ཞིང་ཆེན་ཞིབ་དཔྱོད་ཁང་གིས་ལག་བསྟར་བསམ་འཆར་པར་འགྲེམས་བྱས་ནས་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་བྱེད་ཐབས་ཁག23བཏོན་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།   ཟླ9པའི་ཚེས18ཉིན།    ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས《ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་།    ཞིབ་དཔྱོད་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་བྱེད་ཐབས་ཁག་ལག་བསྟར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་བར་སྔར་བས་ཞབས་འདེགས་ཞུ་བའི་སྐོར་གྱི་ལག་བསྟར་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་ནས་ཕྱོགས་ལྔ་ནས་བྱེད་ཐབས23བཏོན་ཡོད་པ་དང་།  ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་འགན་ནུས་དང་བྱ་བའི་དོན་དངོས་དང་ཟུང་འབྲེལ་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་ལག་བསྟར་བྱ་དགོས་པ་བཀོད་སྒྲིག་ཞིབ་ཕྲ་གནང་འདུག །     

《བསམ་འཆར》ནང་གིས་བསྟན་དོན།  ཁྲིམས་སྐྱོང་སྟོབས་ཤུགས་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་བཅོས་སྒྱུར་གྱི་ཁྱོན་ཡོངས་འགན་སྲུང་ལ་ཞབས་འདེགས་ཞུ་བ་དང་། དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུས་ནས་ས་གནས་དེའི་ཁྱད་ཆོས་དང་ལེགས་ཆ་མངོན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་པར་སྐུལ་འདེད་གཏོང་དགོས།     བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི“བཅུ་ཅན་གཅིག”གི་ཞིབ་དཔྱོད་དང་འབྲེལ་བ་ཡོད་པའི་ལས་འགན་གཙོ་བོར་དམིགས་ཏེ།    རྒྱལ་ཁབ་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་ལ་ཞབས་འདེགས་དང་།    སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་བཅོས་སྒྱུར་ལ་ཞབས་འདེགས་བཅས་ཞུས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་བ་ཐོག་མཐའ་བར་གསུམ་དུ་ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་བྱ་བའི་སྔོན་སྒྲུབ་ཁ་ཕྱོགས་སུ་བརྩིས་ནས་ མཛེས་པའི་མཚོ་སྔོན་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་ཞིབ་དཔྱོད་ཇུས་གཞི་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱེད་དགོས།     དམངས་ཚིས་འགན་སྲུང་དང་ལེགས་བཅོས་ལ་ཞབས་ཞུ་དང་།    དམངས་ཀྱི་དོན་དུ་ཞིབ་དཔྱོད་ལས་དོན་ཏན་ཏིག་བསྒྲུབས་ཏེ།    རང་རྟོགས་ངང་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་ནང་ཞུགས་ཏེ་ཏང་གི་རང་ངོས་གསར་བརྗེ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏོང་བར་ཞབས་འདེགས་སྔར་ལས་ལེགས་པར་བྱ་དགོས།     

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྱོང་གི་རྣམ་པ་ཆེན་པོར་རང་རྟོགས་ངང་འདྲེས་པར་བྱེད་དགོས།     ཉེས་དོན་གྱོད་གཞི་ཐོ་འགོད་དང་།    མྱུལ་ཞིབ།    འདྲི་གཅོད།    ལག་བསྟར་སོགས་ཀྱི་ལས་རིམ་ཧྲིལ་པོར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ།     དམངས་དོན་གཏུག་བཤེར་དང་ལག་བསྟར་བྱེད་སྒོའི་བརྒྱུད་རིམ་ཡོངས་ཀྱི་ལྟ་སྐུལ་ལ་ཤུགས་བསྣན ་ནས་རྩ་ལག་མཉམ་བཅོས་ཡོང་བར་ཁག་ཐེག་དང་།    ཁྲིམས་འཛིན་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་སྲུང་སྐྱོང་བྱ་དགོས།     སྲིད་འཛིན་ཞིབ་དཔྱོད་དང་ཞིབ་དཔྱོད་མྱུལ་ཞིབ་བྱ་བའི་འགན་འཁྲི་ཚད་ལྡན་དུ་གཏོང་བར་ཤུགས་སྣོན་དང་།    སྤྱི་ཕན་གཏུག་བཤེར་གྱི་ཞིབ་དཔྱོད་བྱ་བའི་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་བ།    ཁྲིམས་བསྟར་ཁྲིམས་འཛིན་ཕན་ཚུན་གཞོགས་འདེགས་དང་ཚོད་འཛིན་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ།    ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་ལམ་སྲོལ་མཐུན་སྦྱོར་ངང་འཐུས་ཚང་དུ་གཏང་དགོས།     

ཞིབ་དཔྱོད་ལས་ཁུངས་རང་ངོས་ཀྱི་བཅོས་སྒྱུར་དང་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས།     ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་ལག་བསྟར་དང་འཐུས་ཚང་དུ་གཏོང་བ་དང་།    ཞིབ་དཔྱོད་དབང་ཆའི་བཀོལ་སྤྱོད་ལ་ཚོད་འཛིན་དང་ལྟ་སྐུལ་བྱེད་པའི་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས།     ཞིབ་དཔྱོད་ལས་སྒོའི་དོ་དམ་ལ་ཤུགས་སྣོན་དང་ལེགས་བཅོས་བྱས་ནས་ཞིབ་དཔྱོད་ལས་སྒོའི་དོ་དམ་དེང་རབས་ཅན་དུ་འགྱུར་བར་མུ་མཐུད་སྐུལ་འདེད་གཏང་དགོས།     ཞིབ་དཔྱོད་འགན་སྒྲུབ་ལྟ་སྐུལ་བྱེད་སྟངས་འཐུས་ཚང་དུ་གཏོང་བ་དང་།    བཅའ་ཁྲིམས་ལྟ་སྐུལ་གྱི་སྤུས་ཚད་དང་ཕན་ནུས་ཇེ་ཆེར་གཏོང་དགོས།     ཞིབ་ཕྲའི་གྱོད་སྒྲུབ་ཁྲོད“བྱེད་མཁས་པོ་གསུམ”ལག་བསྟར་བྱེད་པའི་བྱ་བའི་བྱེད་ཐབས་དང་གདེང་འཇོག་ལམ་སྲོལ་འཚོལ་ཞིབ་ཧུར་ཐག་དང་།    གྱོད་གཞི་ཅན་གྱི་གྱོད་སྒྲུབ་དོ་དམ་ལམ་སྲོལ་སྔར་བས་འཐུས་ཚང་།    སྐྱེ་ཁམས་ཁོར་ཡུག་གི་སྤྱི་ཕན་གཏུག་བཤེར་གྱི་སྐོར་སྐྱོད་ཞིབ་དཔྱོད་རྒྱུན་ཆད་མེད་པར་ཚད་ལྡན་བཅས་བཏང་སྟེ།    རྒྱལ་ཁབ་སྤྱི་གླིང་དོ་དམ་སྒྲིག་སྲོལ་དང་འཚམ་པའི་བཅའ་ཁྲིམས་ལྟ་སྐུལ་བྱ་བའི་ལམ་སྲོལ་འཚོལ་ཞིབ་ཧུར་ཐག་བྱས་ནས། ཁྲིམས་ལྟར་ཞིབ་དཔྱོད་བྱ་བའི་གསར་གཏོད་ལག་ལེན་ལ་སྐུལ་འདེད་གཏང་དགོས་ཞེས་བསྟན་ཡོད་དོ། །    

རྩོམ་སྒྲིག་པ། : ཁོན་ཐར་འཚོ།