“མཚོ་སྔོན་པོ་དྲ་བ”རྟགས་མའི་དྲ་ལམ་སྒྱུར་རྩོམ་འགྲན་སྡུར་སྐབས་དང་པོ་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ།

ཡོང་ཁུངས། མཚོ་ལྷོ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར75ལོན་པར་རྟེན་འབྲེལ་ཞུ་བ་དང་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་སྔར་བས་དར་སྤེལ་གཏོང་བ། རྒྱལ་ཁབ་ཀྱི་མོས་སེམས་དང་མི་རིགས་ཀྱི་སྤོབས་སེམས་ཆེ་རུ་གཏོང་བ། དེ་བཞིན་དུ་མི་རིགས་ཁག་དབར་གྱི་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྱེད་ཆེད་ངེད་མཚོ་སྔོན་པོ་དྲ་བསདྲ་ལམ་སྒྱུར་རྩོམ་འགྲན་སྡུརགྱི་བྱེད་སྒོ་འདི་འདྲ་ཞིག་གཉེར་བ་ཡིན། ཐེངས་འདིའི་བྱ་འགུལ་གྱི་དམིགས་ཡུལ་ནི་ལོ་ཙཱའི་ཟམ་པ་འདི་བརྒྱུད་ནས་ལོ་རྒྱུས་དང་དེང་རབས་ཟུང་འབྲེལ་བྱས་ཏེ། རིག་གནས་རྒྱུན་འཛིན་དང་གསར་གཏོད་ལ་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་རྒྱུ་མང་གཞི་གཅིག་གི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱ་རྒྱུ་དེ་ཡིན།

དང་པོ། འགྲན་སྡུར་གྱི་བརྗོད་གཞི།

ལོ་ཙཱའི་སྟོབསཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྱེད་པ།

གཉིས་པ། རྩ་འཛུགས་ལས་ཁུངས།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས།

གསུམ་པ། འགྲན་སྡུར་དུས་ཚོད།

སྤྱི་ལོ2024ལོའི་ཟླ8ཚེས20ཉིན་ནས་ཟླ10ཚེས30བར།

བཞི་པ། རྩོམ་བསྡུའི་བླང་བྱ།

1.འགྲན་ཞུགས་པའི་ཁྱབ་ཁོངས་ལ། སྐད་གཉིས་ལོ་ཙཱར་མོས་པ་ཡོད་མཁན་ཚང་མ་ཞུགས་ཆོག

2.གཙོ་སྒྲུབ་ལས་ཁུངས་ཀྱིས་གཏན་འབེབས་གནང་བའི་བསྒྱུར་བྱའི་རྩོམ་ཡིག་གསུམ(སྒྲུང་ཐུང་གཅིག་དང་ལྷུག་རྩོམ་གཅིག སྙན་ངག་གཅིག མ་ཡིག་དངོས་གཤམ་གྱི་བཤེར་རིས་བརྒྱུད་ནས་གཟིགས་རོགས།)ལས་གཅིག་བདམས་ཏེ་བསྒྱུར་དགོས།(འགྲན་ཞུགས་པ་གཅིག་གིས་བསྒྱུར་བྱ་གཅིག་མ་གཏོགས་བདམས་མི་ཆོག)

3.འགྲན་ཞུགས་བརྩམས་ཆོས་ལ་མི་གཞན་གྱིས་བསྒྱུར་ཟིན་པའི་བརྩམས་ཆོས་རྐུ་བཤུ་དང་། མི་གཞན་གྱིས་ཚབ་སྒྱུར་བྱས་མི་ཆོག གལ་སྲིད་ཤེས་རྟོགས་བྱུང་ཚེ་འགྲན་སྡུར་གྱི་ཐོབ་ཐང་མེད་པར་བཟོ་ངེས་ཡིན།

4.ཟླ11པའི་ཟླ་སྟོད་དུ་ཆེད་ལས་དཔྱད་འདེམས་མི་སྣ་རྩ་འཛུགས་བྱས་ཏེ་འགྲན་ཞུགས་བརྩམས་ཆོས་དག་ལས་བརྩམས་ཆོས་གསལ་འདེམས་བྱས་ཏེ་བྱ་དགའ་ཐོབ་པའི་བརྩམས་ཆོས་དག་མཚོ་སྔོན་པོ་དྲ་བ་དང་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱི་གཞུང་ཕྱོགས་སྐད་འཕྲིན་སྤྱི་སྟེགས་བརྒྱུད་མཇུག་འབྲས་ཁྱབ་བསྒྲགས་བྱ་རྒྱུ།

ལྔ་པ། བྱ་དགའི་རྣམ་གྲངས།

ཨང་དང་པོ་གཅིག མཚན་སྙན་དཔང་ཡིག་དང་། བྱ་དགའི་དངུལ་སྒོར3000བཅས་གནང་རྒྱུ་ཡིན།

བྱ་དགའ་ཨང་གཉིས་པ་གཉིས། མཚན་སྙན་དཔང་ཡིག་དང་། བྱ་དགའི་དངུལ་སྒོར2000རེ་བཅས་གནང་རྒྱུ་ཡིན།

བྱ་དགའ་ཨང་གསུམ་པ་གསུམ། མཚན་སྙན་དཔང་ཡིག་དང་། བྱ་དགའི་དངུལ་སྒོར1000རེ་བཅས་གནང་རྒྱུ་ཡིན།

ཕུལ་བྱུང་བྱ་དགའ་ལྔ། མཚན་སྙན་དཔང་ཡིག་རེ་གནང་རྒྱུ་ཡིན།

དྲུག་པ། སྒྱུར་རྩོམ་སྐུར་ཡུལ།

བརྩམས་ཆོས་ཡོངས་གློག་རྡུལ་རྩོམ་ཡིག་གི་ལམ་ནས་སྐུར་དགོས་ཤིང་། བསྐུར་དུས་ངེས་པར་དུpdfདངwordགཉིས་ཀ་ཡོད་དགོས། ཡིག་སྒམ་གྱི་བརྗོད་བྱང་དུདྲ་ལམ་སྒྱུར་རྩོམ་འགྲན་སྡུརཞེས་གསལ་འགོད་བྱེད་དགོས་པ་མ་ཟད། རྩོམ་གྱི་མཇུག་ཏུ་སྒྱུར་མཁན་གྱི་མིང་དང་ཐོབ་ཐང་ལག་ཁྱེར་ཨང་གྲངས། ཁ་པར་ཨང་གྲངས། སྡོད་གནས། རང་ཉིད་ངོ་སྤྲོད་ཐུང་ངུ་ཞིག་བཅས་བསྐུར་དགོས། འབྱོར་བའི་རྩོམ་ཡིག་གཅིག་ཀྱང་ཕྱིར་མི་སློག་པས། རང་ཉིད་ནས་མ་ཡིག་གཅིག་ཉར་འཇོག་གནང་རོགས།

འབྲེལ་གཏུག་ཁ་པར། 

0974-8512858 18689185044

ཡིག་སྒམ། 

amdotibet@126.com   

hqdj123@163.com

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས།

སྤྱི་ལོ2024ལོའི་ཟླ8ཚེས20ཉིན།

ཟུར་བཀོད།

བསྒྱུར་བྱའི་རྩོམ་ཡིག

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།