པདྨ་རྫོང་གིས་ཟས་རིགས་བདེ་འཇགས་དོ་དམ་ལ་ཤུགས་བསྣན་ཏེ“ལྕེ་རྩེའི་བདེ་འཇགས”བསྲུངས་པ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

ད་ལོ་ནས་བཟུང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་གིས“གཟབ་ནན་བཞི”ཡི་བླང་བྱ་ནན་ཏན་གྱིས་དོན་འཁྱོལ་བྱས་ཏེ།“མི་དམངས་བླ་ན་མེད་པ”དངོས་གནས་ལག་ཏུ་བསྟར་བ་དང་། ཟས་རིགས་བདེ་འཇགས་ཀྱི“འགན་འཁྲི་གཉིས”དོན་འཁྱོལ་བྱ་རྒྱུ་དེ་དམངས་འཚོའི་བྱ་བ་དངོས་ཀྱི་བྱེད་ཐབས་གལ་ཆེན་དུ་བརྩི་བ་རྒྱུན་འཁྱོངས་བྱེད་པ། དཀའ་གནད་སེལ་བ། བཀྲག་མདངས་འཚེར་ས་བསྐྲུན་པ་བཅས་ལ་གཅིག་གྱུར་འཆར་འགོད་བྱེད་པ། ཟས་རིགས་བདེ་འཇགས་ཀྱི་ཉེན་ཁ་སྔོན་འགོག་ནན་མོ་དང་དོ་དམ་ནན་མོ། ཚོད་འཛིན་ནན་མོ་བཅས་བྱས་ནས་ཟས་རིགས་བདེ་འཇགས་བཅོས་སྐྱོང་ནུས་པ་དང་འགན་ལེན་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། ཟས་རིགས་བདེ་འཇགས་ཀྱི“འགོག་སྲུང་དྲ་བ”ཕྱོགས་ཡོངས་ནས་བརྟན་པོ་འཛུགས་པ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི“ལྕེ་རྩེའི་བདེ་འཇགས”ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱས།  

མཐོ་ས་ནས་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་ཏེ་ཟས་རིགས་བདེ་འཇགས་ཀྱི“སྣེ་ཁྲིད་ནུས་པ”ནུས་ལྡན་ངང་མཐོ་རུ་བཏང་། རྫོང་ཨུ་དང་རྫོང་སྲིད་གཞུང་གིས“ཏང་སྲིད་འགན་འཁྲི་གཅིག་མཚུངས”ཀྱི་གནད་འགག་དང་སྲོག་ཤིང་ལ་གཞིགས་པ་དང་། ཟས་རིགས་བདེ་འཇགས་བྱ་བ་དེ་ཉིན་རེའི་གྲོས་རིམ་གལ་ཆེན་དང་ལོ་འཁོར་གྱི་གཙོ་གནད་བྱ་བ་བཀོད་སྒྲིག་བྱེད་པའི་ནང་བཅུག་སྟེ། མཉམ་དུ་འཆར་འགོད་དང་མཉམ་དུ་བཀོད་སྒྲིག མཉམ་དུ་སྐུལ་སྤེལ། མཉམ་དུ་དོན་འཁྱོལ་བཅས་བྱས་ཡོད། རྫོང་དང་ཞང་རིམ་པ་གཉིས་ཀྱི་འགན་ལེན་འགོ་ཁྲིད་ལས་བྱེད་པ77གྱིས“སྣེ་ཁྲིད་ཕན་འབྲས”འདོན་སྤེལ་དང་། སྣེ་ཁྲིད་དེ“ཁས་བླངས་དམ་བཅའ་ལག་བསྟར་བྱས་པ”དང་།  དུས་ཚིགས་རེར་འགན་ལེན་ལྟ་སྐུལ་མཛུབ་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱས་པས། རིམ་པ་གཅིག་གིས་རིམ་པ་གཅིག་ཁྲིད་པ་དང་རིམ་པ་སོ་སོས་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་བྱ་བའི་གནས་སྟངས་ཤིག་ཆགས་ཡོད། མིག་སྔའི་བར། ཁྱིམ་ཚང261ལ་བྱེད་པོ་རིམ་དབྱེའི་བྱ་བ་བསྒྲུབས་ཟིན་པ་དང་། འགན་ལེན་ལྟ་སྐུལ་མཛུབ་སྟོན་གྱི་བྱ་བ་ལེགས་འགྲུབ་བྱུང་ཚད100%ལ་སླེབས་ཡོད།

མ་ལག་འཛུགས་སྐྲུན་འཐུས་ཚང་དུ་བཏང་ནས་ཟས་རིགས་བདེ་འཇགས་ཀྱི“འདེགས་སྐྱོར་ནུས་པ”བརྟན་བརླིང་ངང་མཐོ་རུ་བཏང་། པདྨ་རྫོང་གི2024ལོའི་ཟས་རིགས་བདེ་འཇགས་ཀྱི་གཙོ་གནད་བྱ་བའི་བཀོད་སྒྲིགདངཔདྨ་རྫོང་གི་ཟས་རིགས་དང་སྨན་རྫས་བདེ་འཇགས་བྱ་བའི་དཔྱད་མོལ་དཔྱད་ཞིབ་བྱེད་ཐབསསོགས་འབྲེལ་ཡོད་ནང་རྐྱེན་ལམ་ལུགས་བཟོས་ནས་དཔར་འགྲེམས་བྱས་པ་དང་།“གསལ་ཐོ་གསུམ་དང་ཁས་ལེན་གཅིག”གི་ལམ་ལུགས་ཀྱི་འགན་འཁྲི་ལག་བསྟར་ནན་མོ་དང་། བཟའ་བཏུང་ཁེ་ལས་དང་སིལ་ཚོང་རིགས་ཀྱི་ཚོང་ཁང་ལ་ལྟ་སྐུལ་བྱས་ཏེ་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་མོ་བྱས་ཏེ། ཟས་རིགས་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་དང“ཉིན་རེར་དོ་དམ་ཚོད་འཛིན་དང་། གཟའ་འཁོར་རེར་གྲལ་བཤེར། ཟླ་རེར་བཀོད་གཏོང་བྱེད་པ”བཅས་ཀྱི་བྱ་བའི་ནང་རྐྱེན་མུ་མཐུད་ཇེ་ལེགས་སུ་བཏང་ཡོད། མིག་སྔའི་བར། རྫོང་ཡོངས་ཀྱིAརིམ་པའི་འགན་ལེན་བྱེད་པོའི་ཁྱིམ་ཚང2ལ་ཟས་རིགས་བདེ་འཇགས་ཀྱི་སྤྱི་ཁྱབ་ལྟ་སྐུལ་པ་དང་ཟས་རིགས་བདེ་འཇགས་པ་བཀོད་སྒྲིག་བྱས་ཡོད་ལ། འཛད་སྤྱོད་ཞུ་གཏུག་ཐེར་འདོན་གྱོད་གཞི7བདག་སྤྲོད་བྱས་ནས། དུས་བཅད་ལྟར་ཐག་གཅོད་བྱས་ཚད100%དང་། ཕྱིར་ལན་སྤྲད་པར་བློ་ཡིད་ཚིམ་ཚད100%ལ་སླེབས་ཡོད།

ལྟ་སྐུལ་དོ་དམ་གྱི་གཙོ་གནད་གཏན་འཁེལ་གསལ་པོ་བྱས་ཏེ་ཟས་རིགས་བདེ་འཇགས་ཀྱི“དོ་དམ་ཚོད་འཛིན་ནུས་པ”དངོས་གནས་མཐོ་རུ་བཏང་། ཟས་རིགས་བདེ་འཇགས་ཁྱབ་ཁོངས་ཀྱི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་བྱེད་པའི་བྱ་བ་སྣེ་ཁྲིད་དུ་བརྩི་བ་དང་། སློབ་གྲྭའི་ཟས་རིགས་བདེ་འཇགས་དང་། རོང་འབྲོག་ཁུལ་གྱི་རྫུན་ལྷད་ཞན་གསུམ་གྱི་ཐོན་རྫས་བཅོས་སྒྲིག་སོགས་ཆེད་དོན་བྱ་སྤྱོད་མང་པོ་འཛིན་ལུང་བྱེད་པ། ཟས་རིགས་བདེ་འཇགས་ལྟ་སྐུལ་འཐེན་བཤེར་དེ་ལག་རྩལ་གྱི་འདེགས་སྐྱོར་དུ་བྱེད་པ་བཅས་ཀྱིས“ཆུང་ས་ནས་ཆེ་སར་འཇུག་པ”རྒྱུན་འཁྱོངས་ཀྱིས་ཟས་རིགས་དང་སྨན་རྫས་བདེ་འཇགས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་ཁྱོན་ཡོངས་ནས་གྲལ་བཤེར་གཏིང་ཟབ་བྱས་པ་དང་། ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ནན་མོ་བཏང་ཞིང་། ཟས་རིགས་དང་སྨན་རྫས་བདེ་འཇགས་ཀྱི་ཁོར་ཡུག་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱས། མིག་སྔའི་བར་ཁྲིམས་འཛིན་མི་སྣ80ལྷག་བཏང་སྟེ། རིམ་རྩིས་བྱས་ན་ཟས་རིགས་དང་བཟའ་བཏུང་སྣ་ཚོགས་གཉེར་སྐྱོང་ཁྱིམ་ཚང470ལྷག་ལ་ཞིབ་བཤེར་བྱས་པ་དང་། གནད་དོན19དག་ཐེར་བྱས་ཡོད།

དྲིལ་སྒྲོག་གི་ཕན་ནུས་འདོན་སྤེལ་བྱས་ནས་ཟས་རིགས་བདེ་འཇགས་ཀྱི“མཉམ་བཅོས་ནུས་པ”ཅི་ནུས་ཀྱིས་མཐོ་རུ་བཏང་། “དུས་ཆེན་དང་གུང་གསེང་གལ་ཆེན”དང“བྱ་འགུལ་གལ་ཆེན”སོགས་དུས་ཚོད་དང་མཚམས་ཚིགས་ལ་དམ་པོར་དམིགས་ཏེ། དུས་ཐོག་ཏུ་ཟས་རིགས་བདེ་འཇགས་དྲིལ་སྒྲོག་བྱ་འགུལ་དང་།ཟས་རིགས་བདེ་འཇགས“སློབ་གྲྭར་སྐྱོད་པ”དང“ཁེ་ལས་སུ་སྐྱོད་པ”དང་ཉིན་རྒྱུན་ཞིབ་བཤེར་སོགས་ཀྱི་བྱ་བ་ལེསག་པར་བསྒྲུབས་པ་དང་། ཆེད་དོན་གསོ་སྦྱོང་དང་འཆད་ཁྲིད་སོགས་ཀྱི་བྱེད་ཐབས་དང་ཟུང་འབྲེལ་གྱིས་དཔེ་མཚོན་གྱོད་དཔེར་དབྱེ་ཞིབ་བྱས་ཏེ། ཟས་རིགས་བདེ་འཇགས་ཀྱི་ཉེན་ཁར་ཇི་ལྟར་དོགས་ཟོན་དང་ཇི་ལྟར་ཚོད་འཛིན་ནུས་ལྡན་བྱེད་དགོས་པའི་སྐོར་འགྲེལ་བཤད་བརྒྱབ་པ་དང་། ཁྲིམས་འཛིན་མི་སྣའི་ལྟ་སྐུལ་དོ་དམ་ནུས་པ་དང་། འགན་ལེན་ལས་བྱེད་པའི་དོ་དམ་ནུས་པ། རྫོང་ཡོངས་ཀྱི་རིམ་པ་སོ་སོའི་སློབ་གཙོ་དང་སློབ་གྲྭའི་ཟས་རིགས་བདེ་འཇགས་དོ་དམ་པའི་ཟས་རིགས་དོ་དམ་ནུས་པ་བཅས་སྔར་ལས་ཆེ་རུ་བཏང་ནས། རྫོང་ཡོངས་ཀྱི་བཟའ་བཏུང་ཁེ་ལས་དང་སིལ་ཚོང་རིགས་ཀྱི་ཚོང་ཁང་གི་ཁྲིམས་སྲུང་འདུ་ཤེས་དང་།བདེ་འཇགས་འདུ་ཤེས།རང་གཅུན་འདུ་ཤེས་བཅས་ཇེ་དྲག་ཏུ་བཏང་ཡོད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།