མཚོ་སྔོན་གྱིས་དབང་པོ་སྐྱོན་ཅན་གྱི་ཕན་བདེའི་ཞབས་ཞུའི་འགན་ལེན་ཆུ་ཚད་མགྱོགས་མྱུར་ཇེ་མཐོར་བཏང་བ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།    ཞིང་ཆེན་དམངས་སྲིད་ཐིང་གི་ཉེ་ཆར་དབང་པོ་སྐྱོན་ཅན་གྱི་འགན་ལེན་དང་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏང་རྒྱུའི་སྐོར་གྱི་སྙན་ཞུ་གསར་ཤོས་ལས་མངོན་པར་གཞིགས་ན།     མཚོ་སྔོན་གྱིས“ཁ་གསབ་སྲིད་ཇུས་ཁག་གཉིས་ཀྱི་ཁ་གསབ་ཆ་ཤས་དང་།    སྡེ་ཁུལ་གྱི་བོགས་གཏོང་ཞབས་ཞུ་ཆ་ཤས་རོགས་སྐྱོར།    གནད་འཁེལ་མཉམ་འདྲེས་བྱ་སྤྱོད’ཆ་ཤས་སུ་ཁྱབ་པ།    ཆ་ཤས་ལ་གཅིག་སྡུད་ལྟ་སྐྱོང་ཞབས་ཞུ་མཐའ་སྐྱོང་།    སྤྱི་ཕན་དགེ་སྒྲུབ་རྣམ་གྲངས་ཀྱི་ཁ་གསབ་ཆ་ཤས་བཅས་ཀྱི”བྱེད་སྟངས་སྤྱད་དེ་རྒྱ་ཆེའི་དབང་པོ་སྐྱོན་ཅན་གྱི་ཐོབ་ཚོར་དང་།    བདེ་སྐྱིད་ཚོར་སེམས།    བདེ་འཇགས་ཚོར་སེམས་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན།     

མཚོ་སྔོན་གྱིས་དབང་པོ་སྐྱོན་ཅན་གྱི་ཁ་གསབ་ཁག་གཉིས་སྤྲོད་པའི་སྟབས་བསྟུན་བསྐྱར་ཞིབ་ལམ་སྲོལ་དང་དབང་པོ་སྐྱོན་ཅན་གྱི་ཁ་གསབ་སྲིད་ཇུས་ཁག་གཉིས་ལག་བསྟར་བྱ་ཚུལ་གྱི་ཟླ་རེའི་སྙན་ཞུའི་ལམ་ལུགས་བཙུགས་ནས་ཁ་གསབ་སྤྲོད་རྒྱུ་གནད་ལ་འཁེལ་བ་དང་དུས་ཐོག་ཏུ་འགན་ལེན་བྱས་ཏེ། ལོ་རེར་ཆ་སྙོམས་དབང་པོ་སྐྱོན་ཅན་ལ་ཁ་གསབ་ཁག་གཉིས་སྒོར་དུང་ཕྱུར1.5སྤྲད་པས་ཞིང་ཆེན་ཡོངས་ཀྱི་དབང་པོ་སྐྱོན་ཅན་ཁྲི10ལྷག་ལ་ཕན་པ་ཐོབ།     

ཁམས་གསོའི་གཞོགས་འདེགས་ཡོ་བྱད་ཀྱི་ཞབས་ཞུ་བྱེད་སྟངས་གསར་པ་འཚོལ་ཞིབ་ཧུར་ཐག་བྱ་དགོས།     མ་དངུལ་སྒོར་ཁྲི620བཏང་ནས་བདེ་ཐང་སླར་གསོའི་རམ་འདེགས་ཡོ་བྱད་ཀྱི་བོགས་གཏོང་རྣམ་གྲངས་ཚོད་ལྟ་བྱས་ཏེ་བོགས་གཏོང་གི་ཁྱད་ཆོས་དང་མཐུན་པའི་བདེ་ཐང་སླར་གསོའི་རམ་འདེགས་ཡོ་བྱད་ཀྱི་ཐོན་རྫས30བཏོན།     མིག་སྔར་ཞིང་ཆེན་ཡོངས་སུ་བདེ་ཐང་སླར་གསོའི་རམ་འདེགས་ཡོ་བྱད་བོགས་གཏོང་ཞབས་ཞུའི་ལྟེ་གནས་ས་ཚིགས45བསྐྲུན་པ་དེ་ཞིང་ཆེན་ཡོངས་ཀྱི་རྫོང(གྲོང་ཁྱེར་དང་ཆུས)31གི་སྡེ་ཁུལ180ལ་ཁྱབ་པ་དང་། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་ཚང་མར་ཁྱབ་ནས་མང་ཚོགས་བློ་ཡིད་ཚིམ་ཚད99%ཟིན་ཡོད།     དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་དང་གྲོང་གསེབ་དར་རྒྱས་ནུས་ལྡན་ངང་སྦྲེལ་མཐུད་བྱེད་པའི་བྱ་བ་གཙོ་བོའི་ལས་འགན་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དང་ཟུང་འབྲེལ་གྱིས་མ་དངུལ་སྒོར་ཁྲི277གྲབས་གསོག་ཧུར་ཐག་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་རིམ་པ15དང་ཞིང་ཆེན་རིམ་པའི་གྲོང་གསེབ་དར་རྒྱས་ཀྱི་གནས་གཏན་འཁེལ་གྱི་རོགས་སྐྱོར་རྫོང་10ཡི་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན3702ལ་རྐུབ་སྟེགས་འཁོར་ལོ་ཅན་དང་རྣ་རོགས་ཡོ་བྱད་སོགས་བདེ་ཐང་སླར་གསོའི་རམ་འདེགས་ཡོ་བྱད3753སྤྲད།     

“ཁམས་གཙང་མཉམ་འདྲེས་ཀྱི་ལས་འགུལ”སྤེལ་ནས།    “སྨན་བཅོས”དང་“བདེ་ཐང་”འཁོར་རྒྱུག་ཡོང་བར་བྱེད་རྒྱུ།     རྣམ་གྲངས་ལག་བསྟར་བྱས་ཚུན་ཕན་བདེའི་རྒྱན་ཤོག་གི་སྤྱི་ཕན་མ་དངུལ་སྒོར་ཁྲི་1117བཏང་ནས་ཞིང་ཆེན་དེ་ཡོངས་ཀྱི་རྫོང(གྲོང་ཁྱེར་དང་ཆུས)36ལ་མཛུབ་ཁྲིད་བྱས་ཏེ་དྲག་སྐྱེད་དང་།    སྙིང་སྟོབས།    འཕྲོད་བསྟེན་སོགས་ཞབས་ཞུའི་སྒྲིག་གཞི་དང་གནས་ཡུལ་སྤྱད་དེ“ནད་པ་དང་སྡེ་ཁུལ་དང་།    སྤྱི་ཚོགས་ལས་དོན།    སྨན་པ།    ཁྱིམ་ཚང་།    དགེ་སྒྲུབ།    ལས་ཞུགས་སོགས”ཟུང་དུ་འབྲེལ་བའི་མཉམ་འདྲེས་ཞབས་ཞུའི་རྣམ་པ་སྤྱད་དེ་རིགས་དབྱེ་དང་གོ་རིམ་ལྡན་པའི་ངང་བསམ་པའི་འགལ་རྐྱེན་གྱི་སྡེ་ཁུལ་གྱི་དྲག་སྐྱེད་ཞབས་ཞུ་སྤེལ་བས་རྫོང་རིམ་པར་ཁྱབ་ཚད80%ཟིན།     

དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་ཞབས་ཞུའི་འགན་ལེན་ཆུ་ཚད་མཐོ་རུ་གཏོང་རྒྱུ་དེ་ཤུགས་རྒྱག་སར་བྱས་ཏེ་རིམ་རྩིས་བྱས་ན་ཞིང་ཆེན་རིམ་པའི་ཕན་བདེའི་རྒྱན་ཤོག་གི་སྤྱི་ཕན་མ་དངུལ་སྒོར་ཁྲི་1200བཏང་ནས་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་ལ་གཅིག་སྡུད་ལྟ་རྟོག་གི་ཞབས་ཞུའི་ཚོད་ལྟའི་རྣམ་གྲངས་ལག་བསྟར་བྱས།     “རྐང་ལག་སྐྱོན་ཅན་གྱི་ནད་པར་གཤགས་བཅོས་དང་ལུས་གསོའི་སྨན་བཅོས”ཀྱི་ལོ་ལྔའི་འགུལ་སྐྱོད་འཆར་གཞི་ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་སྟེ་མ་དངུལ་སྒོར་ཁྲི་1200བཏང་ནས་དཀའ་ངལ་ཡོད་པའི་རྐང་ལག་སྐྱོན་ཅན་གྱི་ནད་པར་གཤགས་བཅོས་སྨན་བཅོས་དང་།    ལུས་གསོའི་སྦྱོང་བརྡར།    རྐང་ལག་བཅོས་བཟོ་ཡོ་བྱད་སྒྲིག་སྦྱོར།    གཞོགས་འདེགས་ཡོ་བྱད་བཀོད་སྒྲིག་བཅས་བྱ་རྒྱུར་རྒྱབ་སྐྱོར་བྱས་ཡོད།     ཞིང་ཆེན་ཡོངས་སུ་དགོས་མཁོ་ཡོད་པའི་ས་ཁུལ་གྱི་བསམ་པའི་འཕྲོད་བསྟེན་གྱི་ཕན་བདེའི་སྒྲིག་གཞི་སྤྱིར་ན་ཁྱོན་ཡོངས་ལ་ཁྱབ་ཐུབ་པ་བྱེད་དགོས།    

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།