ད་ལོ་ནས་བཟུང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་གྱིས་ཏང་ཡོན་ལས་བྱེད་པའི་ཆབ་སྲིད་སྤུས་ཀ་དང་ཕྱོགས་བསྡུས་ནུས་པ་ཇེ་མཐོར་གཏོང་བ་གཙོ་གནད་དུ་བཟུང་བ་དང་། ཏང་ཡོན་སློབ་གསོའི་གསོ་སྦྱོང་དེ་རྨང་གཞི་རང་བཞིན་དང་རྒྱུན་ལྡན་རང་བཞིན་གྱི་བྱ་བར་བརྩི་བ། ཆབ་སྲིད་རང་བཞིན་འབུར་དུ་དོད་པ་དང་ཁ་གཏད་རང་བཞིན་ལ་དོ་སྣང་བྱེད་པ། དངོས་སྤྱོད་རང་བཞིན་བཅས་མངོན་གསལ་དུ་དོད་དེ། ཁྱོན་ཡོངས་ནས་ཏང་ཡོན་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་དངོས་འབྲས་ཇེ་མཐོར་བཏང་།
སློབ་ཁྲིད་འགན་སྲུང་ཐད་རྒྱུན་མཐུད་སྒོས་ཤུགས་བཏོན་པ། ཏང་ཡོན་སློབ་གསོ་གསོ་སྦྱོང་གི་བྱ་བ་དང་གྲོང་ཁྱེར་ཡོངས་ཀྱི་གཙོ་གནད་བྱ་བ་མཉམ་དུ་འཆར་འགོད་དང་བཀོད་སྒྲིག སྐུལ་འདེད་བཅས་བྱེད་པ་དང་། 《ཡུས་ཧྲུའུ་གྲོང་ཁྱེར་གྱི2024ལོའི་ལོ་འཁོར་མའི་ཏང་ཡོན་སློབ་གསོ་གསོ་སྦྱོང་གི་འཆར་གཞི》སྒྲིག་བཟོ་གཏན་འབེབས་བྱེད་པ། ཏང་ཡོན་སློབ་གསོ་གསོ་སྦྱོང་ཏང་འཛུགས་སྐྲུན་བྱ་བའི་འགན་འཁུར་ལམ་ལུགས་ནང་བཞག་པར་མ་ཟད། ལས་སྒོ་རྐང་འཛིན་པ12བདམས་ཞུ་བྱས་ཏེ་དགེ་རྒན་དཔུང་སྡེ་སྒྲིག་འཛུགས་བྱེད་པ། ཚད་ལྡན་ཅན་གྱི་རྒྱང་བསྟེན་སློབ་ཁྲིད་ས་ཚིགས43བསྐྲུན་ཞིང་། དུས་བཅད་ལྟར་ཏང་ཡོན་རྩ་འཛུགས་བྱས་ཤིང་གཅིག་བསྡུས་སློབ་སྦྱོང་བྱས་ཏེ། ཏང་ཡོན་སློབ་གསོའི་ཁ་གཏད་རང་བཞིན་དང་ཕན་ནུས་རང་བཞིན་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་།
སློབ་ཁྲིད་སྤུས་ཀའི་ཐད་རྒྱུན་མཐུད་ཀྱིས་ཤུགས་བཏོན་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་བྱེད་པ་དེ་སློབ་མགོ་རྩོམ་པའི“སློབ་ཁྲིད་དང་པོར”བརྩིས་པ་དང་། རིགས་སོ་སོའི་གསོ་སྦྱོང་འཛིན་གྲྭའི་གཙོ་གཞི་སློབ་ཁྲིད་ཁྲོད་བཞག་པར་མ་ཟད། “གང་ཞིག་ཆད་ན་དེ་གསབ་པ་དང་ཅི་མཁོ་ན་དེ་ཁྲིད་པའི”རྩ་དོན་ལྟར། གསོ་སྦྱོང་འཛིན་གྲྭར་ཞུགས་པའི་གཙོ་གཞི་མི་འདྲ་བར་གཞིགས་ཏེ། “སློབ་ཁྲིད་ཆ་ཚང”འོས་འཚམ་གྱིས་བསྒྲིགས་ཤིང་། ཁྱབ་ཁོངས་ཀྱི་ཚོགས་པའི་ཁྱད་ཆོས་དང་ལས་རྐང་འགན་འཁུར་ལ་དམིགས་པའི་གསོ་སྦྱོང་སྤེལ་ཏེ། གསོ་སྦྱོང་བྱ་བའི་གྲུབ་འབྲས་ཏན་ཏིག་གིས་ཇེ་མཐོར་བཏང་།
སློབ་ཁྲིད་བྱེད་སྟངས་ཐད་ལ་རྒྱུན་མཐུད་སྒོས་ཤུགས་བཏོན་པ། “དགོས་མཁོ་ལྟར་སློབ་ཁྲིད་དང་གསོ་སྦྱོང”བྱེད་པ་རྒྱུན་འཁྱོངས་དང་། “ཆེད་དོན་སློབ་ཁྲིད+ལག་ལེན+ཞིབ་འཇུག་བགྲོ་གླེང”གི་མ་དཔེ་སྤྱད་དེ། ཏང་ཡོན་ལས་བྱེད་པའི“དཀའ་ཁག”བསལ། དུས་མཚུངས་སུ་རོང་འབྲོག་པའི་ཏང་ཡོན་གྱི་དགུན་དཔྱིད་གསོ་སྦྱོང་དང་ཏང་ཡོན་ཏང་གི་སློབ་གྲྭར་བསྐྱོད་དེ་གཅིག་བསྡུས་རེས་སྐོར་གསོ་སྦྱོང་སོགས་ཀྱི་བྱ་བར་བསྟུད་མར་སྐུལ་འདེད་དང་། ཏང་ཡོན་སློབ་གསོའི་གསོ་སྦྱོང་བྱ་བའི་གཅིག་འདོམས་ལ་ཏན་ཏིག་གིས་ཤུགས་བསྣན་ཏེ། ཏང་ཡོན་སློབ་གསོ་ཁྱོན་ཡོངས་སུ་ཁེབས་པར་འགན་སྲུང་བྱས།།