ཕྱུགས་ལས་ཀྱི་ཐོན་སྐྱེད་དང་ཡོང་སྒོ་འཕར་སྣོན་འབྱུང་བར་དངོས་གནས་ཁག་ཐེག་དང་། ནོར་ནག་མགྱོགས་མྱུར་ངང་ཕྱིར་འཚོང་བྱས་ནས་རྩྭ་སའི་གནོན་ཤུགས་ཇེ་ཆུང་ལ་གཏོང་བ། མུ་མཐུད་ནས་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་འབྱུང་བའི་ཆེད་དུ། ཟླ9པའི་ཚེས12ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་ཞིང་ཕྱུགས་ཆུ་བེད་དང་ཚན་རྩལ་ཅུས་ཀྱིས་ཡར་ཐང་ཞང་དུ2024ལོའི་ནོར་ནག་སྟོང་ཕྲག་ཕྱིར་འཚོང་བྱེད་པའི་བྱ་འགུལ་སྤེལ།
བྱ་འགུལ་གྱི་སྐབས་སུ། རྫོང་ཞིང་ཕྱུགས་སྡེ་ཁག་དང་ཞང་དང་གྲོང་རྡལ་གྱི་ཞིང་ཕྱུགས་ཆེད་དོན་མི་སྣས་ཞིབ་ཕྲ་ཅན་དང“མ་མ་རྣམ་པའི”ཞབས་ཞུ་ཡིས་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་ལ་ལམ་བུ་གསར་པ་བཏོད་པ་དང་། ཐབས་ལམ་མང་པོ་དང་རིམ་པ་མང་པོ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ནོར་ནག་ཕྱིར་འཚོང་གི་བྱ་བ་སྤེལ་ལ། རོང་འབྲོག་མང་ཚོགས་ཁྲོམ་རའི་ཁོར་ཡུག་ལ་ལོབ་པར་ཁྲིད་སྟོན་དང་། སྲིད་ཇུས་ཀྱི་ཁེ་ཕན་བཟང་པོ་ཡང་དག་པར་དམ་འཛིན་དང་། “འཚོང་མི་བྲ་བའི”བསམ་བློའི་བཀག་རྒྱ་གཏོར་བ་དང་། “དགུན་སྐྱེལ་རྩིས་ཐོ”དང“དཔལ་འབྱོར་རྩིས་ཐོ”“སྐྱེ་ཁམས་རྩིས་ཐོ”བཅས་གནད་འཁེལ་ངང་རྩིས་བརྒྱབ་པ་དང་། རྫོང་ཡོངས་ཀྱི་སྟོབས་ཤུགས་གཅིག་ལ་བསྡུས་ནས་ནོར་ལུག་ཕྱིར་འཚོང་གི་གནད་འགག་གི་དུས་སྐབས་ལ་གདོང་མཆོང་བྱས་ཏེ། ཤུགས་ཆེན་པོས་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་འབྱུང་བའི་འགག་སྒྲོལ་དམག་འཐབ་ལེགས་པོར་བརྒྱབ།
ཐེངས་འདིའི་བྱ་འགུལ་བརྒྱུད་དེ། རོང་འབྲོག་མང་ཚོགས་ཀྱིས་སྟོན་ཀར་ནོར་ལུག་ཕྱིར་འཚོང་བར་སྔར་ལས་ཕྱོགས་ཡོངས་དང་། སྔར་ལས་གཏིང་ཟབ་པའི་ངེས་ཤེས་ཐོབ་པ་དང་། ཚང་མས་སྲིད་གཞུང་གི་འབོད་སྐུལ་དང་ལེན་གང་ལེགས་བྱས་ལ། ཚན་རིག་ལྟར་ཕྱིར་འཚོང་འཆར་གཞི་བཀོད་སྒྲིག་དང་། “ཚོང་བྲིན་དུས་ཚོད”དམ་འཛིན་བྱས་ནས་ཕྱིར་འཚོང་དང་། ཕྱུགས་ལས་ལ་སྤུས་འདེགས་ཕྱོད་མཐོ་དང་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་གྱི་ཕྱུག་འགྱུར་དམིགས་འབེན་ཧུར་ཐག་གིས་མངོན་འགྱུར་བྱས།
པདྨ་རྫོང་གིས་ནོར་ལུག་ཕྱིར་འཚོང་གི་བྱ་བའི་ལས་རིམ་སོ་སོ་རྒྱུན་མཐུད་ནས་ནན་འཛིན་ཞིབ་འཛིན་བྱས་པ་དང་། ཕྱོགས་ཡོངས་ནས་ཕྱུགས་ལས་འཕེལ་རྒྱས་ཀྱི་གནས་བབ་གསར་པར་དབྱེ་ཞིབ་དང་། ནོར་ལུག་ཕྱིར་འཚོང་གི་ལམ་བུ་གསར་པ་རྒྱུན་མཐུད་ནས་འཚོལ་ཞིབ་དང་། ཞིང་ཕན་ཕྱུགས་ཕན་གྱི་སྲིད་ཇུས་སྣ་ཚོགས་བེད་སྤྱོད་གང་ལེགས་བྱས་ལ། ནོར་ལུག་གཅིག་བསྡུས་ཕྱིར་འཚོང་གི་དུས་སྐབས་བཟང་པོ་དམ་འཛིན་དང་། རོང་འབྲོག་མང་ཚོགས་ཀྱིས་ཕྱུགས་ཁྱུའི་སྒྲིག་གཞི་ལེགས་སྒྲིག་ལ་ཧུར་ཐག་གིས་ཁྲིད་སྟོན་བྱས་ཏེ། ནོར་ལུག་ཕྱིར་འཚོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། ཕྱུགས་ཁྱུའི་སྒྲིག་གཞི་ལེགས་བསྒྱུར། འབྲོག་པའི་ཡོང་སྒོ་འཕར་སྣོན་སོགས་བྱ་བ་གཞི་གཅིག་ལ་སྦྲེལ་ནས། གང་མགྱོགས་སྒོས་སྔ་མོ་ནས་ཕྱིར་འཚོང་དང་། མང་པོ་ཕྱིར་འཚོང་བྱེད་པ། མགྱོགས་པོར་ཕྱིར་འཚོང་བཅས་མངོན་འགྱུར་བྱུང་ལ། ཕྱུགས་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་བཏང་། །