བྱས་ཤིང་། ཁོ་ཚོས་དཀའ་ངལ་ལས་རྣམ་པར་བརྒྱལ་བའི་ཡིད་ཆེས་དང་ཆོད་སེམས་བཙུགས་ནས་གྲོང་གསེབ་དར་སྤེལ་ཁྲོད་ཧུར་ཐག་གིས་ཞུགས་པར་ཁྲིད་སྟོན་བྱས།
ཐེངས་འདིའི་གཅིག་སྡུད་འཕྲད་འདྲིའི་བྱ་འགུལ་བརྒྱུད། འབོས་པ་ཞང་གིས་ཁྱོན་བསྡོམས་རོགས་སྐྱོར་བྱ་ཡུལ་གྱིས་བཏོན་པའི་གནད་དོན3བསྡུ་རུབ་བྱས་ལ་དེ་དག་ལས་གནད་དོན2ཐག་བཅད་ཟིན། ལྷག་མའི་གནད་དོན་ལ་རོགས་སྐྱོར་འཆར་གཞི་ཞིབ་མོ་བཟོས་པ་དང་། འགན་འཁུར་པ་དང་ཡོངས་འགྲུབ་དུས་ཚོད་གཏན་འཁེལ་གསལ་པོ་བྱས། དུས་མཚུངས་སུ། བྱ་འགུལ་གྱིས་ཏང་ཡོན་ལས་བྱེད་དང་མང་ཚོགས་བར་གྱི་འབྲེལ་བ་སྔར་ལས་གཏིང་ཟབ་ཏུ་བཏང་བ་དང་། མང་ཚོགས་ཀྱིས་ཏང་དང་སྲིད་གཞུང་ལ་ཡིད་རྟེན་དང་རྒྱབ་སྐྱོར་བྱེད་ཤུགས་ཇེ་དྲག་ཏུ་བཏང་།
ཐེངས་འདིའི་རོགས་སྐྱོར་བྱ་ཡུལ་ཁྱིམ་ཚང་ལ་གཅིག་སྡུད་འཕྲད་འདྲི་བྱེད་པའི་བྱ་འགུལ་ནི། དམངས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་དང་། དམངས་ཀྱི་སྐད་སྒྲ་ལ་རྣ་བ་བླགས་ཏེ་ཉན་པ། དམངས་ཀྱི་དཀའ་ངལ་སེལ་བའི་ལག་ལེན་གྱི་བྱ་འགུལ་ཐེངས་ཤིག་ཡིན་པར་མ་ཟད། དེ་བས་ཀྱང་ཏང་ཡོན་ལས་བྱེད་པའི་མང་ཚོགས་ཀྱི་ལྟ་བ་གཏིང་ཟབ་ཏུ་གཏོང་བ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཇེ་མཐོར་གཏོང་བའི་གསོན་ཉམས་ལྡན་པའི་སློབ་གསོ་ཞིག་ཀྱང་རེད། འབོས་པ་ཞང་ཏང་ཨུ་དང་སྲིད་གཞུང་གིས་འདི་ནི་གོ་སྐབས་ཤིག་ཏུ་བརྩིས་ཏེ། ཉམས་མྱོང་ལ་སྔར་ལས་སྤྱི་སྡོམ་བྱས་ཤིང་། ནང་རྐྱེན་འཐུས་ཚང་དུ་བཏང་ལ། ཆ་སྒྲིག་རོགས་སྐྱོར་བྱ་བ་འཕེལ་རྒྱས་གཏིང་ཟབ་འགྲོ་བར་རྒྱུན་མཐུད་སྐུལ་འདེད་བཏང་། ཐེངས་རྗེས་མར། འབོས་པ་ཞང་གིས་གནད་དོན་གྱི་ཁྲིད་ཕྱོགས་མུ་མཐུད་རྒྱུན་འཁྱོངས་དང་། སྲིད་ཇུས་གནད་འཁེལ་ངང་ལག་ཏུ་བསྟར་བ། རོགས་སྐྱོར་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བ་དང་དོན་དངོས་གྲུབ་འབྲས་མཐོང་བར་ཁག་ཐེག་བྱ་རྒྱུ་རེད། དུས་མཚུངས་སུ། དྲིལ་སྒྲོག་སློབ་གསོར་ཤུགས་བསྣན་ཏེ། སྤྱི་ཚོགས་ཡོངས་ཀྱིས་གྲོབ་གསེབ་དར་སྤེལ་བྱ་བར་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པར་ཁྲིད་སྟོན་བྱས་ཏེ། མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་བཅས་ཀྱི་མཁའ་དབུགས་བཟང་པོ་ཆགས་སུ་འཇུག་པ་དང་། འབོས་པ་ཞང་གི་དཔལ་འབྱོར་དང་སྤྱི་ཚོགས་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་བར་མཉམ་དུ་སྐུལ་འདེད་བཏང་སྟེ། མི་དམངས་མང་ཚོགས་ལ་བཅོས་བསྒྱུར་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་དུ་འཇུག་རྒྱུ་རེད། །