མཚོ་སྔོན་ཞིང་ཆེན་གྱིས་གཙོ་གནད་ཐོན་ལས་ཀྱི་ཁེ་བེད་བདག་ཐོབ་ཀྱི་ཕྱོགས་སྟོན་གྲུབ་འབྲས་ཡོངས་བསྒྲགས་བྱས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།   ཟླ10པའི་ཚེས15ཉིན་མཚོ་སྔོན་ཞིང་ཆེན་གྱི་གཙོ་གནད་ཐོན་ལས་ཀྱི་ཁེ་བེད་བདག་ཐོབ་ཀྱི་ཕྱོགས་སྟོན་གྲུབ་འབྲས་ཡོངས་བསྒྲགས་ཚོགས་འདུ་དེ་ཟི་ལིང་དུ་འཚོགས་པ་དང་། ཚོགས་འདུའི་ཐོག“ལིས་གློག་རྫས་ཚུར་བསྡུའི་ཐོན་ལས་ཀྱི་ཁེ་བེད་བདག་ཐོབ་ཀྱི་ཕྱོགས་སྟོན”དང“མཚོ་སྔོན་ཞིང་ཆེན་གྱི་ཁྱད་ལྡན་སྐྱེ་དངོས་ཐོན་ལས་ཀྱི་ཁེ་བེད་བདག་ཐོབ་ཀྱི་ཕྱོགས་སྟོན”རྣམ་གྲངས་ཀྱི་གྲུབ་འབྲས་ཡོངས་བསྒྲགས་བྱས་པ་དང་། ཁེ་བེད་བདག་ཐོབ་ཀྱི་ཟུར་ཚད་ཐོག་ནས་མཚོ་སྔོན་ཞིང་ཆེན་གྱི་ལིས་གློག་རྫས་ཚུར་བསྡུ་དང་ཁྱད་ལྡན་སྐྱེ་དངོས་ཐོན་ལས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཀྱི་འཕེལ་ཕྱོགས་དང་གཞི་རྩའི་གནས་ཚུལ་ངོ་སྤྲོད་བྱས་པ་དང་འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་གཏོང་འཐུས་ཀྱི་གྲོས་གཞི་བཏོན་ཡོད།

ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁེ་བེད་བདག་ཐོབ་ཀྱི་ཕྱོགས་སྟོན་གྱི་ཞབས་ཞུའི་འདེགས་སྐྱོར་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཁེ་བེད་བདག་ཐོབ་ཀྱི་ཕྱོགས་སྟོན་ལས་དོན་གྱི་ལམ་སྲོལ་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་བ་དང་།    སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་པ།    མཐོ་སློབ་སློབ་གླིང་དང་སུའོ་དང་།    ལས་རིགས་རྩ་འཛུགས།    ཤེས་བྱའི་ཐོན་དབང་གི་ཞབས་ཞུའི་སྒྲིག་གཞི།    ཁེ་ལས་དང་དོན་ལས་ལས་ཁུངས་བཅས་ཀྱི་ལས་ཀའི་བརྒྱུད་རིམ་ལ་མཛུབ་ཁྲིད་དང་ཚད་ལྡན་དུ་བཏང་བ།    སྔ་རྗེས་སུ་ཚྭ་མཚོའི་རྫས་འགྱུར་བཟོ་ལས་དང་།    ནུས་རྒྱུ་གཙང་མ།    ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་སོགས་ཁྱབ་ཁོངས16གི་ཁེ་བེད་བདག་ཐོབ་ཀྱི་ཕྱོགས་སྟོན་རྣམ་གྲངས་19ལག་བསྟར་བྱས་ཏེ་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་གསར་གཏོད་གཙོ་གཟུགས་ལ་ཁྲིད་སྟོན་བྱས་ཏེ་གསར་གཏོད་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་བ་དང་།    ཁེ་བེད་བདག་ཐོབ་བཀོད་སྒྲིག་ལེགས་སུ་གཏོང་བ།    གྲུབ་འབྲས་གཞན་སྒྱུར་བྱེད་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་འབྲེལ་ཡོད་ཐོན་ལས་ཀྱི་བརྟན་གཏོང་དང་།    ཁ་གསབ།    སྟོབས་ཆེར་གཏོང་བ།    འཛུགས་པ་བཅས་ལ་འདེགས་སྐྱོར་བྱས་ཡོད།  

ཐེངས་འདིའི་ཡོངས་བསྒྲགས་བྱས་པའི“ལིས་གློག་རྫས་ཚུར་བསྡུའི་ཐོན་ལས་ཀྱི་ཁེ་བེད་བདག་ཐོབ་ཀྱི་ཕྱོགས་སྟོན”གྱི་གྲུབ་འབྲས་ཀྱིས་གོ་ལ་ཧྲིལ་པོ་དང་ཀྲུང་གོའི་ལིས་གློག་རྫས་ཚུར་བསྡུའི་ཁྱབ་ཁོངས་ཀྱི་ཁེ་བེད་བདག་ཐོབ་ཀྱི་ཁྱབ་ཚུལ་དང་།    འགག་རྩའི་ལག་རྩལ་གྱི་ཚད་བརྒལ།    ཁེ་བེད་བདག་ཐོབ་མཁན་གཙོ་བོའི་ཁྱབ་ཚུལ་བཅས་ལ་གོ་རིམ་ལྡན་པའི་སྒོ་ནས་དབྱེ་ཞིབ་བྱས་པ་དང་།    ལིས་གློག་རྫས་ཚུར་བསྡུའི་གཞི་རྩའི་གོ་དོན་དང་།    ཁྱབ་ཁོངས་ཀྱི་གཏན་འབེབས།    ཐོན་ལས་དར་རྒྱས་ཀྱི་རྒྱབ་ལྗོངས།    མིག་སྔའི་འཕེལ་རྒྱས་ཀྱི་གནས་ཚུལ་བཅས་རྒྱས་བཤད་གཏིང་ཟབ་བྱས་པ་དང་འབྲེལ།    གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་གཙོ་བོའི་ལིས་གློག་རྫས་ཚུར་བསྡུའི་ཁྱབ་ཁོངས་ཀྱི་སྲིད་ཇུས་ཀྱི་ཁྲིད་སྟོན་དང་དེ་བཞིན་རང་ཞིང་ཆེན་གྱི་ལིས་གློག་རྫས་ཚུར་བསྡུའི་ཐད་ཀྱི་ཞིབ་ཕྲའི་གནས་སྟངས་གསལ་བཤད་བྱས་ནས་རང་ཞིང་ཆེན་གྱི་ལིས་གློག་རྫས་ཚུར་བསྡུའི་ཐོན་ལས་ཀྱི་འབྱུང་འགྱུར་འཕེལ་རྒྱས་ཀྱི་ཐབས་ལམ་ལ་ཆེད་ལས་ཀྱི་ལྟ་ཚུལ་དང་ཐབས་ཇུས་ཀྱི་གྲོས་འཆར་བཏོན་ཡོད་པ་རེད།     དེ་དང་ཆབས་ཅིག“མཚོ་སྔོན་ཞིང་ཆེན་གྱི་ཁྱད་ལྡན་སྐྱེ་དངོས་ཐོན་ལས་ཀྱི་ཁེ་བེད་བདག་ཐོབ་ཀྱི་ཕྱོགས་སྟོན”རྣམ་གྲངས་གྲུབ་འབྲས་ཀྱིས་འཕང་འབྲས་དང་།    སྟར་བུ།    གྲོ་མ་བཅས་ཁྱད་ལྡན་སྐྱེ་དངོས་ཐོན་ཁུངས་ཆེན་པོ་གསུམ་གོ་ལ་ཧྲིལ་པོ་དང་ཀྲུང་གོའི་ཁྱབ་ཁོངས་ནང་གི་ཁེ་བེད་བདག་ཐོབ་རེ་ཞུའི་གནས་ཚུལ་མདོར་བསྡུས་སོགས་ཀྱི་ཐད་ནས་དབྱེ་ཞིབ་གཏིང་ཟབ་བྱས་པ་མ་ཟད། ད་དུང་མཚོ་སྔོན་ཞིང་ཆེན་གྱི་ཁྱད་ལྡན་སྐྱེ་དངོས་ཐོན་ཁུངས་ཐོན་ལས་ཀྱི་འབྱུང་འགྱུར་འཕེལ་རྒྱས་ལ་དམིགས་ནས་འཐབ་ཇུས་རང་བཞིན་གྱི་གྲོས་འགོ་རབ་དང་རིམ་པ་བཏོན།     

དུས་མཚམས་རྗེས་མར་མཚོ་སྔོན་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཁེ་བེད་བདག་ཐོབ་ཀྱི་ཕྱོགས་སྟོན་ལས་དོན་ལ་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ་གྲོང་ཁྱེར་དང་ཀྲོའུ་ཁག་སྒྲིག་འཛུགས་བྱས་ནས། ས་གནས་དེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་དང་དེ་བཞིན་ཐོན་ལས་གསར་གཏོད་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ནས་གཙོ་གནད་ཐོན་ལས་ཀྱི་ཁེ་བེད་བདག་ཐོབ་ཀྱི་ཕྱོགས་སྟོན་རྣམ་གྲངས་གནད་སྨིན་ལག་བསྟར་བྱ་རྒྱུ་རེད།     དེ་དང་ཆབས་ཅིག་འབྲེལ་ཡོད་འགན་ནུས་སྡེ་ཚན་དང་འབྲེལ་མཐུད་ཧུར་ཐག་བྱས་ཏེ་སྲིད་ཇུས་དང་འགྲོ་གྲོན་གྱི་ལེ་ལག་ཚང་བའི་རྒྱབ་སྐྱོར་བརྩོན་ལེན་བྱས་ནས་ཁེ་བེད་བདག་ཐོབ་ཀྱི་ཕྱོགས་སྟོན་ལས་དོན་ལ་ཐོན་ཁུངས་ཀྱི་འགན་ལེན་བྱེད་པ་དང་མཉམ་སྐྲུན་དང་།    མཉམ་བཅོས།    མཉམ་སྤྱོད་བཅས་ཀྱི་ཐོན་ལས་ཀྱི་ཁེ་བེད་བདག་ཐོབ་ཀྱི་ཕྱོགས་སྟོན་ཞབས་ཞུའི་མ་ལག་ཧུར་ཐག་བསྐྲུན་ནས། ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཤེས་བྱའི་ཐོན་དབང་གི་སྟོབས་ཤུགས་འབུལ་རྒྱུ་རེད།    

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།