མཚོ་སྔོན་གྱིས་རྡོ་སོལ་གཏེར་ཁ་རིག་ནུས་ཅན་གྱི་འཛུགས་སྐྲུན་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།  ཟླ10པའི་ཚེས8ཉིན་མཚོ་སྔོན་ཞིང་ཆེན་ནུས་རྒྱུ་ཅུའུ་ཡིས་གནས་ཚུལ་ཁྱབ་བསྒྲགས་བྱས་པ་ལྟར་ན།   མཚོ་སྔོན་གྱི་རྡོ་སོལ་གཏེར་ཁའི་རིག་ནུས་ཅན་གྱི་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་རྡོ་སོལ་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏང་ཆེད།    ཉེ་ཆར་ཞིང་ཆེན་ནུས་རྒྱུ་ཅུའུ་ཡིས《མཚོ་སྔོན་ཞིང་ཆེན་གྱིས་རྡོ་སོལ་རིག་ནུས་ཅན་གྱི་འཛུགས་སྐྲུན་ལག་བསྟར་བྱས་ཏེ་རྡོ་སོལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཟོས་ནས་བཏོན་ནས་རྡོ་སོལ་རིག་ནུས་ཅན་གྱི་འཛུགས་སྐྲུན་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་།  

《བསམ་འཆར》ནང་རྡོ་སོལ་ཐོན་སྐྱེད་བྱེད་མཁན་ཁུལ་དང་རྡོ་སོལ་ཁེ་ལས་ཁག་གིས་སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་ཏང་དང་རྒྱལ་ཁབ་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་བསམ་བློ་གཅིག་གྱུར་དང་ངོས་འཛིན་མཐོར་གཏོང་གིས་རྡོ་སོལ་གཏེར་ཁ་རིག་ནུས་ཅན་འཛུགས་སྐྲུན་བྱ་རྒྱུ་དེ་ད་སྔའི་བྱ་བའི་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ་དང་།    རྡོ་སོལ་གཏེར་ཁ་རང་ངོས་འཕེལ་རྒྱས་ཀྱི་དོན་དངོས་དང་འཚམ་པའི་རིག་ནུས་ཅན་འཕེལ་རྒྱས་ཀྱི་ལག་བསྟར་ཇུས་གཞི་བཟོ་བ།    རྡོ་སོལ་རིག་ནུས་ཅན་འཛུགས་སྐྲུན་དང་སྒྱུར་བཀོད་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བར་བྱེད་དགོས།     ད་ལྟ་སྐྲུན་བཞིན་པའི་རྡོ་སོལ་གཏེར་ཁ་དང་བསྐྱར་སྐྲུན་དང་རྒྱས་སྐྲུན་བྱེད་པའི་རྡོ་སོལ་གཏེར་ཁ་དེ་འཛུགས་སྐྲུན་གྱི་མྱུར་ཚད་དང་ཟུང་འབྲེལ་བྱས་ནས་ཇུས་འགོད་ལེགས་སྒྱུར་བྱེད་པ་དང་།    རིག་ནུས་ཅན་གྱི་འཛུགས་སྐྲུན་ཇུས་གཞི་ཁ་སྣོན་བྱས་ཏེ།    བཟོ་སྐྲུན་ལེགས་འགྲུབ་མ་བྱས་སྔོན་དུ་རིག་ནུས་ཅན་གྱི་འཛུགས་སྐྲུན་ལེགས་འགྲུབ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།     གསར་དུ་སྐྲུན་པའི་རྡོ་སོལ་གཏེར་ཁ་རིག་ནུས་ཅན་གྱི་ཚད་གཞི་གཞིར་བཟུང་ཇུས་འགོད་འཛུགས་སྐྲུན་བྱེད་པ་དང་།    སྔོག་འདོན(བཤུ་བཤུ)འཕྲུལ་ཆས་སྐྱེལ་འདྲེན་ཤར་འདེམས་སོགས་ཐོན་སྐྱེད་བརྒྱུད་རིམ་གཙོ་བོ་རིག་ནུས་ཅན་གྱི་ཆེད་དོན་ཇུས་འགོད་བཟོ་དགོས།    བཟོ་རྩལ་འདེམས་པ་དང་སྒྲིག་ཆས་འདེམས་པ་སོགས་རིག་ནུས་ཅན་གྱི་ཚད་གཞི་དང་མཐུན་དགོས་པ་དང་།    མཉམ་འབྲེལ་འཁོར་སྐྱོད་ཚོད་ལྟ་དང་ཨར་ལས་གྲུབ་ནས་ཞིབ་བཤེར་རྩིས་ལེན་བྱེད་སྐབས་རིག་ནུས་ཅན་གྱི་ཐོན་སྐྱེད་མ་ལག་ལ་དཔྱད་དཔོག་དང་ཞིབ་བཤེར་རྩིས་ལེན་བྱས་ནས་མ་ལག་འཁོར་སྐྱོད་རྒྱུན་ལྡན་ཡོང་བར་འགན་སྲུང་བྱ་དགོས།     རྡོ་སོལ་གཏེར་ཁ་ཁག་གི“གཏེར་ཐོན་གཅིག་ལ་ཐབས་ཇུས་གཅིག”ལ་རིག་ནུས་ཅན་གྱི་སྒྱུར་བཀོད་ཇུས་གཞི་བཟོས་ནས2026ལོའི་ལོ་མཇུག་གོང་མ་ལག་རྐྱང་པའི་རིག་ནུས་ཅན་སྐྲུན་ཐུབ་པ་བྱེད་པ་དང“ལོ་ལྔ་ཚན་བཅོ་ལྔའི”དུས་མཇུག་ཏུ་སྔོག་འདོན་མ་ལག་རིག་ནུས་ཅན་དུ་འགྱུར་བར་བྱེད་དགོས།     

《བསམ་འཆར》ནང་རིག་ནུས་ཅན་གྱི་འཛུགས་སྐྲུན་བྱེད་སྟངས་གསར་གཏོད་བྱེད་པ་དང་།    རིག་ནུས་ཅན་གྱི་མ་ལག་ཇེ་ལེགས་སུ་དང་རིམ་སྤོར་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ།    ཆ་འཕྲིན་ལག་རྩལ་བཀོལ་སྤྱོད་ཀྱི་འདེགས་སྐྱོར་ལ་ཤུགས་སྣོན་བྱེད་པ།    མ་ལག་རྒྱུན་གཏན་ཅན་གྱི་འཁོར་སྐྱོད་ཕན་འབྲས་ཆེ་རུ་གཏོང་བ།    འགག་རྩའི་ལག་རྩལ་སྒྲིག་ཆས་ཞིབ་འཇུག་གསར་སྤེལ་དང་བཀོལ་སྤྱོད་ལ་ཤུགས་སྣོན་བྱེད་པ།    ཚད་གཞིའི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ།    སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ།    ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བྱེད་པ།    ལས་འགན་ལག་བསྟར་དང་སྒྲིག་འཛུགས་མཐུན་སྦྱོར་ལ་ཤུགས་སྣོན་བྱེད་པ་སོགས་ཀྱི་ཐད་ནས་འགོ་བཙུགས་ཏེ། མཚོ་སྔོན་གྱི་རྡོ་སོལ་གཏེར་ཁ་རིག་ནུས་ཅན་གྱི་འཛུགས་སྐྲུན་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱེད་དགོས་པའི་ནན་བཤད་བྱས།    

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།