གཅིག་སྒྲིལ་རྫོང་གིས་ལས་ཞུགས་བྱ་བའི་ལེའུ་ཧུར་ཐག་གིས་བྲིས་པ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

ད་ལོར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་དམངས་སྲིད་ཅུས་ཀྱིས་ཐོག་མཐའ་བར་གསུམ་དུ་ལས་ཞུགས་བྱ་བ་དེ་དམངས་འཚོ་ཇེ་ལེགས་སུ་གཏོང་བ་དང་དམངས་ཕྱུག་ལ་ཡར་སྐུལ་གཏོང་བའི་བྱ་བ་གལ་ཆེན་ཞིག་ཏུ་བརྩིས་ནས་རྒྱུན་འཁྱོངས་ལྷོད་མེད་བྱེད་པ་དང་། ཀྲུང་གོ་གློག་འཕྲིན་གྱི་ཁ་གཏད་རོགས་སྐྲུན་བྱ་བའི་ལེགས་ཆ་གཅིག་འདོམས་དང་དེར་བརྟེན་པ། མང་ཚོགས་ཀྱི་ལས་ཞུགས་དགོས་མཁོ་དང་ཁྲོམ་རའི་དགོས་མཁོར་དམ་པོར་དམིགས་པ། རང་འགུལ་སྒོས་གནོན་ཤུགས་དེ་སྒུལ་ཤུགས་སུ་བསྒྱུར་བ་བཅས་ཀྱིས་སྲིད་གཞུང་གིས་ལས་ཞུགས་ལ་ཡར་སྐུལ་གཏོང་བའི་བྱ་བའི་འགན་འཁྲི་མཐའ་གཅིག་ཏུ་ཕྲག་ཏུ་བླངས། མངག་ཐོ་རྣམ་པའི་གསོ་སྦྱོང+ལས་གནས་གཏན་འཁེལ་རྣམ་པའི་ལས་ཞུགསལག་བསྟར་བྱས་ནས་བྱ་བ་འཚོལ་མཁན་དང་མི་སྤྱོད་ལས་ཁུངས་བར་མཁོ་སྤྲོད་ཀྱི་སྟེགས་བུ་བསྐྲུན་པ་དང་རྫོང་ཡོངས་ཀྱིམངག་ཐོ་རྣམ་པའིརྩལ་ནུས་གསོ་སྦྱོང+“ཁ་ཕྱོགས་གཏན་འཁེལ་རྣམ་པའིརྩོལ་པོ་ོཕྱིར་མངག་ལ་བརྟེན་ནས་མང་ཚོགས་ལཁྱིམ་ཚང་གི་སྒོ་ཁརུ་ལས་ཞུགས་བརྟན་པོ་ཡོང་བར་ཡར་སྐུལ་གཏོང་བའི་བྱ་བར་གྲུབ་འབྲས་གསར་པ་བླངས་ཡོད།

རྫོང་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་དམངས་སྲིད་ཅུས་ཀྱིས་རང་འགུལ་སྒོས་ཀྲུང་གོ་གློག་འཕྲིན་གཅིག་སྒྲིལ་རྫོང་ཡན་ལག་ཀུང་ཟི་དང་ཀྲུང་གོ་གློག་འཕྲིན་མགོ་ལོག་ཡན་ལག་ཀུང་ཟི་གཉིས་ལ་རྒྱུན་མཐུད་དེ་འབྲེལ་གཏུག་བྱས་ནས། གཅིག་སྒྲིལ་རྫོང་གི་ཐེམ་ཐོ་ཡིན་པའི་སློབ་ཆེན་མཐར་ཕྱིན་སློབ་མ་ཁ་ཕྱོགས་གཏན་འཁེལ་དུ་སྡུད་པ་པ་དང་། དབུལ་ཐར་ཁྱིམ་ཚང་དང་ལྟ་ཞིབ་ཚད་ལེན་དུད་ཚང་། དམག་ཁུངས་ནས་ཕྱིར་ལོག་པའི་དམག་མི་སོགས་གཙོ་གནད་མི་ཚོགས་ལ་འོས་འཚམ་གྱིས་གཞོལ་བ་གཉིས་ཟུང་འབྲེལ་བྱེད་པའི་བྱ་བའི་ཁྲིད་ཕྱོགས་ལྟར།  ཀྲུང་གོ་གློག་འཕྲིན་མགོ་ལོག་ཡན་ལག་ཀུང་ཟི་རུ་གཅིག་སྒྲིལ་རྫོང་ལ་ཁ་ཕྱོགས་གཏན་འཁེལ་གྱི་ལས་ཞུགས་ལས་གནས50ཧུར་ཐག་གིས་བརྩོན་ལེན་བྱས།

རྫོང་ཡོངས་ཀྱི་རྒྱ་ཆེའི་བྱ་བ་འཚོལ་མཁན་ལ་ཁ་ཕྱོགས་ནས2024ལོའི་གཅིག་སྒྲིལ་རྫོང་གི་དབྱར་དུས་སློབ་ཆེན་མཐར་ཕྱིན་སློབ་མ་དང་ཀྲུང་གོ་གློག་འཕྲིན་ཁ་གཏད་རོགས་སྐྱོར་གྱི་ཆེད་དོན་ལས་མི་བསྡུ་བའི་ཚོགས་འདུ་འཚོགས་ཏེ། ཀྲུང་གོ་གློག་འཕྲིན་མགོ་ལོག་ཡན་ལག་ཀུང་ཟི་དང་རྫོང་ནང་ཁུལ་གྱི་འབྲེལ་ཡོད་ཁེ་ལས་ཀྱིས་ལས་ཞུགས་ལས་གནས500ལྷག་མཁོ་འདོན་བྱས་པ་དང་། དེར་རྫོང་ཡོངས་ཀྱི་ལས་ཀར་ཞུགས་མེད་པའི་སློབ་ཆེན་མཐར་ཕྱིན་སློབ་མ་དང་གྲོང་རྡལ་གྲོང་གསེབ་ཀྱི་ངལ་རྩོལ་ལྷག་མ་རིམ་བསགས་ཀྱིས་མི350ལྷག་ཞུགས། ལས་ཞུགས་ཀྱི་བསམ་ཕྱོགས་ཡོད་པའི་དྲ་ཐོག་ཐད་གཏོང་དུ་ཞུགས་མཁན་མི་ཁྲི1.2ལྷག་ཡོད་པ་དང་ལས་ཞུགས་སྲིད་ཇུས་དང་ལས་གནས་ཀྱི་ཆ་འཕྲིན་བློ་འདྲི་མཁན་མི200ལྷག་ཡོད། དུས་ཐོག་ཏུ་དྲ་ཐོག་དང་ཡུལ་དངོས་ནས་བྱ་བ་འཚོལ་འདོད་ཡོད་མཁན་གྱི་མི100ལྷག་ཐོ་འགོད་བྱས། དེ་དང་ཆབས་ཅིག་ལས་མི་བསྡུ་བའི་ཡུལ་དངོས་སུ་བཟོ་ཚོགས་དང་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་ཀྱི་སྲིད་ཇུས་དྲིལ་བསྒྲགས་ཁུལ་བཙུགས་ནས་ཁེ་ལས་དང་བྱ་བ་འཚོལ་མཁན་ལ་སྲིད་ཇུས་ཀྱི་ཞབས་འདེགས་ཞུས།

ཆེད་དོན་ལས་མི་བསྡུ་བའི་རྗེས་མཐུད་ཞབས་ཞུའི་འགན་ལེན་བྱ་བའི་བརྒྱུད་རིམ་ཇུས་འགོད་གཏིང་ཟབ་བྱས་ཏེ། མིང་ཐོ་འགོད་པའི་ཞིབ་བཤེར་གཏན་འབེབས་དང་ཡིག་རྒྱུགས། ཁ་རྒྱུགས།  ལས་གནས་སྙོམ་སྒྲིག བསྡུ་སྤྱོད་ཡོངས་བསྒྲགས་སོགས་གོ་རིམ་སོ་སོའི་བྱ་བ་སྔར་ལས་ཞིབ་ཚགས་སུ་བཏང་ནས་ཆེད་དོན་ལས་མི་བསྡུ་བའི་བྱ་བ་གཟབ་ནན་ཚད་ལྡན་དང་དྲང་སྙོམས་དྲང་གཞག་ཡོང་བའི་འགན་ལེན་བྱས། ལས་གནས་གཏན་འཁེལ+གསོ་སྦྱོང+ལས་ཞུགསབཅས་གཞི་གཅིག་ཅན་གྱི་དཔེ་དབྱིབས་ལ་བརྟེན་ནས་མི50བདེ་བླག་ངང་ལས་ཞུགས་བྱེད་ཐུབ་པར་མངོན་འགྱུར་བྱུང་། དེའི་ནང་སློབ་ཆེན་མཐར་ཕྱིན་སློབ་མ23དང་སྦྲང་ཆར་འཆར་གཞིའི་ཕན་ཐོབ་མཁན་མི8ཡོད། མངག་ཐོ་རྣམ་པའི་གསོ་སྦྱོང་གི་བླང་བྱ་གཞིར་བཟུང་སྟེ་གསོ་སྦྱོང་འཆར་གཞི་དང་སློབ་ཚན་མ་ལག་བཟོ་བ་འཐུས་སྒོ་ཇེ་ཚང་དུ་བཏང་ནས། འབྲེལ་ཡོད་མི་སྣ་གཅིག་སྡུད་ཀྱིས་རྩ་འཛུགས་བྱས་ཏེ། སི་ཁྲོན་ཡིག་ཟམ་གློག་འཕྲིན་ལས་རིགས་ལག་རྩལ་སློབ་གླིང་དུ་སྒྲིག་སྦྱོར་བཟོ་བཀོད་པ་དང་ཕྱིར་ཚོང་ལས་གཉེར་པའི་ལས་གནས་ཀྱི་ལས་ཞུགས་མ་བྱས་གོང་གི་རྩལ་ནུས་གསོ་སྦྱོང་བྱས།

ལས་ཞུགས་ཀྱི་ཐབས་ལམ་ཧུར་ཐག་གིས་རྒྱ་ཆེར་གཏོང་བ་དང་རང་འགུལ་སྒོས་ཁེ་ལས་ཀྱི་དགོས་མཁོ་དང་སྦྲེལ་མཐུད་བྱས་ཏེ། ཀྲུང་གོ་གློག་འཕྲིན་གྱི་ཁ་གཏད་རོགས་སྐྲུན་བྱ་བའི་ལེགས་ཆར་བརྟེན་ནས་ལས་གནས་ཐོན་ཁུངས་དང་ངལ་རྩོལ་ནུས་ཤུགས་ནུས་ལྡན་གྱིས་སྙོམས་སྒྲིག་བྱས། ལས་ཞུགས་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་སྟེ་ལས་རིགས་མཛུབ་སྟོན་ནས་རྩལ་ནུས་གསོ་སྦྱོང་བར་དང་། ལས་གནས་འོས་སྦྱོར་ནས་རྗེས་འདེད་ཞབས་ཞུའི་བར་ཕྱོགས་ཡོངས་དང་རིམ་པ་མང་པོའི་སྒོ་ནས་ཞབས་ཞུ་ལེགས་པོ་མཁོ་འདོན་བྱས། ལས་ཞུགས་དྲིལ་སྒྲོག་བྱ་འགུལ་སྣ་མང་སྤེལ་ནས་ལས་ཞུགས་སྲིད་ཇུས་ཀྱི་ཤེས་རྟོགས་དང་ཤུགས་རྐྱེན་ཐེབས་ཤུགས་ཇེ་ཆེར་བཏང་སྟེ་སྤྱི་ཚོགས་ཡོངས་ནས་ལས་ཞུགས་ལ་དོ་ཁུར་དང་རྒྱབ་སྐྱོར་བྱེད་པའི་རྣམ་པ་བཟང་པོ་ཞིག་བསྐྲུན།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།