ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་སྲུང་རགས་སྲ་བརྟན་དང་། གཟབ་ནན་གྱི་བྱེད་ཕྱོགས་དང་བྱེད་ཐབས། ཁ་དབུགས་དུས་ཡུན་རིང་བོར་རྒྱུན་བསྐྱང་ཆེད། མཚོ་སྔོན་ཞིང་ཆེན་སྒྲིག་བཤེར་གྱིས་ཟླ་རེར་སྤྱི་ཚོགས་ཡོངས་ལ་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་ཐག་གཅོད་བྱས་ཚུལ་ཁྱབ་སྒྲོག་བྱ་རྒྱུ་ཐག་བཅད། འདིར་ཞིང་ཆེན་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་ཐེར་འདོན་བྱས་ཚུལ་གཤམ་གསལ།
ཟླ9བར་ཞིང་ཆེན་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན78ཐག་གཅོད་བྱས་ཤིང་། མི132ལ་སྐྱོན་ཆ་ཡོ་བསྲང་བསླབ་བྱ་བཏང་གནད་དོན་ཐག་གཅོད་བྱས། ཏང་སྒྲིག་སྲིད་དོན་དང་འགལ་བའི་མི63ལ་ཆད་པ་བཅད། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན60ཐག་གཅོད་དང་། མི108ལ་ཡོ་བསྲང་བསླབ་འདོམས་བྱས། ཏང་སྒྲིག་སྲིད་དོན་དང་འགལ་བའི་མི43ལ་ཆད་པ་བཅད། སྐྱིད་འདོད་རིང་ལུགས་དང་བག་མེད་ཆད་ཟོས་ཀྱི་བྱ་སྤྱོད་རིགས18ཐག་གཅོད་བྱས་ཤིང་། མི14ལ་སྐྱོན་ཆ་ཡོ་བསྲང་གི་བསླབ་བྱ་བཏང་ནས་གནད་དོན་ཐག་གཅོད་བྱས་པ་དང་། ཏང་སྒྲིག་སྲིད་དོན་དང་འགལ་བའི་མི20ལ་ཆད་པ་བཅད།
ཟླ1པོ་ནས9པའི་བར་དུ། ཞིང་ཆེན་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན266ཐག་གཅོད་བྱས་ཤིང་། མི547ལ་སྐྱོན་ཆ་ཡོ་བསྲང་གི་བསླབ་བྱ་བཏང་ནས་ཐག་བཅད། ཏང་སྒྲིག་སྲིད་དོན་དང་འགལ་བའི་མི268ལ་ཆད་པ་བཅད། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན149ཐག་བཅད། མི284ལ་སྐྱོན་ཆ་ཡོ་བསྲང་གི་བསླབ་བྱ་བཏང་ནས་ཐག་བཅད། ཏང་སྒྲིག་སྲིད་དོན་དང་འགལ་བའི་མི110ལ་ཆད་པ་བཅད། སྐྱིད་འདོད་རིང་ལུགས་དང་བག་མེད་ཆུད་ཟོས་ཀྱི་བྱ་སྤྱོད་ཅན117ཐག་བཅད་པ་དང་། མི263ལ་སྐྱོན་ཆ་ཡོ་བསྲང་གི་བསླབ་བྱ་བཏང་ནས་ཐག་བཅད། ཏང་སྒྲིག་སྲིད་དོན་དང་འགལ་བའི་མི158ལ་ཆད་པ་བཅད།
གནད་དོན་ཐག་གཅོད་ཀྱི་རིགས་ལ་གཞིགས་ན། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་ཁྲོད། ལས་འགན་འཁུར་འཁྱེར་གྱི་སྒོ་ནས་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཞབས་ཞུ་བསྒྲུབ་པའི་ཕྱོགས་ནས་འགན་མི་འཁུར་ཞིང་། ལས་ཀ་མི་བསྒྲུབ་པ། བྱ་སྤྱོད་མི་ལེགས་པ། ལས་ཀ་སྒྲུལ་ཁུལ་བྱེད་པ་སོགས་སྤུས་ལེགས་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་པའི་གནད་དོན་འབུར་ཐོན་རེད། སྐྱིད་འདོད་རིང་ལུགས་དང་བག་མེད་ཆུད་ཟོས་ཀྱི་བྱ་སྤྱོད་ཁྲོད་གསུག་དངུལ་དང་ལག་རྟགས་གཞན་དག་ལེན་པའི་གནད་དོན་འབུར་ཐོན་རེད།
རིམ་ཁག་སྒྲིག་བཤེར་ལྟ་ཞིང་ལུས་ཁུངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱ་བའི་མ་མཐའི་ཚད་ཐིག་འཐུས་ཤོར་མེད་པ་བྱས་ཏེ། སྒྲིག་འགལ་ཟ་འཐུང་དང་གསུག་དངུལ་ལག་རྟགས་ལེན་པར་ཆེད་དོན་དག་ཐེར་བྱས་ཤིང་། ལས་བྱེད་མང་ཚོགས་ཁྲོད་རྒྱུགས་ཆེ་བའི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ཆེད་དོན་རྡུང་རྡེག་དང་བཅོས་སྐྱོང་ནན་མོ་བྱས་པ་དང་། སྐྱིད་འདོད་རིང་ལུགས་དང་བག་མེད་ཆུད་ཟོས་ཀྱི་བྱ་སྤྱོད་འཁྲེགས་འཛིན་གྱི་རིགས་ཐོན་པ་དག་དམིགས་སུ་བཟུང་ནས་རྡུང་རྡེག་ཚ་ནན་བཏང་སྟེ། རུལ་སུངས་བྱ་སྤྱོད་མཉམ་བཤེར་མཉམ་བཅོས་ཀྱི་ལས་ཀའི་ལམ་ལུགས་འཐུས་ཚང་བཟོས་ནས“སྤྱོད་ངན་བཞི”ཡི་གནད་དོན་ཡང་ཡང་འབྱུང་བར་མཐའ་གཅིག་ཏུ་བཀག་འགོག་བྱས། “སྤྱོད་ངན་བཞི”ཡི་འབྱུང་གཞི་དང་ཆ་རྐྱེན་རྩ་གཏོར་དུ་གཏོང་བར་ནུས་ཤུགས་བཏོན་ཏེ། “སྤྱོད་ངན་བཞི”ཞིབ་བཤེར་ཐག་གཅོད་བྱ་བ་དེ་བཅོས་སྒྱུར་ཟབ་སྤེལ་དང་། ལམ་ལུགས་འཐུས་ཚང་བཟོ་བ། བཅོས་སྐྱོང་རྟེན་ཅིང་འབྲེལ་བ་བཅས་ལསྐུལ་འདེད་དང་། ལམ་ལུགས་ཀྱི་གཟེབ་ཚགས་དམ་པོར་བསླས་ནས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་སྲུང་རགས་མཐའ་གཅིག་ཏུ་བརྟན་པོ་བཟོས།