མཚོ་སྔོན་མཚོ་བྱང་གི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།    ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་འོས་འདེམས་ཁུལ(མཚོ་སྔོན)དང་དེ་བཞིན་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གཏོད་པའི་ལས་དོན་དེ་སྲོག་ཤིང་དུ་བྱས་ནས།མཚོ་བྱང་གི་རང་བྱུང་སྲུང་སྐྱོང་ཁུལ་སྣ་ཚོགས་གཙོ་བོར་བྱས་པའི་རྒྱལ་ཁབ་སྤྱི་གླིང་གཏོད་པའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བར་བརྟེན་སྒྲིག་སྲོལ་ལམ་སྲོལ་དང་།    རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན།    རང་བྱུང་སློབ་གསོ་སོགས་ཀྱི་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།  

མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་ལ་བརྟེན་ནས་མཚོ་བྱང་ཁུལ་རུ་མིག་སྔར་དོ་དམ་སྲུང་སྐྱོང་ལྟེ་གནས7དང་དོ་དམ་སྲུང་སྐྱོང་ས་ཚིགས29བསྐྲུན།     2020ལོར་མདོ་ལ་རི་མོའི་རྒྱལ་ཁབ་སྤྱི་གླིང་རྒྱ་མདོ་ཧུའེ་རིགས་རང་སྐྱོང་རྫོང་གི་ལྟ་ཞིབ་ཚད་ལེན་ས་ཚིགས་བསྐྲུན་རྒྱུ་དང་།     2021ལོར་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་གཞི་གྲངས་ཆེན་པོའི་ལྟེ་གནས་ཕྱོགས་ཡོངས་ནས་བསྐྲུན་ཟིན་པ་དང་ལོ་དེར་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་སྐོར་སྲུང་འགྲོ་ལམ་སྤྱི་ལེ30བསྐྲུན་ཟིན་པ་དང་།     2022ལོར་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་ཚན་རིག་ཁྱབ་གདལ་ཁང་དང་རི་སྐྱེས་སྲོག་ཆགས་སྐྱེད་སྲིང་མྱུར་སྐྱོབ་ས་ཚིགས་སྔ་རྗེས་སུ་བསྐྲུན་ནས་སྤྱོད་འགོ་ཚུགས།     བརྒྱད་གཅིག་འཁྱག་རོམ་ཚན་རིག་ཁྱབ་གདལ་ཁང་དང་།    མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་རྒྱལ་སྒོ།    ཁེ་ཐུའུ་བྱེ་བཅོས་ཁུལ་བཅས་ཀྱི“རི་བོ་གཉིས་ཀྱི་རིགས་པའི་གཞུང་ལུགས”ཀྱི་རྨང་གཞིའི་འཛུགས་སྐྲུན་དེ་2024ལོའི་ལོ་མཇུག་ཏུ་ཁྱོན་ཡོངས་ནས་ལས་མཇུག་འགྲིལ་རྒྱུ་རེད།

དེ་དང་ཆབས་ཅིག་མཚོ་སྔོན་པོའི་ཁེ་རམ་ཐང་སློབ་གསོའི་རྟེན་གཞི་དང་།    མཚོ་སྔོན་པོའི་སྐྱེ་ཁམས་རྟེན་རྫས་བཤམས་མཛོད་ཁང་།    རྐང་ཚ་རྫོང་ཕུའུ་ཧྲི་དགོ་བ་ཚན་རིག་ཁྱབ་གདལ་ཞིབ་འཇུག་སློབ་གསོའི་རྟེན་གཞི།    མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་ཚན་རིག་ཁྱབ་གདལ་ཁང་།    རི་སྐྱེས་སྲོག་ཆགས་སྐྱོབ་སྲུང་གསོ་སྤེལ་ས་ཚིགས།    བདག་སྐྱོང་ས་ཚིགས་སོགས་སློབ་གསོའི་རྟེན་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ་རེད།     2022ལོ་ནས་ད་བར་མཚོ་བྱང་ཁུལ་གྱིས་རང་བྱུང་སློབ་གསོའི་བྱེད་སྒོ་སྣ་ཚོགས་ཐེངས50ལྷག་སྤེལ་བ་དང་དེའི་ནང་ཞུགས་མཁན་མི་ཐེངས་ཁྲི5ལྷག་ཙམ་ཟིན།     རང་བྱུང་སློབ་གསོའི་དྲིལ་བསྒྲགས་དང་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བ་བརྒྱུད་སྤྱི་དམངས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ནང་ཞུགས་པའི་འདུ་ཤེས་རིམ་བཞིན་ཟབ་ཏུ་ཕྱིན་ཡོད།     

ད་སྔའི་བྱ་བའི་ཕན་འབྲས་ལ་བརྟེན་ནས་མཚོ་བྱང་ཁུལ་གྱིས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་།    མཚོ་སྔོན་པོ་རྒྱུག་ཁུལ་དང་མདོ་ལ་རིང་མོའི་ཁུལ་གྱི་སྐྱེ་ཁམས་ད་བདེ་འཇགས་བརྟན་ལྷིང་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་པ།    རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་ཕྱོགས་བསྡུས་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་སྤྱི་གླིང་གི་ལས་དོན་ཁག་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་རྣམ་པ་གསར་པ་གཏོད་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།    

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།