མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ10པའི་ཚེས16ནས་ཟླ10ཚེས23ཉིན་བར་ཞིང་ཆེན་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་བཀོད་སྒྲིག་ཞིབ་ཚགས་དང་བྱེད་ཐབས་ཞིབ་ཚགས་སུ་བྱས་་ནས་དཔུང་ཁག་ནང་ཁུལ་གྱི་ལྟ་སྐུལ་དོ་དམ་དང་། འཛུགས་སྐྲུན་མེ་ཟོན། མེ་ཟོན་སྒྲིག་བཀོད། མེ་གསོད་རོགས་སྐྱོབ་སོགས་ཐད་ཀྱི་ཆེད་མཁས་པ9སྐོང་འཐེན་བྱས་ཏེ་སྤྱི་ཚོགས་ཐོག་གི་གློག་ཤུགས་དང་མེ་ཟོན་སྒྲིག་ཆས་སོགས་ཐད་ཀྱི་ཆེད་མཁས་པ6གདན་དྲངས་ཏེ་ལས་དོན་ཚོ་ཆུང3བཙུགས་ནས་སློབ་ཁྲིད་གསོ་སྦྱོང་རྣམ་པས་ཞིབ་བཤེར་བྱས།
ཐེངས་འདིའི་སློབ་ཁྲིད་གསོ་སྦྱོང་རྣམ་པའི་ཞིབ་བཤེར་ནང་མེ་ཟོན་དོ་དམ་དང་། འཛུགས་སྐྲུན་མེ་འགོག གློག་ཤུགས་བདེ་འཇགས། མེ་ཟོན་སྒྲིག་བཀོད། མེ་གསོད་རོགས་སྐྱོབ་བཅས་ཕྱོགས5ལ་གཙོ་བོར་དམིགས་ནས་ཞིབ་བཤེར་གཙོ་གནད་ཁག23རེ་རེ་བཞིན་ཞིབ་ཚགས་སུ་བཏང་སྟེ“ལས་དོན་བཀོད་སྒྲིག་ཞིབ་ཚགས་སུ་གཏོང་བ་དང་། ཡུལ་དངོས་སུ་ཞིབ་བཤེར་ཚད་ལྡན་དུ་གཏོང་བ། རིགས་དབྱེ་མཛུབ་ཁྲིད་དང་ལེགས་བཅོས། དུས་ཐོག་ཏུ་དཔྱད་བརྗོད་ལན་འདེབས། ཕྱོགས་སྡོམ་སྙན་ཞུ་སྐྱེལ་བ”བཅས་ཀྱི་གོ་རིམ་གཞིར་བཟུང་ལག་བསྟར་ནན་པོ་བྱ་རྒྱུ་རེད། དེའི་རིང་ཞིང་ཆེན་དང་གྲོང་ཁྱེར་རིམ་པ་གཉིས་ཀྱིས་མཐོ་རིམ་གྱི་སྤྱི་པའི་བཟོ་བཀོད་དང་། ཚོང་ལས་ཕྱོགས་བསྡུས་སྒྲིག་གཞི་ཆེ་གྲས། མཉམ་བསྲེས་ཐོན་སྐྱེད་གཉེར་སྐྱོང་ཁང་སོགས་ཞབས་སྐྱོར་མི་བྱེད་པའི་གནས་ཡུལ43ལ་ཞིབ་བཤེར་བྱས་པ་དང་། གནད་དོན828དང་། མངོན་མེད་རྐྱེན་ངན་ཚབས་ཆེན28ཤེས་རྟོགས་བྱུང་སྟེ་ལས་ཁུངས་ལ་བསམ་འཆར་དང་གྲོས་གཞི731བཏོན་པ་དང་། ཁོངས་གཏོགས་ཁུལ་གྱི་མེ་ཟོན་ལས་ཁུངས་ལ་བསམ་འཆར་དང་གྲོས་གཞི32བཏོན།
ཞིབ་བཤེར་མཇུག་འགྲིལ་རྗེས་ཚོ་ཆུང་ཁག་གིས་ཞིབ་བཤེར་གནས་ཚུལ་གྲལ་བཤེར་གྱིས“གསལ་ཐོ་གཉིས”བཟོས་ནས་དབྱེ་ཞིབ་ཞིབ་བསྡུར་ཚོགས་འདུ་འཚོགས་པ་བརྒྱུད་མེ་ཟོན་ལྟ་སྐུལ་ལས་བྱེད་པའི་ཉེན་ཁ་གསལ་རྟོགས་དང་གནད་དོན་ཐག་གཅོད་ནུས་པ་སྔར་བས་ཆེ་རུ་ཕྱིན་ཡོད། འབྲེལ་ཡོད་འདུ་གནས་ཀྱི་ལས་རིགས་ལྟ་སྐུལ་དོ་དམ་གྱི་འགན་འཁྲིའི་ཁོངས་གཏོགས་ཁ་གསལ་བཟོས་ཏེ་གནད་དོན་གྱི་མངོན་མེད་རྐྱེན་ངན་ཞིབ་བཤེར་བྱ་བ་དེ་འབྲེལ་ཡོད་ལས་རིགས་གཙོ་གཉེར་ལས་ཁུངས་ལ་བཤུས་ནས་སྙན་སེང་ཞུས་པ་དང་། གནད་དོན་གྱི་མངོན་མེད་རྐྱེན་ངན་བཅོས་སྒྲིག་གི་འགན་འཁྲི་ཏན་ཏིག་འཁུར་ཏེ། སྲིད་འཛིན་གྱི་བྱེད་ཐབས་དང་ཡིད་རྟོན་ཆད་གཅོད་བསླབ་འདོམས་སོགས་ཀྱི་བྱེད་ཐབས་ཕྱོགས་བསྡུས་ཐོག་སྤྱད་ནས་གནད་དོན་གྱི་མངོན་མེད་རྐྱེན་ངན་བཅོས་སྒྲིག་གནད་ལ་འཁེལ་བར་བྱས།
མཚོ་སྔོན་ཞིང་ཆེན་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གི་འབྲེལ་ཡོད་འགོ་ཁྲིད་ཀྱིས་སློབ་ཁྲིད་གསོ་སྦྱོང་རྣམ་པའི་ཞིབ་བཤེར་ཉམས་མྱོང་དང་བྱེད་ཐབས་སྲ་བརྟན་དུ་གཏོང་བ་དང་། “ཆེ་འཛིན་ཆུང་འགོག་དང་རྙིང་སྒྱུར་གསར་སྒྱུར”གྱི་ཁྱོན་ཡོངས་ཀྱི་སྔོན་འགོག་ཚོད་འཛིན་གྱི་བསམ་ཕྱོགས་མཐའ་འཁྱོངས་ཀྱིས་གཙོ་གནད་ཁུལ་དང་ཁྱབ་ཁོངས་ཀྱི་སློབ་ཁྲིད་གསོ་སྦྱོང་རྣམ་པའི་ཞིབ་བཤེར་མུ་མཐུད་བྱས་ཏེ། མེ་ཟོན་བདེ་འཇགས་ཀྱི་འགན་འཁྲི་ལག་བསྟར་དང་། མེ་ཟོན་བཅོས་སྒྲིག་གི་ཆུ་ཚད་ཇེ་མཐོར་གཏོང་བ། མེ་ཟོན་བདེ་འཇགས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ། འཕྲལ་སྡོམ་རོགས་སྐྱོབ་ནུས་པ་ཆེ་རུ་གཏོང་བ། སྤྱི་དམངས་ཀྱི་མེ་ཟོན་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་ཀྱི་ཐད་རྒྱུན་མཐུད་ངང་ཤུགས་སྣོན་བརྒྱབ་སྟེ་མེ་ཟོན་བདེ་འཇགས་ཀྱི་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་བྱ་སྤྱོད་ལ་རྒྱུན་རྣམ་ཅན་གྱི་སྐུལ་འདེད་གཏོང་བའི་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པ་བྱ་རྒྱུ་ཡིན་ཞེས་བཤད།