མཚོ་སྔོན་མཚོ་ཤར་གྱིས་ཐབས་མང་མཉམ་སྤྱོད་ཀྱིས་གནད་འཁེལ་དང་སྟབས་བདེའི་ལས་ཞུགས་ཞབས་ཞུ་མཁོ་འདོན་བྱས་པ།  

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།    “ད་ལོ་ནས་བཟུང་ང་ཚོས་ལས་ཞུགས་སྔོན་ལ་བྱ་རྒྱུ་མཐའ་འཁྱོངས་དང་ལས་ཞུགས་འགན་ལེན་བྱ་ཤུགས་ཆེ་རུ་བཏང་སྟེ་མཐོ་སློབ་མཐར་ཕྱིན་སློབ་མ་དང་ས་ཡོམ་གནོད་འཚེ་ཕོག་པའི་མང་ཚོགས་སོགས་ཚོགས་སྤྱིར་དམིགས་ནས་གནད་སྨིན་དང་སྟབས་བདེའི་ལས་ཞུགས་ཞབས་ཞུ་ཧུར་ཐག་བྱས་ཡོད”ཅེས་ཟླ་10ཚེས་9ཉིན་མཚོ་ཤར་གྲོང་ཁྱེར་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱི་འབྲེལ་ཡོད་འགན་འཁུར་བས་གསར་འགོད་པར་བཤད།    

མཚོ་ཤར་གྲོང་ཁྱེར་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་ཁུངས་ཀྱིས་མཚོ་སྔོནeལས་ཞུགས་ལས་སྟེགས་ལ་བརྟེན་ནས་སྤྱི་པའི་ལས་ཞུགས་ཞབས་ཞུའི་ས་ཚིགས་ཀྱི་ནུས་པ་འདོན་སྤེལ་བྱས་པ་དང་འབྲེལ“དཔྱིད་རླུང་བྱ་སྤྱོད”དང་།    “ཉིན་བརྒྱ་སྟོང་ཁྲིའི་དྲ་རྒྱའི་གདན་ཞུ”“སྟོན་དུས་ཀྱི་གདན་ཞུའི་ཟླ་བ”སོགས་དྲ་ཐོག་དང་དྲ་ཕྱིའི་གདན་ཞུའི་ཚོགས་འདུ་བརྒྱུད་ལས་ཞུགས་ལ་རོགས་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་།     དེ་དང་ཆབས་ཅིག་ལས་ཞུགས་ཐུབ་མེད་པའི་མཐོ་སློབ་མཐར་ཕྱིན་སློབ་མར་མིང་ངོ་མ་འགོད་པའི་ལམ་ལུགས་ཀྱི་དོ་དམ་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུ་དང་།   མཐོ་སློབ་ཀྱི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་བའི་འཆར་གཞི་དང་གཞི་རིམ་འཚར་ལོངས་ཀྱི་འཆར་གཞི་ལག་བསྟར་བྱ་རྒྱུ།    དམིགས་སའི་རང་བཞིན་གྱིས“1131”ལས་ཞུགས་ཞབས་ཞུ་མཁོ་འདོན་བྱ་རྒྱུ།    མཐོ་སློབ་ཀྱི་མཐར་ཕྱིན་སློབ་མ་གཞི་རིམ་དུ་ལས་ཞུགས་དང་།    སྐབས་བསྟུན་ལས་ཞུགས།    རང་བརྟེན་ལས་གཏོད་བཅས་ལ་ཁྲིད་སྟོན་བྱ་རྒྱུ་བཅས་རེ ད་སྔའི་བར་ས་གནས་དེའི་སྐབས2024ཡི་སློབ་གྲྭ་ནས་ཁ་བྲལ་ཡང་ལས་ཞུགས་ཐུབ་མེད་པའི་མཐོ་སློབ་མཐར་ཕྱིན་སློབ་མར“1131”ཞབས་ཞུ་མི་ཐེངས་ཁྲི་2.2བསྒྲུབས་པ་དང་མི་རེར་ཆ་སྙོམས་ལས་ཞུགས་ཞབས་ཞུ་ཐེངས་6ཡན་ལོངས་སུ་སྤྱོད་ཐུབ།     

རྒྱུས་ལོན་བྱུང་བ་ལྟར་ན།    གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་ཞུགས་ཞབས་ཞུར་ཤུགས་སྣོན་རྒྱག་ཆེད།    མཚོ་ཤར་གྲོང་ཁྱེར་གྱི་རིམ་ཁག་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་ཁུངས་ཀྱིས་ལས་ཞུགས་ཀྱི་འདུན་པ་དང་རྩལ་ནུས་གསོ་སྦྱོང་གི་དགོས་མཁོ་སོགས་ཀྱི་གནས་ཚུལ་གྲལ་བཤེར་ལས་དོན་མུ་མཐུད་སྤེལ་བ་དང་། “ལས་ཞུགས་ཞབས་ཞུའི་ལས་དོན་ས་ཚིགས”བཙུགས་ནས་མང་ཚོགས་ཀྱིས་ལས་ཞུགས་ཆ་འཕྲིན་དང་སྲིད་ཇུས་དུས་ཐོག་ཏུ་རྒྱུས་ལོན་ཐུབ་རྒྱུར་སྟབས་བདེ་སྐྲུན་པ་མ་ཟད་ད་དུང་མི་སྤྱོད་ཁེ་ལས་དང་འབྲེལ་མཐུད་བྱ་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་སྟེ། གནོད་འཚེ་ཕོག་པའི་མང་ཚོགས་དང་མི་སྤྱོད་ཁེ་ལས་ལ་ཞབས་ཞུའི་ལས་སྟེགས་ཧུར་ཐག་བསྐྲུན་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཐག་ཉེ་ས་དང་ས་ཆ་དེ་རང་དུ་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་བཏང་བ།     མིག་སྔར་གེགས་ཁུལ་མང་ཚོགས་ལ་རྩལ་ནུས་གསོ་སྦྱོང་ཐེངས63བྱས་པ་དང་ཁྱོན་མི3166གསོ་སྦྱོང་ནང་ཞུགས་པ་དང་གེགས་ཁུལ་གྱི་གཙོ་གནད་རྣམ་གྲངས་དང་།    རྒུད་གསབ་ལས་སྤྲོད་རྣམ་གྲངས།    གྲོང་མིའི་རང་སྐྲུན་རོགས་རེས་ཀྱི་མི་སྤྱོད་རྣམ་གྲངས་བཅས་མི་གྲངས57610ཟིན་ནས་གནོད་འཚེ་ཕོག་པའི་མང་ཚོགས་ལས་ཞུགས་བརྟན་པོ་ཐུབ་རྒྱུ་འགན་ལེན་ཏན་ཏིག་བྱས།    

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།