མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཁོ་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་། མཚོ་སྔོན་པོའི་འགྲམ་རྒྱུད། ཁུ་ནུ་རི་བོའི་འདབས། རྨ་ཙོང་རོང་ས་བཅས་སུ་བསྐྱོད་དེ། ཏང་ཡོན་ལས་བྱེད་དང་། དགེ་བཟོ་བ། ན་གཞོན་སློབ་མ། གཞི་རིམ་མང་ཚོགས་རྣམས་ལ་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བྱེད་ཕྱོགས་ཆེན་མོ་དང་། མི་རིགས་ཆོས་ལུགས་སྲིད་ཇུས་གཞུང་ལུགས། བསམ་བློ་ཆབ་སྲིད་སོགས་སྒྲོག་འགྲེལ་གནང་མཁན་དང་། དུས་ཡུན་རིང་བོར་ཏང་གི་མི་རིགས་དང་ཆོས་ལུགས་གཞུང་ལུགས་དང་སྲིད་ཇུས་སློབ་ཁྲིད། ཚན་ཞིབ་ལ་གཞོལ་བའི་དགེ་རྒན་ཞིག་ཡིན་པ་མ་ཟད། ལོ་དུ་མའི་རིང་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་གི་སློབ་གྲྭའི་མི་རིགས་ཆོས་ལུགས་ཀྱི་སློབ་དཔྱོད་པུའུ་ཡི་ཀྲུའུ་རེན་གྱི་འགན་བཞེས་ཤིང་དགེ་རྒན་ཆེན་མོའི་མཚན་མིང་བཞེས་པའི་མཱ་མེང་ཀྲུང་རེད། ཁོས་མཚོ་སྔོན་གྱི་མི་རིགས་མང་པོ་དང་། ཆོས་ལུགས་མང་པོ། རིག་གནས་མང་པོའི་གནས་ཚུལ་དམིགས་བསལ་བ་དེར་རྐང་བཙུགས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏང་བ་་སྙིང་བོར་བཟུང་ནས་མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་བརྩེ་གཅིག་ཏུ་གཞོལ་ཞིང་། ཏང་གི་སློབ་གྲྭས་ཏང་ལ་འཇོན་མི་སྐྱེད་སྲིང་དང་། ཏང་ལ་ཇུས་ཐབས་འབུལ་བའི་ཐོག་མའི་སེམས་འདུན་དང་འགན་འཁྲི་ཁུར་དུ་བླངས་ཤིང་གནས་ལ་འབད།
བསམ་སྦྱོར་གཉིས་ཀྱི་ཐོག་ནས་ལས་ཀྱི་སྙིང་བོ་གཙིག་ཏུ་བཟུང་ནས་བློ་དཀར་དང་ལྷག་བསམ་མངོན།
ཟླ10ཚེས24ཉིན་གྱི་ཕྱི་དྲོར། སྟོན་གྱི་ཉི་འོད་དྲོད་ལམ་ལམ་འོག མཚོ་སྔོན་ཞིང་ཆེན་གྱི་སྐབས15བའི་ན་གཞོན་ལས་བྱེད་ཟབ་སྦྱོང་འཛིན་གྲྭའི་སློབ་མ་རྣམས་ཟི་ལིང་གྲོང་ཁྱེར་གྲོང་དཀྱིལ་དུ་ཡོད་པའི་ཙོང་ཁ་བརྩེ་ཆེན་དར་རྒྱས་གླིང་དུ་བསྐྱོད་དེ། གཞན་ལས་ལྷག་པའི་མི་རིགས་མཐུན་སྒྲིལ་གྱི་ཡུལ་དངོས་སློབ་ཁྲིད་ལ་ཉན།
“དེ་རིང་ང་ཚོ་འདིར་འཛོམས་ཏེ། པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་‘དགའ་ཞེན་བཞི’ཡི་དགོངས་དོན་ལ་སློབ་སྦྱོང་ཞིག་བྱེད”ཅེས་སློབ་ཁྲིད་མགོ་བརྩམས་མ་ཐག་མཱ་མེང་ཀྲུང་གིས་གོ་སླ་བའི་སྒོ་ནས་སློབ་མ་རྣམས་ལ་བསླབ་བྱའི་ནང་དོན་མཚམས་སྦྱོར་གནང་བྱུང་། ཁོས་ཉན་རྒྱུ་ཡོད་པའི་འཆད་ཁྲིད་ཁྲོད། སློབ་མ་རྣམས་ཀྱིས་རྣ་བ་གླགས་ཏེ་ཉན་ཞིང་། དོན་ཟབ་མོ་སེམས་ཀྱི་ཚོར་ནས་ཕན་པ་མང་པོ་ཐོབ། “དགེ་རྒན་མཱ་ཡི་སློབ་ཁྲིད་ལ་ཉན་རྗེས་འཐོབ་བྱ་མང་པོ་ཐོབ། ཁོས་སེམས་འགུལ་ཐེབས་པའི་གཏམ་རྒྱུད་རེ་རེ་ཁྲོད་ནས་མི་རིགས་སོ་སོ་མཉམ་འདྲེས་མཉམ་བརྗེ་མཉམ་སྤེལ་ཁྲོད་མི་རིགས་བར་གྱི་མཐུན་སྒྲིལ་ལ་མཉམ་དུ་སྐུལ་འདེད་བཏང་བ་ང་ཡིས་ཚོར་ལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་གཏང་བའི་གལ་ཆེའི་དོན་སྙིང་ཡང་དེ་ལས་རྟོགས་སོང་།”ཞེས་སློབ་ཁྲིད་གྲོལ་རྗེས་ཀྱི་བརྗེ་རེས་ཁྲོད་ནས་སློབ་མ་མཱ་ཞིན་ཡུན་གྱིས་དེ་ལྟར་ལབ།
ཡང་དག་པའི་འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ་མཚོ་སྔོན་གྱི་མི་རིགས་ཁག་གི་མང་ཚོགས་ཀྱི་རྒྱུད་ལ་འཇུག་རྒྱུ་ནི་ལས་འགན་ཡིན་ལ་འགན་འཁྲི་ཡང་ཡིན། ཁོས་འདི་སྐད། “ཏང་གིས་ལོ་དུ་མར་སྐྱེད་སྲིང་བྱས་པའི་མི་རིགས་ཀྱི་ལས་བྱེད་པ་དང་ཏང་གི་སློབ་གྲྭའི་རྒན་རྒན་ཞིག་ཡིན་པའི་ཆ་ནས་ཏང་གི་མི་རིགས་དང་ཆོས་ལུགས་སྲིད་ཇུས་དེ་ང་ཚོས་མི་འཆད་སུ་ཡིས་འཆད། ནང་སྒོས་སུ་ང་ཚོས་བཤད་ན་ད་གཟོད་དང་ལེན་བྱེད་ཐུབ་པ་རེད།”ཅེས་ཟེར།
སྒྲོག་འགྲེལ་ཐེངས་རེ་རེར་མཱ་མེང་ཀྲུང་གིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་དེ་སློབ་ཁྲིད་དང་ཚན་ཞིབ་ལས་དོན་ནང་རང་རྟོགས་སུ་བཅུག་ནས་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱས་ཡོད། ཁོང་གིས་སྒྲོག་འགྲེལ་དང་དྲིལ་བསྒྲགས་ལས་དོན་ནང་ཧུར་ཐག་ཞུགས་ནས་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་འབད་བརྩོན་གནང་།2019ལོར་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱིས་སྒྲོག་འགྲེལ་ཚོགས་པ་བཙུགས་ནས་མཚོ་སྔོན་ཞིང་ཆེན་གྱི་སྐབས་གཉིས་པའི་དབྱི་སི་ལན་ཆོས་ལུགས་ལས་རིགས་ཀྱི“ཨོར་ཚི”སྐོར་སྐྱོད་སྒྲོག་འགྲེལ་བྱེད་སྒོ་སྤེལ་ཏེ་ཁ་ཆེའི་དགོན་དུ་བསྐྱོད་ནས་དད་ལྡན་མང་ཚོགས་ལ་སྒྲོག་འགྲེལ་བྱས་པ་རེད། མཱ་མེང་ཀྲུང་དང་འཆད་ཁྲིད་ཚོགས་པའི་འཆད་ཁྲིད་དགེ་རྒན་ཚོས་ཁ་ཆེ་དགོན་གྱི་ཨར་འདམ་སྟེགས་བུའི་ཐོག་བསྡད་དེ་མང་ཚོགས་དང་འབྲེལ་འདྲིས་བྱེད་པའི་རྣམ་པའི་ཐོག་ནས་ས་གནས་དེ་གའི་མང་ཚོགས་ལ་ཏང་གི་མི་རིགས་དང་ཆོས་ལུགས་ཀྱི་སྲིད་ཇུས་སྒྲོག་འགྲེལ་བྱས་པ་དང་། གོ་བདེ་ཤེས་སླ་ཡི་ཐོག་ནས་དབྱི་སི་ལན་གྱི་ཆོས་ལུགས་དེ་ཀྲུང་གོ་ཅན་དུ་འགྱུར་བའི་ལོ་རྒྱུས་དང་། གཞི་རྩའི་ནང་དོན། གལ་ཆེའི་དོན་སྙིང་བཅས་རྒྱས་བཤད་བྱས་ནས་ཚང་མར་རྒྱལ་གཅེས་ཆོས་གཅེས་ཀྱི་དད་ལྡན་མང་ཚོགས་ཤིག་བྱེད་དགོས་པའི་སྐུལ་ལྕག་དང་ཁྲིད་སྟོན་བྱས་ཡོད།
མཱ་མེང་ཀྲུང་གིས“ང་ས་ལར་རིགས་ཡིན་པས་དབྱི་སི་ལན་ཆོས་ལུགས་ལ་རྒྱུས་མངའ་ཆེན་པོ་ཡོད་སྟབས་ངའི་སྒྲོག་འགྲེལ་གྱི་གཙོ་གནད་གསལ་བོར་སྟོན་ཐུབ་ལ་ཁུངས་ལུང་ཡང་འདྲེན་ཐུབ”ཅེས་བཤད་པ་རེད། མཱ་མེང་ཀྲུང་གིས་ཏང་གི་སློབ་གྲྭའི་དགེ་རྒན་ལ་ཡོད་པའི་འགན་འཁྲི་དང་། འགན་ཁུར། ལས་འགན་བཅས་ཀྱི་ཐོག་ནས་ཏང་གི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་ལ་བརྟེན་ནས་ཆོས་ལུགས་ཀྱི་གསུང་རབ་ཤེས་བྱ་དང་ཟུང་དུ་འབྲེལ་ནས་སྒྲོག་འགྲེལ་གྱི་ནང་དོན་མི་སེམས་ལ་འཇུག་པའི་ཕན་འབྲས་ཐོན་ཡོད་པས་རྒྱ་ཆེའི་གཞི་རིམ་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་བཅས་ཀྱི་བསྔགས་བརྗོད་ཆེན་པོ་ཐོབ་ཡོད་པ་རེད།དེ་ལྟར་མཱ་མེང་ཀྲུང་ཟི་ལིང་གྲོང་ཁྱེར་དང་། མཚོ་ཤར་གྲོང་ཁྱེར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱི་རྫོང7དུ་བསྐྱོད་ཅིང་། ཉེ་བའི་ལོ་གཉིས་རིང་རིམ་རྩིས་བྱས་ན་སྒྲོག་འགྲེལ་ཐེངས40བྱས་པར་སྒྲོག་འགྲེལ་ལ་ཉན་མཁན་མི་ཐེངས་ཁྲི1.5ལྷག་ཙམ་ཟིན་ཡོད། སྒྲོག་འགྲེལ་བྱེད་སྒོས་མི་རིགས་མཐུན་སྒྲིལ་དང་། ཆོས་ལུགས་འཆམ་མཐུན་བཅས་ལ་ནུས་པ་གལ་ཆེན་བཏོན།
སློབ་ཁྲིད་དང་ཞིབ་འཇུག་ལ་ཡུན་རིང་གཞོལ་ཅིང་། བློ་འདོན་ཇུས་འབུལ་གྱི་ཁག་ཁུར་སྤོབས་པས་ཐེག།
མཱ་མེང་ཀྲུང་གིས“སློབ་ཁྲིད་ནི་རང་བློ་ཚུགས་ཐུབ་ཀྱི་གཞི་རྩ་དང་ཚན་ཞིབ་ནི་རྩལ་ནུས་ཆེ་རུ་བསྐྱེད་བྱེད་ཐབས་ལམ་ཞིག་རེད”ཞེས་བཤད་ཅིང་། མི་རིགས་ཆོས་ལུགས་ལས་དོན་ནི་བྱ་བ་ཆུང་ཆུང་ཞིག་མིན། ང་ཚོ་ནི་ལས་ཀ་དེ་ཆེད་གཉེར་མཁན་ཞིག་ཡིན་པའི་ཆ་ནས། ཐོག་མར་བརྟག་དཔྱད་ཞིབ་འཇུག་ཡང་དང་ཡང་དུ་བྱས་ནས་གནས་ཚུལ་དངོས་ཁོང་དུ་ཆུད་ན། ད་གཟོད་གཞི་ནས་ཡང་དག་པའི་ཞིབ་འཇུག་གི་གྲུབ་འབྲས་ཐོབ་ངེས་རེད།དུས་རྒྱུན་གྱི་ལས་ཀའི་ཁྲོད་མཱ་མེང་ཀྲུང་གིས་རིགས་པའི་གཞུང་ལུགས་དང་ལག་ལེན་གཉིས་ཟུང་འབྲེལ་ལ་ཧ་ཅང་མཐོང་ཆེན་བྱེད་ཅིང་། ཞིང་ཆེན་ཡོངས་ཀྱི་མི་རིགས་ཆོས་ལུགས་ལས་དོན་གྱི་གླེང་མང་བའི་གནད་དོན་དང་དཀའ་གནད་ལ་དམ་པོར་དམིགས་ཏེ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་རིགས་པའི་གཞུང་ལུགས་དང་དོན་དངོས་ཀྱི་གནད་དོན་གལ་ཆེན་གཏིང་ཟབ་དང་མཐར་ཕྱིན་པ་ཤོད་གང་ཐུབ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་དེ་སློབ་ཁྲིད་ཀྱི་བརྒྱུད་རིམ་ཁག་དང་ཟུང་འབྲེལ་དམ་ཟབ་བྱེད་ཀྱི་ཡོད་པ་རེད། 2012ལོ་ནས་བཟུང་མཱ་མེང་ཀྲུང་གནས་སའི་སློབ་དཔྱོད་པུའི་ཞིབ་འཇུག་བྱ་གཞི་མང་པོའི་གྲུབ་འབྲས་ལ་རྒྱལ་ཁབ་རིམ་པའི་བྱ་དགའ་ཐོབ་པ་རེད། དེའི་ནང《བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་དོ་དམ་ལ་ཤུགས་སྣོན་རྒྱག་དགོས》ཞེས་པའི་ཆེད་དོན་ལ་རྒྱལ་ཡོངས་ཀྱི་སྤྱི་ཚོགས་རིང་ལུགས་སློབ་གླིང་ཁོངས་གཏོགས་ཀྱི་ཕུལ་བྱུང་སློབ་ཁྲིད་གྲུབ་འབྲས་ཀྱི་བྱ་དགའ་ཐོབ་པ་དང་། 《མཚོ་སྔོན་གྱི་ཆོས་ལུགས་སྣ་མང་དང་སྤྱི་ཚོགས་བཅོས་སྐྱོང་།》ཞེས་པའི་ཆེད་དོན་ལ་ཀྲུང་དབྱང་ཏང་གི་སློབ་གྲྭའི་ཕུལ་བྱུང་སློབ་ཁྲིད་ཐོན་ཁུངས་པར་གཞིའི་བྱ་དགའ་ཐོབ་པ་མ་ཟད། རྒྱལ་ཁབ་སྲིད་འཛིན་སློབ་གླིང་གི་སྤུས་ལེགས་མཉམ་སྤྱོད་ཀྱི་དྲ་རྒྱའི་སློབ་ཚན་ནང་བདམས་ཐོན་བྱུང་བ་རེད།ལས་བྱེད་པའི་སློབ་གསོའི་དམིགས་བསལ་རང་བཞིན་ལ་དམིགས་ཏེ་མཱ་མེང་ཀྲུང་གནས་སའི་སློབ་དཔྱོད་པུས་ཡ་རྫི་ས་ལར་རིགས་རང་སྐྱོང་རྫོང་ཁྲ་ཧན་ཏུའུ་སི་ཡུལ་ཚོའི་ཧུང་ཀོང་གྲོང་ཚོའི“གསར་བརྗེའི་སྙིང་སྟོབས་དང་མི་རིགས་མཐུན་སྒྲིལ་རྒྱུན་འཛིན”དང་། བིས་མདོ་བོད་རིགས་ཤང་གི་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པའི་འཁྲུངས་གཞིས་ཀྱི“རྒྱལ་གཅེས་རིང་ལུགས་དང་མི་རིགས་མཐུན་སྒྲིལ”གྱི་ས་གནས་ས་ཐོག་གི་སློབ་ཁྲིད་རྟེན་གཞི་བསྐྲུན་པའི་འགན་འཁུར་ནས“ས་གནས་ས་ཐོག་ཏུ་སློབ་ཁྲིད་དང་ས་གནས་ས་ཐོག་ཏུ་དྲིལ་བསྒྲགས་ཟུང་དུ་འབྲེལ་བའི”སློབ་ཁྲིད་བྱེད་སྟངས་དང་དྲིལ་བསྒྲགས་བྱེད་སྟངས་གསར་པ་ཞིག་ཆགས་པ་རེད། ཁུལ་དང་རྫོང་གི་ལས་བྱེད་པའི་གསོ་སྦྱོང་གི་དགོས་མཁོར་དམིགས་ནས“གཞི་རིམ་ལས་བྱེད་པའི་བོད་སྐད་ནུས་པ་མཐོར་གཏོང་གི་དཔེ་སྟོན་གསོ་སྦྱོང་འཛིན་གྲྭ”ཧུར་ཐག་བཏོད་དེ་ཁུལ་དང་རྫོང་གི་གཞི་རིམ་དུ་སྐད་གཉིས་ལས་བྱེད་པ་གསོ་སྐྱོང་བྱ་ཆེད་ནུས་པ་གལ་ཆེན་བཏོན་པ་དང་གཞི་རིམ་དུ་སྒྲོག་འགྲེལ་བྱེད་པའི“མཐའ་མའི་འགག་གནད”ཐག་གཅོད་བྱས་པ་རེད།
དེ་དང་ཆབས་ཅིག་མཱ་མེང་ཀྲུང་གིས་ད་དུང་མཚོ་སྔོན་ས་ཁུལ་གྱི་མི་རིགས་དང་། ཆོས་ལུགས། ལོ་རྒྱུས། རིག་གནས་བཅས་ཀྱི་ཞིབ་འཇུག་ལ་གཞོལ་ནས་སྔ་རྗེས་སུ་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་མངགས་བཅོལ་བྱས་པའི་ཞིབ་འཇུག་བྱ་གཞི་གལ་ཆེན《མཚོ་སྔོན་གྱི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན》དང《མཚོ་སྔོན་འབྲོག་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པར་ཞིབ་འཇུག》སོགས་ཀྱི་ཞིབ་འཇུག་བྱ་གཞིའི་ནང་ཞུགས་ནས་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་ལ་རིགས་པའི་གཞུང་ལུགས་ཀྱི་གཞི་འཛིན་ས་དང་དཔྱད་གཞི་མཁོ་འདོན་བྱས་པ་དང་། སྔ་རྗེས་སུ་མཚོ་སྔོན་ཞིང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་གཙོ་གནད་ཞིབ་འཇུག་བྱ་གཞི8དང་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ཞིབ་འཇུག་བྱ་གཞི3ལེགས་སྒྲུབ་བྱས་པ་རེད།ལོ་མང་རིང་མཱ་མེང་ཀྲུང་མཚོ་སྔོན་གྱི་ས་གཞི་ཆེ་མོར་བསྐྱོད་ཅིང་། ཁོང་གིས་རྒྱུན་ཆད་མེད་པར་བརྟག་དཔྱད་ཞིབ་འཇུག་བྱས་པ་བརྒྱུད། རང་ཉིད་ཀྱི་སློབ་ཁྲིད་མྱོང་ཚོར་དང་ཟུང་འབྲེལ་བྱས་ནས《མཚོ་སྔོན་མི་རིགས་ཞིབ་འཇུག》སོགས་དུས་དེབ་ཐོག་ཆེད་རྩོམ་ཁག40ལྷག་སྤེལ་བ་དང་། ཞིབ་འཇུག་སྙན་ཞུ་ཁག10བྲིས་ཤིང་། དེ་ལས་མང་པོར་ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱི་ཁས་ལེན་རང་བཞིན་གྱི་མཆན་བཀོད་མཛུབ་སྟོན་ཐོབ་སྟེ། ཏང་གི་སློབ་གྲྭའི་དགེ་རྒན་གྱིས་ཏང་ལ་ཐབས་ཇུས་འདོན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས།
ལུས་སེམས་སྲོང་བས་སྣེ་ཁྲིད་དེ་མཐུན་སྒྲིལ་དང་འཆམ་མཐུན་གྱི་ཆེད་ལ་འབད་འབུངས་བྱས།
“མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་ངེས་གནས་ཤིག་ནི་མི་རིགས་མང་བ་དང་། ཆོས་ལུགས་མང་བ། རིག་གནས་མང་བ་དེ་ཡིན་པས། རང་འཁྲིའི་ལས་ཀར་གཞི་ཚུགས་ཏེ་རང་རེའི་ཏང་གི་སློབ་གྲྭའི་དགེ་རྒན་གྱི་དམིགས་བསལ་ནུས་པ་འདོན་སྤེལ་དང་ཡང་དག་པའི་སྟོན་ཕྱོགས་བརྒྱུད་སྤྲོད་བྱས་ཏེ། ཏང་ལ་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ཏང་ལ་ཐབས་ཇུས་འདོན་པའི་འགན་འཁྲི་ཡག་པོ་བསྒྲུབ་དགོས” ཞེས་སློབ་དཔྱོད་པུའི་འགན་འཁུར་བ་མཱ་མེང་ཀྲུང་གིས་རང་དཔེ་གཞན་སྟོན་གྱི་སྒོ་ནས“ཐུན་མོང་རང་བཞིན་ཆེ་རུ་གཏོང་བ་མཐའ་འཁྱོངས་དང་ཁྱད་པར་རང་བཞིན་ལ་བརྩི་འཇོག་དང་དཀྱེལ་ཡངས”བྱ་རྒྱུ་དེ་སློབ་ཁྲིད་དང་ཚན་ཞིབ་ཀྱི་གཞི་རྩའི་འདུ་ཤེས་སུ་བརྩིས་པ་དང་། མཐུན་སྒྲིལ། དཀྱེལ་ཡངས། ཞི་མཐུན་བཅས་སློབ་དཔྱོད་པུའི་ལས་དོན་ཁག་གི་རྨང་གཞིར་བརྩིས།རྒྱུན་གཏན་གྱི་ལས་ཀ་དང་། སློབ་སྦྱོང་། འཚོ་བ་བཅས་ཀྱི་ཁྲོད་མཱ་མེང་ཀྲུང་གིས“མཐུན་སྒྲིལ་དང་དཀྱེལ་ཡངས”དེ་བརྒྱུད་རོགས་འཁྲིད་གསུམ་གྱི་སློབ་ཚན་དང་པོར་བརྩིས་ནས་ཕན་ཚུན་མཐུན་སྒྲིལ་གྱི་ཐོག་ནས་ཡིད་ཆེས་དང་བརྩི་འཇོག་ཐོབ་པ་བྱས་ཏེ་སློབ་ཁྲིད་དང་ཚན་ཞིབ་ལས་དོན་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་བ་རེད།“ཆུ་ཚོད་བརྒྱད་ནང་གི་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་ཆུ་ཚོད་བརྒྱད་ཕུད་པའི་མི་ཞིག་ཀྱང་ཡག་པོ་བྱེད་དགོས”ཞེས་མཱ་མེང་ཀྲུང་དང་མཉམ་དུ་ཞིང་ཨུད་ཏང་གི་སློབ་གྲྭའི་མི་རིགས་ཆོས་ལུགས་སློབ་ཁྲིད་ཞིབ་འཇུག་པུའི་དགེ་རྒན་ཆེ་མོ་བ་གཞོན་པ་དབྱང་ཤན་ཅ་ཡིས་མཱ་མེང་ཀྲུང་གིས་ན་གཞོན་དགེ་རྒན་ལ་དོ་ཁུར་བྱས་པར་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་པ་མ་ཟད། ཁོང་གིས་ལས་ཀར་ནན་ཏན་དང་། བློ་རྩེ་གཅིག་སྒྲིམ། དགའ་ཞེན་བཅས་ལའང་ང་ཚོས་སློབ་སྦྱོང་བྱེད་རིན་ཡོད་པ་ཞིག་རེད་ཅེས་ངོ་སྤྲོད་བྱས་བྱུང་།
ལས་ཀའི་ཁྲོད་མཱ་མེང་ཀྲུང་གིས་རྒྱུན་དུ་ཚང་མར“ཏང་གི་སློབ་གྲྭའི་དགེ་རྒན་ཞིག་ཡིན་པའི་ངོས་ནས་ངེས་པར་དུ་ལངས་ཕྱོགས་བརྟན་པོ་དང་། ཕྱི་རོལ་ཡུལ་དང་མཐུན་པ། དྲང་གཞག ཚུལ་མཐུན་བཅས་ཀྱི་སྒོ་ནས་ཆ་འཕྲིན་བརྒྱུད་སྤྲོད་དང་འདུ་ཤེས་མཚོན་པར་བྱེད་དགོས”ཞེས་ཤོད་ཀྱི་ཡོད།ཁོ་ལྟ་བུའི་ལངས་ཕྱོགས་བརྟན་པོ་དང་ལས་གཅེས་ལས་བརྩོན་གྱི“སྣེ་ཁྲིད་པ”ཡོད་པས་སློབ་དཔྱོད་པུའི་ལས་དོན་ལའང་གྲུབ་འབྲས་བཟང་པོ་རྒྱུན་ཆད་མེད་པར་ཐོབ་ཡོད། 2012ལོ་ནས་བཟུང་སློབ་དཔྱོད་པུའི་ཆེད་དོན་གཅིག་ལ་ཀྲུང་དབྱང་རྩ་འཛུགས་པུའི་རྒྱལ་ཡོངས་སློབ་ཚན་ཡག་པོ་དང་། ཆེད་དོན་གཉིས་ལ་རྒྱལ་ཡོངས་ཀྱི་སྤྱི་ཚོགས་རིང་ལུགས་སློབ་གླིང་ཁོངས་གཏོགས་ཀྱི་ཕུལ་བྱུང་སློབ་ཁྲིད་གྲུབ་འབྲས་ཀྱི་བྱ་དགའ། ཆེད་དོན་གཅིག་ལ་ཁྱད་ལྡན་སློབ་ཚན་གྱི་བྱ་དགའ་བཅས་ཐོབ་པ་རེད། སྔ་རྗེས་སུ་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་དང་པུའུ་རིམ་པའི་ཞིབ་འཇུག་བྱ་གཞི་མང་པོའི་འགན་འཁུར་བ་དང་། བྲིས་པའི་ཞིབ་འཇུག་སྙན་ཞུ་མང་པོར་ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱི་ཁས་ལེན་རང་བཞིན་གྱི་མཆན་བཀོད་མཛུབ་སྟོན་ཐོབ། རིག་གཞུང་དཔྱད་རྩོམ100ལྷག་ཙམ་འགྲེམས་སྤེལ་བྱས་པས་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་སྲིད་ཇུས་བློ་འདྲིའི་ཐབས་ལམ་གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་ཡོད།མཱ་མེང་ཀྲུང་དང་ལས་རོགས་ཚོས་ཞིང་ཆེན་གྱི་གནས་ཚུལ་དངོས་ལ་གཞི་ཚུགས་པ་དང་འགན་འཁྲི་ཕྲག་ཏུ་འཁུར་ཏེ་“མཚོ་སྔོན་དུ་མི་རིགས་ལས་དོན་མ་གཉེར་ན་ཁྱོན་ཡོངས་དོན་གཉེར་བྱེད་མི་ཐུབ”ཅེས་པ་དེ་ལས་བྱེད་པའི་སློབ་གསོའི་ཁྲོད་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པའི་འདུ་ཤེས་ཤིག་ཏུ་བརྩིས་པ་དང་། སློབ་ཁྲིད་ཁྲོད་ཆབ་སྲིད་ཀྱི་རང་རྟོགས་དང་། ཆབ་སྲིད་ཀྱི་འགན་འཁྲི་བཅས་ཆེན་པོ་ཁུར་ནས་མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད།
མཱ་མེང་ཀྲུང་གིས་འདི་སྐད། “མ་གཞི་ང་ཚོས་བསྒྲུབས་པའི་ལས་དོན་དེ་དག་ནི་གནམ་ས་གཡོ་བ་ལྟ་བུའི་དོན་ཆེན་ཞིག་མིན་མོད། འོན་ཀྱང་ང་ཚོས་སློབ་ཚན་རེ་རེ་བཞིན་ཡག་པོ་ཁྲིད་པ་དང་རྩོམ་ཡིག་རེ་རེ་བཞིན་ཡག་པོ་བྲིས་ན་ཏང་དང་རྒྱལ་ཁབ་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་འབོད་སྒྲ་བརྒྱུད་སྤྲོད་ཡག་པོ་བྱེད་ཐུབ”ཅེས་བཤད་པ་དང་། ཁོང་གིས་ང་ཚོས་སྒྲོག་འགྲེལ་གཏིང་ཟབ་ཐེངས་མང་བྱས་པ་བརྒྱུད་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་་འདུ་ཤེས་ཟབ་ཏུ་གཏོང་བ་དང་མི་སེམས་ལ་བཅུག་སྟེ། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་དང་སྐུལ་འདེད་བཏང་ནས་མཚོ་སྔོན་འདི་ཉིད་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་བསྐྲུན་པར་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།