ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བའི་སྐབས་འདིར། ཞིང་ཆེན་ཏང་ཨུའི་གཅིག་གྱུར་གྱི་བཀོད་སྒྲིག་གཞིར་བཟུང་ནས། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཞིབ་དཔྱོད་དཔོན་པོ་ཀྲ་ཆིན་ཅིའུ་དང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཁོངས་མི་དང་འགོ་ཁྲིད་ཀྱིས་ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ཁོངས་གཏོགས་དང་། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་ཁོངས་གཏོགས་ཀྱི་ལས་བྱེད་པ་རྒན་པ་དང་ཏང་ཡོན་རྒན་པ། གཞུང་དོན་དུ་རང་སྲོག་བློས་བཏང་བའི་ཏང་ཡོན་ལས་བྱེད་པའི་ཁྱིམ་མི། གཞུང་དོན་དུ་རང་སྲོག་བློས་བཏང་བའི་ཁྲིམས་དཔོན་གྱི་གཉེན་ཉེ། གཟི་བརྗིད་མཚན་སྙན་དང་གཟེངས་བསྟོད་ཐོབ་པའི་ཕུལ་བྱུང་ཏང་ཡོན་དང་དཀའ་ངལ་ཡོད་པའི་ཏང་ཡོན་རྒན་པ་བཅས་ལ་འཚམས་འདྲི་བྱས་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་དང་ཁྲིམས་ཁང་ཁོངས་གཏོགས་ཀྱི་ལས་བྱེད་པ་རྒན་པ་དང་ཏང་ཡོན་རྒན་པ། སྔོན་གཤེགས་དཔའ་བོ། གཞུང་དོན་དུ་རང་སྲོག་བློས་བཏང་བའི་ལས་བྱེད་ཉེན་རྟོག་པ་དང་ཁྲིམས་དཔོན་གྱི་ཁྱིམ་མི། ཕུལ་བྱུང་གུང་ཁྲན་ཏང་ཡོན་བཅས་ལ་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་བྱས།
འཚམས་འདྲིར་སྐྱོད་པའི་སྐབས་སུ། ཞིང་ཆེན་ཞིབ་དཔྱོད་ཁང་དང་ཞིང་ཆེན་མཐོ་རིམ་ཁྲིམས་ཁང་གི་འགོ་ཁྲིད་པ་ས་གང་ལ་ཐོན་ནའང་ཁྱིམ་དོན་གླེང་བ་དང་བདེ་སྡུག་དྲིས་ཏེ། ཁོ་ཚོའི་འཚོ་བའི་གནས་ཚུལ་དང་ལུས་ཕུང་གི་གནས་ཚུལ། དོན་དངོས་ཀྱི་དགོས་མཁོ་བཅས་ལ་རྒྱུས་ལོན་ཞིབ་ཕྲ་བྱས་པ་དང་། བསམ་འཆར་དང་གྲོས་འགོ་ལ་ནན་ཏན་སྒོས་ཉན་ཞིང་། དུས་རབས་ཀྱི་འཕོ་འགྱུར་མཉམ་དུ་ཤེས་རྟོགས་ཡོང་བར་བྱས་ཏེ། མཛེས་སྡུག་ལྡན་པའི་མ་འོངས་པ་ལྷུག་པོར་གླེང་། ཞིང་ཆེན་ཞིབ་དཔྱོད་ཁང་དང་ཞིང་ཆེན་མཐོ་རིམ་ཁྲིམས་ཁང་གི་འགོ་ཁྲིད་ཀྱིས་བསྟན་དོན། སེམས་ནུས་ཡོད་རྒུས་ལས་བྱེད་པ་རྒན་པ་དང་། ཏང་ཡོན་རྒན་པ། སྔོན་གཤེགས་དཔའ་བོའི་ཁྱིམ་མི་བཅས་ལ་བྱ་བ་དངོས་སྒྲུབ་པ་དང་། བྱ་བ་བཟང་པོ་སྒྲུབ་པ། ཁོ་ཚོའི་དཀའ་གནད་སེལ་བ་བཅས་བྱས་ཏེ། ཆབ་སྲིད་ཀྱི་གཟི་བརྗིད་ལྡན་པའི་བསམ་པ་དང་། རྩ་འཛུགས་ཀྱི་ཁོངས་གཏོགས་བསམ་པ། འཚོ་བ་བདེ་སྐྱིད་ཀྱི་བསམ་པ་བཅས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས། གསར་བརྗེའི་གཏམ་རྒྱུད་དང་དཔའ་བོ་དཔེ་བཟང་གི་གཏམ་རྒྱུད་ཡག་པོར་བརྗོད་པ་དང་། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་བྱེད་ཉེན་རྟོག་པ་དང་ཁྲིམས་དཔོན་གྱིས་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱེད་པ། ཞིང་ཆེན་ཏང་ཨུས“ལས་བྱེད་པས་སྒྲུབ་གོས། རིགས་ལམ་གསལ་དགོས། རང་གཅུན་ནན་དགོས”པའི་བླང་བྱ་རང་རྟོགས་སྒོས་ལག་བསྟར་བྱེད་པ་དང་། ལྷག་བསམ་ཟོལ་མེད་ངང་ཡོད་ཚད་འབུལ་བ་དང་འགན་འཁུར་ཕོད་པར་བྱས་ཏེ། མཚོ་སྔོན་གྱི་ཞིབ་དཔྱོད་བྱ་བ་དང་ཁྲིམས་ཁང་གི་བྱ་བ་དེང་རབས་ཅན་དུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་རྩོམ་པའི་ཁྲོད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།