མཚོ་ཤར་གྱིས“རིག་གནས་ཡུལ་སྐོར་མཉམ་འདྲེས+”ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་རིས་ལྗོངས་གསར་པ་བཞེངས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ཁོན་ཐར་འཚོས་བསྒྱུར།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།ཟླ10ཚེས4ཉིན། གསར་འགོད་པས་མཚོ་ཤར་གྲོང་ཁྱེར་རིག་གནས་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ནས་ཤེས་གསལ་ལྟར་ན།ད་ལོ་ནས་བཟུང་མཚོ་ཤར་གྲོང་ཁྱེར་གྱིས་རིག་གནས་རྣམ་ཤེས་དང་།  ཡུལ་སྐོར་ལུས་རྟེན། ལུས་རྩལ་ལོངས་སྤྱོད་དུ་བྱས་ཏེ།  བསམ་བློ“མཉམ་བསྐྱེད”རིག་གནས“མཉམ་འདྲེས”།  འབྲེལ་འདྲིས“འཆམ་པ”།  འཕེལ་རྒྱས“མཉམ་སྤེལ”བཅས་ཀྱི“རིག་གནས་ཡུལ་སྐོར་མཉམ་འདྲེས+མི་རིགས་མཐུན་སྒྲིལ”གྱི་ཁྱད་ལྡན་གོང་སྤེལ་གྱི་ལམ་བུ་གྲུབ་ནས་མི་རིགས་ཁག་གི་མང་ཚོགས་བར་བརྗེ་རེས་དང་མཉམ་སྤེལ་མཉམ་ཕྱུག་ཡོང་བར་སྐུལ་འདེད་བཏང་།

ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བསྐྱེད་ཆེད། མཐོ་ཤར་གྲོང་ཁྱེར་གྱིས་མ་དངུལ་བཏང་སྟེ།  གཟུགས་འདས་ཤུལ་བཞག་རིག་དངོས་འགྲེམ་སྟོན་ཁང་བསྐྲུན་པ་དང་།  རིག་གནས་ཡུལ་སྐོར་གྱི་ལས་གཞི40ལག་བསྟར་བྱས། མ་དངུལ་ཁྱོན་སྡོམ་དུང་ཕྱུར1.81བཏང་སྟེ།  གཞི་རིམ་རིག་གནས་དཔེ་སྟོན་བྱེད་ས102དང་།  ལོ་རྒྱུས་རིག་གནས་གྲོང་གསེབ24། གཟུགས་འདས་ཤུལ་བཞག་གི་བཟོ་ཁང21བཅས་བསྐྲུན་པ་དང་།  མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ཀྱི་གཡུལ་ས་གལ་ཆེན་ཡིན་པའི་ཆ་ནས་མཚོ་སྔོན་ཞིང་ཆེན་དར་གོས་ཚོང་ལམ་གྱི་ལ་གཞས་སྒྱུ་རྩལ་དུས་ཆེན་དང་།   རྨ་ཙོང་རིག་གནས་སྒྱུ་རྩལ་དུས་ཆེན།   མཚོ་སྔོན་གྱི་ལོ་སྟེ། ཆེས་མཛེས་པའི་མཚོ་ཤར།  སེང་འབྲུག་སྟོང་གི་ལོ་གསར་བསུ་ཞེས་པའི་ཧྲེ་ཧུའུ་འཁྲབ་སྟོན་ལ་སོགས་རིག་གནས་བྱེད་སྒོ་ཆེ་གྲས་སྤེལ་ནས་མི་རིགས་རིག་གནས་མཉམ་འདྲེས་ལ་གསལ་འགྲེལ་བརྒྱབ།  

 རིག་གནས་དམངས་ཕན་ལས་གཞི་ལག་བསྟར་ལ་བརྒྱུད་དེ།  སྤུས་ལེགས་པའི་རིག་གནས་ཐོན་ཁུངས700གཞི་རིམ་དུ་སྐྱེལ་ནས་རྨ་ཙོང་རིག་གནས་དངོས་མང་བཤམས་སྟོན་ཁང་དང་། ལིའུ་ཝན་ཚོན་རྫ་རིག་དངོས་བཤམས་སྟོན་ཁང་།  རྡོ་རྗེ་འཆང་དགོན།   བླ་ཚང་གི་གནའ་ཤུལ་སོགས་ཀྱི་གཡུལ་སའི་ནུས་པ་བཏོན་པ་དང་།  མི་རིགས་ཁག་གི་མཐུན་སྒྲིལ་འབད་བརྩོན་དང་། མཉམ་དར་མཉམ་འཕེལ་གྱི་ལོ་རྒྱུས་དངོས་མངོན།       ལུས་རྩལ་

མི་རིགས་མཐུན་སྒྲིལ་གྱི་འབྲེལ་ཟམ་གལ་ཆེན་དུ་བརྩིས་ཏེ།     ཡ་རྫིའི་སྤོ་ལོ་དང་།    དམར་གཙང་གི་རྐང་གྲུག        བ་ཡན་གྱི་མདའ་འཕེན་སོགས་བྱེད་སྒོ་སྤེལ་བ་བརྒྱུད།  རིག་གནས་ཡུལ་སྐོར་དང་།   གཟུགས་འདས་ཤུལ་བཞག་ངོམ་སྔོན་སོགས་བྱས་ནས་མི་རིགས་ཁག་གི་མང་ཚོགས་མི་ཐེངས་ཁྲི5གཟིགས་མོར་ཕེབས་ཡོད་པས།  མི་རིགས་ཁག་བར་གྱི་འབྲེལ་འདྲིས་སྤེལ་རེས་དང་མཉམ་སྤེལ་ལ་སྐུལ་འདེད་བཏང་།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།